གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་པ་༢༠ འབག་མི་ གདུང་དཀར་སྐྱེལ་འདྲེན་བཱསི་ རི་བོ་ཏ་ལ་ལུ་ ཐོགས་ལུས་ཡོདཔ།

༡༤/༧/༢༠༡༢། ༉ ཁ་ཙ་ ཐིམ་ཕུ་ལས་ གཞལམ་སྒང་ལུ་ འགྲུལ་པ་༢༠ འབག་འགྱོ་མི་ གདུང་དཀར་སྐྱེལ་འདྲེན་བཱསི་དེ་ ཀྲོང་གསར་རི་བོ་ཏ་ལ་ལུ་ལྷོདཔ་ད་ ལམ་ཁར་ རྡོ་བུད་འོང་མི་ལུ་བརྟེན་ སློབ་ཕྲུག་༡༨ དང་ གཞན་འགྲུལ་པ་༢ ཕྱི་རུའི་བཞེས་སྒོ་དང་ ཉལ་སའི་ས་གོ་མ་ཐོབ་པར་ ལུས་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ལས་ དྲོ་པའི་ཆུ་ཚོད་༧ ལུ་འགྱོ་མི་ བཱསི་དེ་ནང་ སློབ་ཕྲུག་བུམོ་༩ དང་ བུཚ་༩ དེ་ལས་ འགྲུལ་པ་གཞན་༢ འབདཝ་ད་ བསྡོམས་༢༠ ཡོད་མི་ཚུ་ ཕྱི་རུའི་ཆུ་ཚོད་༥ དང་ སྐར་མ་༤༠ དེ་ཅིག་ལུ་ རི་བོ་ཏ་ལ་ལུ་ལྷོདཔ་ད་ ལམ་ལྟག་ལས་མར་ རྡོ་བུད་འོང་མི་ལུ་བརྟེན་ ལམ་ཁར་ཐོགས་ལུས་ཡོདཔ་ཨིན་པས།
དེད་གཡོགཔ་འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ རི་བོ་ཏ་ལ་ལུ་ ལམ་སེལ་ལས་མི་ ག་ཡང་མེདཔ་ལས་ ལམ་སེལ་མ་ཚུགས་པར་ རྒྱལ་ཡོངས་ལས་མི་དང་ ས་རྐོ་འཕྲུལ་ཆས་ཀྱི་ དེད་གཡོག་ཚུ་ལུ་ སླབ་རུང་ འོང་མ་བཏུབ་ཟེར་ཨིནམ་ད་ དེ་ལས་ གཞལམ་སྒང་གི་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚེ་རིང་ལུ་ཡང་ སྙན་ཞུ་འབད་རུང་ དཀའ་ངལ་སེལ་མ་ཚུགས་ཟེར་ཨིན་པས།
ཚེ་རིང་གིས་འབད་བ་ཅིན་ འཁོར་ལམ་དེ་ རྒྱ་བསྐྱེད་འབད་བའི་ཁར་ ཆརཔ་དུམ་གྲ་རེ་ རྒྱུན་མ་ཆད་པར་ རྐྱབ་དོ་ཡོདཔ་ལས་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ ཁ་ཙ་ཕྱི་རུ་ ལམ་བསལ་ནིའི་དོན་ལུ་ ས་རྐོ་འཕྲུལ་ཆས་ཀྱི་ དེད་གཡོགཔ་ཚུ་ལུ་སླབ་རུང་ ས་ཁོངས་དེ་ ཉེན་ཁ་ཡོདཔ་ལས་ འོང་མ་བཏུབ་པས་ཟེར་ སླབ་ཨིན་པས།
ས་ཁོངས་ཀྱི་ བཟོ་རིག་འགོ་དཔོན་ ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ ཕྱི་རུ་ གནམ་སྲོ་ཞིནམ་ལས་ ལམ་སེལ་གྱི་ ལཱ་འབད་ནི་དེ་ ཉེན་ཁ་སྦོམ་ཡོད་པའི་ཁར་ སྐྱེལ་འདྲེན་བཱསི་དང་ སྣུམ་འཁོར་གཞན་ཚུ་ཡང་ ཕྱི་རུའི་ཆུ་ཚོད་༦ འབྱིད་ཞིནམ་ལས་ འགྲོ་འགྲུལ་འབད་མ་ཆོག་པའི་གསལ་བསྒྲགས་ རྒྱང་བསྒྲགས་ འབད་ཡི་ཟེར་ཨིན་པས།
འགྲུལ་སྐྱེལ་བཱསི་གི་ དེད་གཡོགཔ་འཇིགས་མེད་ཀྱིས་འབད་བ་ཅིན་ དེ་བཟུམ་མའི་ གསལ་བསྒྲགས་འབད་བའི་སྐོར་ལས་ ཁོ་གིས་ མ་གོ་བའི་ཁར་ ག་གིས་ཡང་ སླབ་ནི་མིན་འདུག་ཟེར་ སླབ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལས་ ཚེ་རིང་གིས་ ད་རིས་ དྲོ་པའི་ཆུ་ཚོད་༨ དང་༩ གི་བར་ན་ ལམ་བསུབས་མི་དེ་ བསལ་ཚུགསཔ་འབད་ནིའི་དོན་ལུ་ རྩ་འགེངས་ཏེ་ ལཱ་འབད་ནི་ཟེར་ སླབ་ཨིན་པས།
ཁ་ཙ་ ལམ་འགྲུལཔ་ཚུ་ འཁོར་ལམ་བསུབས་སའི་ ས་ཁོངས་ལས་ ཀི་ལོ་མི་ཊར་༥ གི་ས་གནས་ སྤང་ཟུར་ལུ་ ལོག་འོང་སྟེ་སྡོད་ཡོདཔ་ཨིན་རུང་ བཟའ་ཁང་དང་ ཉལ་ཁང་ཚུ་མེདཔ་ལས་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
རི་བོ་ཏ་ལ་ལས་ གཞལམ་སྒང་རྫོང་ཁག་ནང་ ལྷོད་ནི་ལུ་ ཀི་ལོ་མི་༡༩ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment