གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གེ་ཟ་ཞིང་ཨེ་ཀར་༢༠ ལྷགཔ་ཅིག་ རླུང་འཚུབས་ཀྱིས་གནོད་སྐྱོན།


སྤྱི་ཟླ་༦ པའི་ཚེས་༤ གི་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ ཧཱ་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ གསང་སྦས་ཁ་ལུ་ ཆརཔ་དང་ རླུང་འཚུབས་ཤུགས་སྦེ་ འཕུ་མི་ལུ་བརྟེན་ གཡུས་ཚན་༣ གྱི་ ལོ་ཐོག་གེ་ཟ་ཞིང་ ཨེ་ཀར་༢༠ ལྷགཔ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།


དེ་ཡང་ ཤེབ་སྦྱིས་དང་ ཤ་བ་ དེ་ལས་ ཨ་ན་ཁའི་ གཡུས་ཚན་༣ ནང་ མི་སེར་ཚུ་ དཀའཝ་སྤྱད་དེ་ ལཱ་འབད་བའི་མཐའ་མར་ ལོ་ཐོག་བསྡུ་རནམ་ད་ རང་བཞིན་རྐྱེན་ངན་གྱིས་ ལོ་ཐོག་མེདཔ་བཏང་མི་ལུ་བརྟེན་ ན་འཐན་དབུགས་འགམ་སྟེ་ སྡོད་ནུག་ཟེར་ཨིན་པས།
གསང་སྦས་ཨ་མ་རྒེད་འོག་ལྟེ་བ་ལས་ སོ་ནམ་ལས་རོགསཔ་ ཡོན་ཏན་ཚེ་རིང་གིས་ སླབ་མིའི་ནང་ གནོད་སྐྱོན་ཚུ་ ཞིབ་དཔྱད་འབདཝ་ད་ ཤ་བ་གཡུས་ཚན་ནང་ ཁྱིམ་གུང་༡༣ ཡོད་མི་ལས་ ཁྱིམ་གུང་༡༠ གྱི་ གེ་ཟ་ཞིང་ཨེ་ཀར་༧.༡ མེདཔ་བཏང་ཡོདཔ་མ་ཚད་ ཨ་ན་ཁ་གཡུས་ཚན་ནང་ ས་ཞིང་ཨེ་ཀར་༤.༡༠ དང་ ཤེབ་སྦྱིས་གཡུས་ཚན་ནང་ ཁྱིམ་གུང་༡༠ གྱི་གེ་ཟ་ཨེ་ཀར་༩.༡༢ མེདཔ་བཏང་ནུག་ཟེར་ཨིན་པས།
ཡོན་ཏན་ཚེ་རིང་གིས་འབད་བ་ཅིན་ རླུང་འཚུབས་དང་ ཆརཔ་གིས་ གེ་ཟ་མེདཔ་བཏང་མིའི་གྲས་ལས་ ཤེབ་སྦྱིས་གཡུས་ཚན་རྐྱངམ་གཅིག་ནང་ར་ གེ་ཟའི་ཐོན་སྐྱེད་ བརྒྱ་ཆ་༩༠ ལས་༡༠༠ གི་བར་ན་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
མོ་ཆུའི་དམངས་མི་ བསམ་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ གེ་ཟ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་ཨིན་རུང་ ད་རེས་ ཧང་སྟོང་མར་སྦེ་ གེ་ཟ་ཚུ་ མེདཔ་བཏངམ་ད་ མི་སེར་ཚུ་ལུ་ སེམས་ཕམ་བྱུང་ནུག་ཟེར་ཨིན་པས།
གེ་ཟ་དེ་ གྲོང་གཡུས་ཚུ་ནང་ ཆང་བཟོ་ནི་དང་ ནོར་དང་རྟ་ལུ་ བཞེས་སྒོ་དང་ཆག་སྦེ་ བྱིན་དོ་ཡོདཔ་མ་ཚད་ མི་ཚུ་གིས་ ཁ་རང་དང་ གེ་ཟ་སྲིབ་སྦེ་ བཟའ་སྤྱོད་འབད་དོ་ཡོདཔ་ད་ གེ་ཟ་དེ་ འབྲུག་ཟླ་དང་པའི་ནང་ བཏབ་ཞིནམ་ལས་ ཟླཝ་༧ པ་ནང་ འཚོ་དོ་ཡོདཔ་ཨིན་པས།
ད་རུང་ ཆརཔ་དང་ རླུང་འཚུབས་ཤུགས་སྦེ་ འཕུ་མི་དེ་གིས་ ལོ་ཐོག་གེ་ཟ་རྐྱངམ་གཅིག་ལུ་མེན་པར་ ལོ་ཐོག་བྱཱོ་ཡང་ མེདཔ་བཏང་ནུག་ཟེར་ཨིན་པས།
སོ་ནམ་ལས་རོགསཔ་གིས་ སླབ་མིའི་ནང་ རླུང་འཚུབས་ཀྱིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་མིའི་སྐོར་ལས་ རྫོང་ཁག་གི་ རྐྱེན་ངན་འཛིན་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་ལས་ ཉམས་རྒུད་བྱུང་མི་ཚུ་ལུ་ གྲོགས་རམ་ག་ཅི་ར་ འཐོབ་ནི་ཨིན་ན་ ཞིབ་དཔྱད་འབད་ཚརཝ་ད་རྐྱངམ་གཅིག་ ཤེས་ཚུགས་ནི་མས་ཟེར་ཨིན་པས།
ཀུན་གསལ་གྱིས་ རྫོང་ཁག་སོ་ནམ་འགོ་དཔོན་དང་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་ཡོདཔ་ཨིན་རུང་ འབྲེལ་བ་འཐབ་མ་ཚུགསཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

No comments:

Post a Comment