གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ཕྱིའི་སྲིད་དོན་ལས་ ཁྱད་འཕགས་ཅན་གྱི་སྲིད་དོན་ལུ་ གཙོ་རིམ་བཟུང་ནི།

 ༡༢/༧/༢༠༡༢། ༉ རྒྱལ་ཁབ་ནང་ སྲིད་དོན་ནང་འབྲེལ་གཏོགས་ཀྱི་ གྲ་སྒྲིག་འབད་མི་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ དང་འདོད་གསལ་སྟོན་འབད་ཡོདཔ་བཞིན་དུ་ སྲིད་ཚོགས་གཞི་བཙུགས་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ད་ཚུན་གྱི་རིང་ལུ་ ཚོགས་པའི་འདེམས་ངོ་༡༧ གཏན་འཁེལ་བཟོ་ཚར་ཡོད་མི་ ཚོགས་པའི་འགོ་འདྲེན་པ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་པའི་གཞི་རྩ་ངོ་མ་དེ་ བྱང་ཆུབ་སེམས་ཀྱི་ ལག་ལེན་ལུ་ གཞི་བཞག་ཐོག་ལས་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ སྲིད་དོན་གྱི་རིག་གཞུང་ཚུ་ནང་ སྲིད་ཚོགས་སོ་སོ་གིས་འཛོལ་བ་རེ་འབྱུང་པ་ཅིན་ དེ་ལུ་ གཙོ་རིམ་བཟུང་སྟེ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་ནི་ཚུ་འབདཝ་ཨིན་ཟེར་ཨིན་པས།
ང་བཅས་ཀྱིས་ བརྗོད་དོན་དེ་གི་ཐོག་ལས་མིན་པར་ མཉམ་རུབ་མཉམ་བསྡོམས་ཐོག་ལས་སྦེ་ ལྡོག་ཕྱོགས་ཚོགས་པའི་གནས་རིམ་ནང་འབད་རུང་ གཞུང་ལུ་སྐྱོན་བརྗོད་འབད་ནི་མེན་པར་ ཐབས་ལམ་དང་ ལམ་སྟོན་འབད་ནི་གི་ སྲིད་དོན་ལམ་ལུགས་གསརཔ་ འཛམ་གླིང་ནང་དཔེ་སྟོན་ཚུགསཔ་ཅིག་འབད་ནི་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་དེ་ ཆུང་ཀུ་ཅིག་ཨིནམ་ལས་ མཉམ་འབྲེལ་དམ་ཟབ་དགོཔ་གལ་ཆེ་བའི་ཁར་ འབྲུག་རྒྱལ་ཁབ་དེ་ དགའ་སྐྱིད་དཔལ་འཛོམས་དང་ ལམ་སྲོལ་ལུ་ གཙོ་བོར་བཏོན་མི་ཅིག་འབད་ནི་དེ་གིས་ ཕྱི་རྒྱལ་ཁབ་ཀྱི་ སྲིད་དོན་རིག་གཞུང་ལུ་ གཞི་བཞག་གི་ ལག་ལེན་འཐབ་དགོཔ་མེད་ཟེར་ཨིན་པས།
ཁོ་གིས་སླབ་མའི་ནང་ ཚོགས་པ་དེ་གིས་ ཕན་སེམས་ཀྱི་གཞི་རྩ་ལུ་གནས་ཐོག་ལས་ སྔོན་དང་ཕུ་ལས་ཡོད་པའི་ ལམ་ལུགས་སྲོལ་ གོང་མ་ལུ་གུས་ཞབས་དང་ ཕམ་སྤུན་ཆ་ལུ་བརྩི་བཀུར་འབད་ནི་ཚུ་ མར་ཉམས་འགྱོ་དོ་ཡོད་པའི་ གནས་སྟངས་བསྒྱུར་བཅོས་འབད་ནི་དང་ ཞི་བདེ་དང་ སྲུང་སྐྱོབ་རྩ་བརྟན་བཟོ་ནི་ རང་བཞིན་སྲུང་སྐྱོབ་ལུ་བརྩོན་ཐོག་ལས་ ཉེན་ཁ་ཅན་གྱི་གནས་སྟངས་ ཕྱི་རྒྱལ་ཁབ་ལུ་བརྟེན་དགོ་པའི་གནས་སྟངས་ཚུ་ཡང་ བསྒྱུར་བཅོས་འབད་ནི་ལུ་ གཙོ་བོར་བཏོན་ནི་དེ་ ཚོགས་པའི་དམིགས་དོན་གྱི་ གཞི་རྩ་ངོ་མ་ཅིག་ཨིན་ཟེར་ཨིན་པས།
