གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

་དགེ་ལེགས་ཕུག་གི་ ས་གནས་ལེ་ཤ་ཅིག་ནང་ འཁོར་ལམ་བསུབས་ཡོདཔ།

 ༡༤/༧/༢༠༡༢། ༉ དགེ་ལེགས་ཕུག་ལུ་ ཉིན་གྲངས་༢ ཀྱི་རིང་ ཆརཔ་ཆད་ནི་མེད་པར་རྐྱབ་མི་ལུ་བརྟེན་ ས་གནས་ཁག་ལེ་ཤ་ཅིག་ནང་ རོང་ཆུ་དང་ གཙང་ཆུ་ཚུ་བྲེས་ཏེ་ འཁོར་ལམ་མང་ཤོས་ཅིག་ར་ བསུབས་ཡོདཔ་ཨིན་པས།
དེ་ཡང་ དཔལ་རི་ཐང་གི་ སེ་ཐི་ཁ་རེ་གཙང་ཆུ་དེ་ ཁག་༢ སྦེ་ འབྱེལ་སོང་སྟེ་ ཁྱིམ་གུང་༡༢ དེ་ཅིག་ ཆུའི་སྦུག་ལུ་ ཚུད་དེ་ཡོདཔ་མ་ཚད་ ཆུ་ཤུགས་སྦེ་ར་ བྲེས་མི་ལུ་བརྟེན་ དགེ་ལེགས་ཕུག་ཁྲོམ་ལས་ དཔལ་རི་ཐང་ལུ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མ་ཚུགས་པར་ཡོདཔ་ད་ སེ་ཐི་ཁ་རེ་དེ་ དགེ་ལེགས་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༣ ཀྱི་ས་ཁར་ཨིན་པས།
ས་གནས་ནང་སྡོད་མི་ སྐྱེས་ལོ་༨༢ ལང་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་བྲེས་ནི་དེ་གིས་ ཁོང་གི་ ཁྱིམ་ནང་ཆུ་སྤུས་མོ་ཚུན་ གང་སྟེ་ཡོདཔ་ལས་ ཁྱིམ་ནང་གི་ ཅ་ཆས་ཚུ་ ཕྱི་ཁར་བཏོན་མ་ཚུགས་པར་ཡོད་ཟེར་ཨིན་པས།
སོ་ནམ་གྱི་ ལཱ་འབད་མི་ཅིག་ཨིན་མི་ བཱ་ནུ་བག་ཏ་གིས་ སླབ་མིའི་ནང་ ས་ཞིང་མང་ཤོས་ཅིག་ར་ ཆུ་གིས་འཕྱགས་འབག་ཡོདཔ་མ་ཚད་ ཕར་ཕྱོགས་ལུ་ ས་ཞིང་ནང་ བྱེམ་དང་ རྡོ་ཚུ་གིས་ གང་སོ་ནུག་ཟེར་ཨིན་པས།
དཔལ་རི་ཐང་ རྒཔོ་བཀྲིས་ཀྱིས་འབད་བ་ཅིན་ མ་གཞི་ ད་ལྟོའི་ གནས་སྟངས་དེ་ སྐྱོ་དྲགས་ཅིག་མེན་རུང་ ཆརཔ་འཕྲོ་མཐུད་དེ་ར་ རྐྱབ་པ་ཅིན་ དཀའ་ངལ་སྦོམ་ར་ འཐོན་ནི་མས་ཟེར་ཨིནམ་ད་ མ་གཞི་ སེ་ཐི་ཁ་རེ་ཆུ་དེ་ གཡུས་ཚན་ནང་ ཁ་སྒྱུར་ཏེ་ འགྱོ་ནི་ལས་ བཀག་ཐབས་ལུ་ ས་རྐོ་འཕྲུལ་ཆས་ཅིག་ བཞག་སྟེ་ཡོདཔ་ཨིན་རུང་ ཆུ་བྲེས་པའི་བསྒང་ལས་ འཕྲུལ་ཆས་ཀྱིས་འབད་རུང་ བཀག་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
ཆུ་རུད་ཐོན་མི་ལུ་བརྟེན་ དཔལ་རི་ཐང་བཙོན་ཁང་དང་ ལས་བྱེད་པའི་ཁང་མིག་ཚུ་གིས་མ་དོ་བར་ ཁྲིམས་སྲུང་འགག་སྡེའི་ བཟའ་ཚང་༡༥ ཤོང་མི་ ཁང་མིག་ཚུ་ནང་ཡང་ ཆུ་འཛུལ་ཏེ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པའི་འགོ་དཔོན་ ཉི་མ་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་སྡེའི་ ཁང་མིག་ཆུང་དྲགས་ནི་དེ་གིས་ ཆུ་གཡུར་ནང་གི་ ཆུ་ཚུ་ག་ར་ཁྱིམ་ནང་ འཛུལ་འོངམ་མས་ཟེར་ཨིན་པས།
དེ་མ་ཚད་ ཆརཔ་མ་ཆད་པ་ཅིན་ འཇིགས་མེད་གླིང་ལུ་ཡང་ ཆུ་རུད་འཐོན་ནི་གི་ ཉེན་ཁ་འདུག་ཟེར་ རྒེད་འོག་འགོ་དཔོན་ཚུ་གིས་བཤདཔ་ཨིན་རུང་ ད་ལྟོ་ དྲུང་ཁག་དང་ རྒེད་འོག་འགོ་དཔོན་ཚུ་གིས་ གནོད་ཉེན་ཡོད་མི་ ས་གནས་ཀྱི་ རང་སོའི་སྤུན་ཆ་དང་ ཆ་རོགས་ དེ་ལས་ ཉེན་སྲུང་ཅན་གྱི་ ས་ཁོངས་ནང་སདོད་པར་ སྤོ་བཤུད་འབད་དགོ་པའི་ ཉེན་བརྡ་བྱིན་ཏེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment