གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆར་ཆུ་དཀོན་མི་ལུ་བརྟེན་ ཚོད་བསྲེའི་རིགས་ཚུ་ སྐམ་འགྱོ་དོ་ཡོད་པའི་ཚ་གྱང་།

ཨ་རྟག་འབད་བ་ཅིན་ ཨེ་མ་ཕད་ཙེ་༡༧ དང་༡༨ དེ་ཅིག་ ཐོག་བསྡུ་འབད་མི་དེ་གིས་ འོང་འབབ་དངུལ་ཀྲམ་འབུམ་༡ ལྷགཔ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ དུས་ཅི་ དངུལ་ཀྲམ་སྟོང་ཕྲག་༡༠ ཡང་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས། 
སྤུ་ན་ཁ་ ལྕང་གཡུས་ལས་ སྐྱེས་ལོ་༤༠ ལང་མི་ ཨམ་སྒྲོལ་མ་གིས་ ཨེ་མའི་ཞིང་ནང་ ཆུ་བླུག་པའི་བསྒང་།
 ༡༠/༧/༢༠༡༢། ༉ དུས་ཅི་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ མང་ཤོས་ཅིག་ནང་ ཆར་ཆུ་དཀོན་ནི་དེ་གིས་ སོ་ནམ་དང་འབྲེལ་བའི་ལཱ་འབད་ནི་ལུ་ དཀའ་ངལ་བྱུང་དོ་བཟུམ་སྦེ་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་གི་ རྫོང་ཁག་ནང་ཡང་ གནམ་འབྱ་གི་དུས་ཚོད་ལུ་ ཆར་ཆུ་དཀོན་མི་ལུ་བརྟེན་ཏེ་ ཚོད་བསྲེའི་རིགས་ཚུ་ སྐམ་འགྱོ་དོ་ཡོད་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ སྤུ་ན་ཁ་ ལྕང་གཡུས་ལས་ སྐྱེས་ལོ་༤༠ ལང་མི་ ཨམ་སྒྲོལ་མ་གིས་ ཕྱི་རུ་ཨ་རྟག་ར་ མོ་རའི་ ས་ཞིང་གླང་དོ་༢ ཡོད་མིའི་ནང་ ཨེ་མའི་ལྕངམ་ འཛུགས་སྐྱོང་འབད་མི་ཚུ་ལུ་ ཆུ་བླུགས་དོ་ཡོདཔ་ད་ མོ་གིས་ འཕྲུལ་ཆས་ཀྱི་ཐོག་ལས་སྦེ་ མོ་ཆུའི་ནང་ལས་ ཆུ་འཐེན་སྐྱེལ་དོ་ཡོདཔ་ཨིན་པས།
སྒྲོལ་མ་གིས་ ཉིནམ་རེ་ལུ་ དུས་ཡུན་ཆུ་ཚོད་༥ གི་རིང་ གཙང་ཆུའི་ནང་ལས་ ཆུ་འཐེན་སྐྱེལ་མི་ལུ་ འཕྲུལ་ཆས་ཀྱི་གླ་ཆ་ དངུལ་ཀྲམ་༡,༧༠༠ དེ་ཅིག་ སྤྲོད་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ དུས་ཅི་ ཨེ་མ་བཙོང་སྟེ་ འོང་འབབ་བཟོ་མི་གིས་ འཕྲུལ་ཆས་ཀྱི་ གླ་ཆ་སྤྲོད་ནིའི་རིན་རང་ མི་ལང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ མོ་གིས་ ཨེ་མ་ཕད་ཙེ་༡༧ དང་༡༨ དེ་ཅིག་ ཐོག་བསྡུ་འབད་མི་དེ་གིས་ འོང་འབབ་དངུལ་ཀྲམ་འབུམ་༡ ལྷགཔ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ དུས་ཅི་ དངུལ་ཀྲམ་ སྟོང་ཕྲག་༡༠ ཡང་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ མོ་གིས་བཤད་ཅི།
དེ་བཟུམ་སྦེ་ ཅན་གདན་སྒང་གཡུས་ཚན་ལས་ སྐྱེས་ལོ་༥༥ ལང་མི་ པ་སངས་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གི་ གཡུས་ཚན་ནང་ ཆུ་འཐེན་བསྐྱལ་ནིའི་ འོས་འབབ་མེདཔ་ལས་ ཨེ་མ་སྐམ་སྟེ་ ཐོག་བསྡུ་མ་བཏུབ་པའི་ གནས་སྟངས་ལུ་ལྷོད་དེ་ཡོད་ཟེར་ སླབ་ཡོདཔ་ད་ གཡུས་ཚན་དེ་ནང་ ཁྱིམ་དགུང་པ་༣༨ ཡོད་མི་ཚུ་ག་ར་ དངུལ་ཐོག་གཙོ་བོ་ ཨེ་མ་ལུ་ བསྟེན་སྡོད་དོ་ཡོདཔ་ཨིན་པས།

ཆར་ཆུ་དཀོན་མི་ལུ་བརྟེན་ ཨེ་མ་ཚུ་ སྐམ་འགྱོ་དོ་ཡོད་པའི་མཐོང་སྣང་།

གཡུས་མི་ཚུ་གིས་འབད་བ་ཅིན་ ད་རེས་ དེ་བཟུམ་མའི་ དཀའ་ངལ་བྱུང་བའི་སྐབས་ གཞུང་གིས་ ཆུ་འཐེན་ནིའི་ འཕྲུལ་ཆས་ཀྱི་ གྲོགས་རམ་གནང་ཚུགས་པ་ཅིན་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ སླབ་ཨིན་པས།
ཨིནརུང་ སྤུ་ན་ཁའི་ རྫོང་ཁག་སོ་ནམ་འགོ་དཔོན་ལས་རོགཔ་ རྟ་མགྲིན་ཚེ་དབང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་འཐེན་ནིའི་ འཕྲུལ་ཆས་དེ་ གཞུང་གིས་ རིང་མེད་སྟོང་པར་སྦེ་ གནང་ནིའི་འོས་འབབ་མེད་རུང་ ཡིག་ཚང་ཚུ་ལས་ བརྙ་སྟེ་ བྱིན་ནིའི་ཐབས་ལམ་ཚུ་ བཏོན་དོ་ཟེར་ཨིནམ་ད་ རྫོང་ཁག་ནང་ གནོད་སྐྱོན་ཤུགས་ར་ དགོན་ཤར་རི་དང་ ལྕང་གཡུས་ཚུ་ནང་ བྱུང་ཡོདཔ་ཨིན་པས།
དེ་ལས་ དབང་འདུས་ཕོ་བྲང་ལུ་འབད་བ་ཅིན་ ཐང་མགུ་གཡུས་ཚན་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༥༠ ལང་མི་ཤཱཀྱ་དབང་མོ་གིས་ སླབ་མིའི་ནང་ མོ་གིས་ ས་ཞིང་ཌིས་༣༠ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ ཨེ་མ་དང་ སྲནམ་ཅུམ་ཚུ་ག་ར་ སྐམ་འགྱོ་དོ་ཡོདཔ་ལས་ དུས་ཅི་ ཚོང་འབྲེལ་འཐབ་ནི་ཕར་བཞག་ ཁོང་ར་ བཟའ་ནི་ཡང་ མི་ལང་ནི་མས་ཟེར་ཨིན་པས།
གཡུས་སྒོའི་ མི་ཚུ་གིས་འབད་བ་ཅིན་ དུས་ཅི་ གནམ་འབྱ་ལུ་ ཆརཔ་ཚར་༢ དང་༣ དེ་ཅིག་ལས་བརྒལ་ མ་རྐྱབ་ཟེར་ སླབ་ཨིན་པས།
ཨིན་རུང་ ཤར་ཕྱོགས་རྫོང་ཁག་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ མོང་སྒར་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཚུ་ནང་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཆརཔ་མ་ཆད་པར་ རྐྱབ་ནི་དེ་གིས་ གཞུང་ལམ་ཚུ་བསུབས་པའི་ དཀའ་ངལ་བྱུང་བའི་ཁར་ ཆུ་རུད་ཡང་ ཐོན་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

 




No comments:

Post a Comment