དེ་མ་ཚད་ སྲིད་བྱུས་ཀྱི་རིང་ལུགས་ཐོག་ལས་ དཔལ་འབྱོར་གོང་འཕེལ་དང་ རང་བཞིན་སྲུང་སྐྱོབ་ཟུང་འབྲེལ་ཐོག་ རྒྱལ་ཁབ་ཀྱི་དཔལ་འབྱོར་ རང་མགོ་རང་འདྲོང་ལུ་ གཙོ་བོ་བཏོན་ནི་དེ་ཡང་ ཚོགས་པའི་གཞི་རྩ་དང་འབྲེལ་བའི་ དམིགས་དོན་ཅིག་ཨིནམ་ད་ མི་དབང་ཡབ་སྲས་ཚུ་གིས་ ད་ཚུན་ རྒྱལ་ཁབ་གཅིག་བསྒྱུར་ཐོག་ མི་མང་ཀུན་མཉམ་གྱི་འབྲེལ་གཏོགས་ཡོདཔ་སྦེ་ བསྐྱངས་ཡོད་པའི་ ལམ་སྟོན་བཟང་པོ་ཚུ་ཡང་ དང་དུ་བླངས་ཐོག་ལས་ དམངས་གཙོའི་རིང་ལུགས་དེ་ནང་ མི་མང་ཀུན་གྱི་འབྲེལ་གཏོགས་ཡོདཔ་སྦེ་ ཞབས་ཏོག་ཞུ་ནི་དེ་ གཙོ་རིམ་ཅན་ཅིག་ཨིན་ཟེར་བཤདཔ་ཨིན་པས།
ཚོགས་པ་དེ་ལུ་ དོ་འགྲན་སྦོམ་ཤོས་ར་ བྱང་ཆུབ་སེམས་ཀྱི་གཞི་རྩ་ལུ་ གཙོ་བོར་བཏོན་པའི་སྲིད་འབྲེལ་ལམ་ལུགས་ནང་ དང་འདོད་ཅན་གྱི་མི་ངོ་ ཐོབ་ཚུགས་པ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ བྱང་ཆུབ་ཀྱི་སེམས་ཟེར་མི་དེ་ མིང་གི་རྣམ་གྲངས་ སོ་སོ་སྦེ་ཡོདཔ་ལས་ གཙོ་བོ་ཕན་སེམས་ཅན་གྱི་ གཞི་རྩ་དེ་ལུ་ རག་ལས་ནི་དེ་གིས་ རྒྱལ་ཁབ་གཞན་དང་མ་འདྲཝ་ཅིག་སྦེ་ བཟོ་ཐབས་ལུ་ དམིགས་འཆར་སྐྱེདཔ་ཨིན་ཟེར་བཤདཔ་ཨིན་པས།
ད་ཚུན་ ཚོགས་པའི་ནང་ གཏན་འཁེལ་འཛུལ་མི་འདེམས་ངོ་ཚུ་ཡང་ གཞི་རྩ་དེ་ལུ་ དང་འདོད་ཡོད་མི་ཚུ་ཨིནམ་ད་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འདེམས་ཁོངས་༢ དེ་ཅིག་ནང་ལས་ བཙག་འཐུ་འགྲུབ་ནི་ལུ་ འོས་འབབ་ཅན་རེ་ཐོབ་རུང་ གཞི་རྩ་དེ་ལུ་ དང་ལེན་གྱི་ངོས་ལེན་འབད་མ་ཚུགས་ཟེར་ཨིན་པས།
ཚོགས་པའི་གཞི་རྩ་དང་ ཁས་བླངས་གསལ་བསྒྲགས་ཚུ་ གཞི་བཀོད་འབད་དེ་ རྫོང་ཁའི་ནང་ སྐད་བསྒྱུར་གྱི་དོན་ལུ་ བསྒུག་སྟེ་ཡོད་ཟེར་ཨིནམ་ད་ དེ་ལས་ ཚོགས་པའི་རྩ་ཁྲིམས་དེ་ ཟིན་བྲིས་འབད་ཚར་དོ་ཟེར་ཨིན་པས།
ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ཡང་ གཏན་འཁེལ་བཟོ་བའི་བསྒང་ཡོདཔ་ད་ ཟླཝ་༡ དེ་ཅིག་ལས་ ཚོགས་པའི་ཁྲི་འཛིན་དང་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ ཡིག་ཚང་འཆང་མི་ ལ་སོགས་པའི་ གཞི་བཀོད་ཚུ་ཡང་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།
ཚོགས་པའི་འཐུས་མི་ཐོ་བཀོད་འབད་ནི་ལུ་ ད་ལྟོ་ སྒོ་ཕྱེ་སྟེ་ར་ཡོདཔ་ལས་ ཚོགས་པའི་གཞི་རྩ་ལུ་ དང་འདོད་ཡོད་པ་ཅིན་ འབྲུག་མི་ག་ར་འབད་རུང་ ཐོ་བཀོད་འབད་དོ་ཡོདཔ་ད་ ཚོགས་པའི་འཐུས་མི་དང་ འདེམས་ངོ་ དེ་ལས་ ཡིག་ཚང་འཆང་མི་ལས་འགོ་བཙུགས་ ལཱ་བྱ་ག་ཅི་ར་འཐབ་རུང་ ཚོགས་པའི་གཞི་རྩ་ལུ་གནས་ཐོག་ལས་ ལག་ལེན་འཐབ་དགོཔ་པའི་ ཁྲིམས་ལུགས་དམ་དམ་ཡོད་ཟེར་ཨིན་པའི་གནས་ཚུལ།
 
བསམ་གཏན་ཡེ་ཤེས།

 


No comments:

Post a Comment