གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་རྒྱལ་ཡོངས་འགྲེམས་སྟོན་ཁང་ནང་གི་ རྟའི་སྒོང་རྡོག།


༉ དུས་རབས་༡༩ པའི་ནང་ཐོབ་མི་ རྟ་གི་སྒོང་རྡོག་དེ་ སྤྱི་ལོ་༡༩༦༩ ལུ་ སྤ་རོ་རྒྱལ་ཡོངས་འགྲེམས་སྟོན་ཁང་ལུ་ འབུལ་བ་སྦེ་ ཕུར་ཡོདཔ་བཞིན་དུ་ ད་རེས་ནངས་པ་ འགྲེམས་སྟོན་ཁང་གི་ ཅ་དངོས་འགངས་ཅན་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས། ལོ་རྒྱུས་དང་འཁྲིལཝ་ད་ སྒོང་རྡོག་དེ་ བཀྲིས་གཡང་རྩེའི་ རྟ་ཅིག་ལས་ བྱུང་ཡོདཔ་སྦེ་ ཆ་བཞག་དོ་ཡོདཔ་ད་ རྒྱལ་ཡོངས་འགྲེམས་སྟོན་ཁང་གི་མདོ་ཆེན་ མཁན་པོ་ཕུན་ཚོགས་བཀྲིས་ཀྱིས་ སླབ་མིའི་ནང་ སྒོང་རྡོག་དེ་ རྟ་གིས་ ཚད་ལས་བརྒལ་བའི་ ཚྭ་བཟའ་སྤྱོད་འབད་མི་ལུ་བརྟེན་ ཕོཝ་ནང་བཞུ་བྱེད་ཀྱི་ དབང་པོ་གིས་ བཞུ་མ་ཚུགས་པའི་ རྫས་ཅིག་ལུ་ གྱུར་ཡོདཔ་ཨིན་ན་ ཡང་ཅིན་ སྲ་ཀྲག་ཐལ་ཏེ་ རྡོ་ལུ་གྱུར་གྱུརཝ་ཅིག་ འོང་ག་ཡང་ སླབ་མི་ཤེས་ཟེར་ཨིན་པས།
སྤ་རོ་ལུ་ ལྟ་བཤལ་པའི་ ས་གོ་ཡིད་འཕྲོག་ཅན་ཅིག་ཨིན་མི་ རྒྱལ་ཡོངས་འགྲེམས་སྟོན་ཁང་དེ་ ན་ཧིང་ སྤྱི་ཟླ་༩ པའི་ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་པའི་ཤུལ་ལུ་ ཉེན་སྲུང་གི་དོན་ལས་ སྒོ་བསྡམས་བཞག་ཡོདཔ་ལས་ ཉམས་གསོ་ཞུ་ཞིནམ་ལས་ སྤྱི་ལོ་༢༠༡༥ ལུ་རྐྱངམ་གཅིག་ མི་མང་ལུ་ སྒོ་ཕྱེ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment