གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མྱ་ངན་ཅན་གྱི་ བཟའ་ཚང་ཚུ་གིས་ མི་དབང་མཆོག་གི་ སྐུ་མདུན་ལུ་བཅར་ཡོདཔ།

མི་དབང་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་
ཚེ་འདས་འགོ་པ་ བསྟན་འཛིན་རྡོ་རྗེ་གི་ བཟའ་ཚང་ཚུ་ལུ་ སེམས་གསོའི་ཞལ་བཀོད་གནང་པའི་བསྒང་།

༡༢/༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༨ ཀྱི་དྲོ་པ་ གསར་སྤང་རྫོང་ཁག་ དགའ་བའི་ཐང་ལུ་ གཡིབ་དམག་སྡེ་ཚན་ཅིག་གིས་ སྐུ་གསོད་རྐྱབ་སྟེ་བསད་མི་ བསྟན་སྲུང་དྲག་པོའི་དམག་སྡེ་གི་ ཚེ་འདས་འགོ་པ་ བསྟན་འཛིན་རྡོ་རྗེ་གི་ བཟའ་ཚང་ནང་མི་ཚུ་གིས་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།མི་དབང་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་ མྱ་ངན་ཅན་གྱི་ བཟའ་ཚང་ནང་མི་ཚུ་དང་གཅིག་ཁར་ ཆུ་ཚོད་༡ ལྷགཔ་ཅིག་གི་རིང་ གསུང་གྲོས་གནང་སྟེ་ བཞུགས་པའི་སྐབས་ལུ་ མི་དབང་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ རང་སྲོག་བློས་བཏང་སྟེ་ ཕྱག་ཞུ་མི་ དམག་མིའི་མི་ཚེ་དེ་ སྤུས་བཟང་ཅན་ ཨིན་པའི་སྐོར་ལས་ གསུངས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ཚེ་འདས་ཀྱི་ གནས་ཚང་དང་ ཕམ་ཚུ་ལུ་ སེམས་གསོའི་གསོལ་རས་ གནང་ཡོདཔ་མ་ཚད་ ད་ལས་ཕར་ ཨ་ལུ་ཚུ་ མི་དབང་མཆོག་གིས་ གཟིགས་གནང་ནི་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ དགེ་ལེགས་ཕུག་ བྱང་གསེང་༩ པའི་དམག་མི་༦ ཁོང་ར་སྡོད་ས་ལས་ དར་རྒྱས་ཐང་ལུ་ སྒྲིག་གཡོག་ནང་ འགྱོ་བའི་བསྒང་ཨིནམ་ད་ མོང་སྒར་ ཐང་རོང་ལས་ཨིན་མི་ ཚེ་འདས་འགོ་པ་བསྟན་འཛིན་གྱི་ བྱང་ཁོག་གུ་ ཀྲོབ་མདའ་ཕོག་ནི་དེ་གིས་ ཁ་འཐུམ་མར་ བསད་ཡོདཔ་མ་ཚད་ གཞན་འགོ་པ་ཅིག་གི་ ལག་པའི་མཛུབ་མོ་ལུ་ རྨ་སྐྱོན་བཏོན་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་སའི་ ས་གནས་དེ་ གསར་སྤང་གི་ ས་མཚམས་ཀཝ་ལས་ མི་ཊར་༡༥༠ དེ་ཅིག་གི་ ས་ཁར་ཨིནམ་ད་ དམག་མི་ཚུ་གིས་ ལོག་ ཀྲོབ་མདའ་རྐྱབ་པའི་སྐབས་ གཡིབ་དམག་ཚུ་ ཨ་སམ་གྱི་ས་ཁོངས་ནང་ བྱོག་སོང་ཡོདཔ་ཨིན་པས།
ས་ཁོངས་ནང་ལས་ ཀྲོབ་མདའ་ཁ་དུ་བ་༡ དང་ ཇོ་ལ་ལྗང་ཁུ་༡ ཀྲོབ་མདའི་མདེའུ་བཙུགས་མི་ཇོ་ལ་༡ འཕྲུལ་མེ་ ཀྲོབ་མདའ་ཨེ་ཀེ་༤༧ གྱི་ མདེའུ་སྟོངམ་༡༨ དེ་ལས་ ཆར་བཀབ་༡ ཐོབ་ཡོདཔ་ཨིན་པས།
གཡིབ་དམག་ཚུ་ ནེ་པཱལ་གྱི་ས་གནས་ ཇཱ་པ་ལུ་ཡོད་པའི་ འབྲུག་གི་ ངོ་ལོགཔ་སྡེ་ཚན་གྱི་ འཐུས་མི་ཚུ་ཨིན་པའི་ དོགས་པ་ཡོདཔ་ཨིན་པས།
ཚེ་འདས་འགོ་པ་ བསྟན་འཛིན་རྡོ་རྗེ་ལུ་ གནས་ཚང་དང་ ཨ་ལུ་༣ ཡོད་པའི་གནས་ཚུལ།

No comments:

Post a Comment