གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་ཁར་སྡོད་མིའི་ གནས་སྡུད་ཁ་གསལ་ བསྡུ་ལེན་འབད་དོ་ཡོདཔ།


ཕུན་ཚོགས་གླིང་གི་ས་མཚམས་ལུ་ཡོད་པའི་ ཇའི་སྒང་གི་སྡོད་ཁྱིམ་ཚུ།

༧/༧/༢༠༡༢། ༉ འདས་པའི་ཟླཝ་ནང་ ཕུན་ཚོགས་གླིང་ལུ་སྦེ་ གློ་བུར་གྱི་དཀའ་ངལ་ཐོནམ་ད་ ཉེན་སྲུང་འབད་ནི་གི་དམིགས་གཏད་ལུ་ ཉེན་སྲུང་ཚོགས་པ་ཚུ་གིས་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ ཕུན་ཚོགས་གླིང་དྲུང་ཁག་ལུ་ རྒྱ་གར་གྱི་ས་མཚམས་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་གི་སྐོར་ལས་ གནས་སྡུད་ཁ་གསལ་བསྡུ་ལེན་འབད་དགོ་པའི་སྐོར་ལས་ ཐེངས་གཉིས་རེ་ ཞུ་བའི་ཤུལ་ལུ་ དྲུང་ཁག་གིས་ འབྲུག་མི་༢༦༧ གྱི་སྐོར་ལས་ གནས་སྡུད་ཁ་གསལ་ཚུ་ ཐོབ་ཡོདཔ་ཨིན་པས།

དྲུང་ཁག་གི་ འགོ་དཔོན་ཅིག་གིས་ གསང་བའི་ཐོག་ལས་ གནས་ཚུལ་ནང་བཤད་དོ་བཟུམ་འབད་བ་ཅིན་ དྲུང་ཁག་གིས་ བསྡུ་སྒྲིག་འབད་མི་ དྲི་ཤོག་ཕཱོམ་ནང་ བཟའ་ཚང་གི་གཙོ་ཅན་རྐྱངམ་གཅིག་ ཐོ་བཀོད་འབད་ཡོད་རུང་ བཟའ་ཚང་ནང་ དེ་ལས་ལྷག་སྟེ་སྡོད་མི་འོང་ནི་ཨིནམ་ལས་ མི་གྱངས་ཁ་སྟོང་ཕྲག་གུ་ལྷོད་ནི་བཟུམ་འདུག་ཟེར་ཨིན་པས།
དྲུང་ཁག་གི་འགོ་དཔོན་ཚུ་གིས་ གནས་སྡུད་ཁ་གསལ་བསྡུ་སྒྲིག་འབད་མི་དེ་ ཁོང་ཆ་ཁྱབ་ལུ་ སྡོད་ཁྱིམ་གྱི་དཀའ་ངལ་ཡོད་མི་དེ་ བསལ་ཐབས་ལུ་མིན་པར་ གལ་སྲིད་ ས་མཚམས་ཁར་ ཉེན་སྲུང་གི་དཀའ་ངལ་རེ་འཐོན་པ་ཅིན་ དེ་འཕྲོ་ལས་ཉེན་སྐྱོབ་འབད་ཚུགས་ཐབས་ལུ་ཨིན་ཟེར་བཤད་ཡོད་རུང་ འབྲུག་མི་ལ་ལུ་ཅིག་གིས་ ག་ཏེ་སྡོདཔ་ཨིན་ན་ཚུ་ སླབ་མ་བཏུབ་ལས་ དེ་ལུ་ འབད་ཐབས་གཞན་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཚོགས་པ་གིས་ འབྲུག་མི་ཚུ་ ཉེན་སྲུང་གི་དཀའ་ངལ་འཐོན་པའི་སྐབས་ རྒྱ་གར་གྱི་ཁྲིམས་སྲུང་འགག་པ་ཚུ་ལས་གྲོགས་རམ་ལེན་ཐོག་ལས་ ཉེན་སྐྱོབ་འབད་ནིའི་སྐོར་ལས་ འཆར་གཞི་ཚུ་བཟོ་ཡོད་ཟེར་ཨིནམ་ད་ ལས་ཚོགས་ཚུ་གིས་ ཕུན་ཚོགས་གླིང་གི་ ས་ཁོངས་ལ་ལུ་ཅིག་ གློ་བུར་གྱི་སྡོད་གནས་ས་ཁོངས་ལུ་ངོས་འཛིན་འབད་ཡོདཔ་ཨིན་པས།
གློ་བུར་ཉེན་སྐྱོབ་ཀྱི་དོན་ལུ་ ཞབས་ཏོག་མཐུན་རྐྱེན་མང་རབས་ཅིག་ གནས་སྐབས་ཀྱི་དོན་ལུ་ གྲ་སྒྲིག་བཟོ་ཡོདཔ་ཨིན་ཟེར་ཨིན་པས།
དྲུང་ཁག་གིས་ ས་མཚམས་ཁར་སྡོད་མི་ཚུ་ལུ་ ཟླཝ་ཅིག་གི་ཧེ་མ་ལས་ ཁོང་གི་སྐོར་ལས་གནས་སྡུད་ཁ་གསལ་བྱིན་དགོཔ་སྦེ་སླབ་རུང་ མི་མང་ཤོས་ཅིག་གིས་ སྣང་དག་མེད་པར་སྡོདཔ་མས་ཟེར་ཨིན་པས།
བསྡུ་སྒྲིག་འབད་ཡོད་མིའི་སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་མི་མང་ཤོས་ཅིག་གིས་ ཇའི་སྒང་གི་ས་གནས་ཁག་ཚུ་ནང་ལུ་ སྡོད་དོ་ཡོད་པའི་ངོས་འཛིན་བྱུང་ནུག།
ཁྱབ་བསྒྲགས་དེ་ སྣུམ་འཁོར་སྦོམ་བཏང་མི་དང་ གླ་འཁོར་ཚོགས་པ་ དེ་ལས་ སློབ་གྲྭ་ཚུ་ནང་ཡང་ བཏང་ཡོདཔ་ད་ གནས་སྡུད་ཁ་གསལ་ཚུ་ ཐོབ་ཚར་བའི་ཤུལ་ལུ་ གནས་ཚུལ་གྱི་དོན་ལུ་ གཞུང་ལུ་སྙན་ཞུ་ཕུལ་ནི་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།

No comments:

Post a Comment