གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་ཁྲིམས་ཀྱི་ སྦོམ་ཆུང་དང་འཁྲིལ་ཏེ་ ཏམ་ཁུའི་རིགས་ཚུ་ ལག་ལེན་འཐབ་པའི་དཀའ་ངལ།

 གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་དང་ 
འཐུས་མི་ངོ་ཚབ་ཚུ་ གྲོས་བསྟུན་འབད་བའི་བསྒང་།

༡༡/༧/༢༠༡༢། ༉ ཁ་ཙ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ རྩིས་འཛིན་འོགམ་ པུཤ་པ་ལཱལ་གྱིས་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཁང་ནང་ རྒྱལ་ཁབ་ཀྱི་ རུ་པི་དང་འབྲེལ་བའི་ ཡིག་ཆ་ཆ་ཚང་ཅིག་ ཕུལ་ཡི།
འདས་པའི་བདུན་ཕྲག་ནང་ ཚོགས་སྡེ་གི་ དཔལ་འབྱོར་ལས་སྡེའི་ ཚོགས་ཆུང་གིས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་དང་འབྲེལ་བའི་ བསྐྱར་ཞིབ་འབད་ནིའི་དོན་ལུ་ སྙན་ཞུ་ཕུལ་མ་ཚུགས་མི་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཡིག་ཆ་དང་བརྡ་དོན་བྱིན་ནི་ལུ་ རྒྱབ་སྐྱོར་མ་འབད་བའི་གནད་ལས་བརྟེན་ ཨིནམ་བཞིན་དུ་ ཁ་ཙ་ ཚོགས་སྡེའི་ ཁྲི་འཛིན་གྱི་དབང་ཚད་ ལག་ལེན་འཐབ་ཐོག་ལས་ གནས་ཚུལ་སྙན་ཞུའི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ འགུགས་བརྡ་འབད་ནི་སྦེ་ གྲོས་ཐག་བཅད་གནང་ཡི།

དེ་འབདཝ་ད་ འདས་པའི་བདུན་ཕྲག་ནང་ སྤྱི་འཛིན་གྱིས་འབད་བ་ཅིན་ ཚོགས་སྡེ་ནང་ སྤྱི་འཛིན་འབོ་ནི་དེ་ ཁྲིམས་འགལ་ཨིནམ་ལས་ ཚོགས་ཁང་ནང་ འོང་མི་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།
སྤྱི་འཛིན་གྱི་ ངོ་ཚབ་སྦེ་བཅར་མི་ སྤྱི་འཛིན་འོགམ་གིས་ སྤྱི་འཛིན་དེ་ ད་རེས་ གཟུགས་ཁམས་ལུ་ སྟབས་མ་བདེ་བའི་གནད་ལས་བརྟེན་ བཅར་མ་ཚུགས་ཟེར་ཞུ་ཡོདཔ་ད་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ དགོས་མཁོ་ཅན་གྱི་ཡིག་ཆ་ཚུ་ ཚངམ་སྦེ་ཕུལ་མ་ཚུགས་པའི་ གནད་དོན་ཚུ་ ཞུ་བའི་ཤུལ་ལུ་ ཚོགས་སྡེའི་འཐུས་མི་ཚུ་ དབང་འཛིན་གྱི་ ཡིག་ཚང་ནང་འོང་སྟེ་ བསྐྱར་ཞིབ་མཛད་དགོ་པའི་ གྲོས་འཆར་ཕུལ་ཡི།
ཚོགས་སྡེ་གིས་ སྤྱི་འཛིན་འོགམ་གིས་ཕུལ་མི་ ཡིག་ཆ་ཚུ་ ཧེ་མ་ལས་ དཔལ་འབྱོར་ལས་སྡེ་ཚོགས་ཆུང་གིས་ ཐོབ་ཡོད་མི་ཚུ་འབད་ནི་དེ་གིས་ བསྐྱར་ཞིབ་ཀྱི་ལཱ་ མཐར་འཁྱོལ་ཅན་སྦེ་འགྱོ་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཞུ་ཡི།
ཚོགས་ཁང་ནང་ དཔལ་འབྱོར་ལས་སྡེ་ཚོགས་ཆུང་གི་ཁྲི་འཛིན་ རིག་འཛིན་རིག་འཛིན་གྱིས་ རྒྱལ་ཡོངས་ཚོགས་སྡེ་དེ་ རྒྱལ་ཁབ་ནང་ དབུ་འཕང་མཐོ་བའི་ བསྐྱར་བཟོའི་ཚོགས་ཁང་ཅིག་འབདཝ་ལས་བརྟེན་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ རྒྱལ་ཡོངས་ཚོགས་སྡེའི་ བཅའ་ཁྲིམས་ཚུ་ལུ་བརྟེན་ ཚོགས་ཁང་ནང་ དགོ་པའི་བརྡ་དོན་ཚུ་ འབྲེལ་ཡོད་གཙུག་སྡེ་ཚུ་གིས་ བྱིན་ནི་ལུ་ རྒྱབ་སྐྱོར་འབད་དགོཔ་བཞིན་དུ་ སྤྱི་འཛིན་གྱིས་ཡང་ ད་ལས་ཕར་ ཞིབ་འཚོལ་དང་ ཡོངས་རྫོགས་ དེ་ལས་ དོན་སྨིན་ཅན་གྱི་ བསྐྱར་བཟོའི་གྲུབ་འབྲས་འབྱུང་ནིའི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འཕྲོ་མཐུད་རྒྱབ་སྐྱོར་ཚུ་ གནང་འོང་མནོ་བའི་རེ་བ་ཡོད་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཚོགས་སྡེ་ལུ་དགོ་པའི་ ཡིག་ཆ་ཚུ་ དགོས་མཁོ་དང་བསྟུན་ཏེ་ དཔལ་འབྱོར་ལས་སྡེ་ཚོགས་ཆུང་གི་ དྲུང་ཆེན་བརྒྱུད་དེ་ ཕུལ་དགོ་པའི་ཁར་ སྤྱི་འཛིན་གྱིས་ ཚོགས་ཆུང་གི་ཞལ་འཛོམས་དང་ སྙན་གསན་ཚུ་ནང་ ཞུ་བ་ཕུལཝ་བཞིན་དུ་ བཅའ་མར་གཏོགས་དགོ་པའི་ གནད་གལ་ཆེ་བའི་ རྒྱབ་སྐྱོར་ཚུ་བྱིན་དགོཔ་སྦེ་ བཀོད་ཡོད་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment