གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་འབུམ་༡༢ རེ་ཐོབ་ཡོདཔ།

དབྱར་རྩྭ་དགུན་འབུབ།
 ༥/༧/༢༠༡༢། ༉ བུམ་ཐང་རྫོང་ཁག་གི་དོན་ལུ་ ལོ་བསྟར་དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་དེ་ སྤྱི་ཟླ་༧ པའི་ཚེས་༣ ལས་ མཇུག་བསྡུ་ཡོདཔ་ལས་  འབུབ་ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་འབུམ་༡༢ རེ་སྦེ་ བཙོང་ཡོདཔ་ཨིན་པས།
ཉིན་གྲངས་གསུམ་གྱི་རིང་ རིན་བསྡུར་འབད་བའི་སྐབས་ རྒེད་འོག་གསུམ་གྱི་ མི་སེར་ཚུ་གིས་ རང་སོའི་འབུབ་ཚུ་འབག་སྟེ་ ཆོས་འཁོར་རྒེད་འོག་ནང་ འོང་ཡོདཔ་ཨིན་རུང་ དུས་ཅི་ལོ་ནང་ ཧེ་མ་བཟུམ་སྦེ་ འབུབ་བཙོང་མི་མ་ཐོན་པའི་ཁར་ འབུབ་ཡང་ ལེ་ཤ་སྦེ་བསྡུ་བསྒྱོམ་འབད་ནི་ མེད་ནི་དེ་གིས་ཨིན་པས།


འབྲུག་བཟའ་སྤྱོད་ལས་འཛིན་ལས་ སངས་རྒྱས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ད་ལྟོ་ རྫོང་ཁག་དེ་ནང་ འབུབ་ཀེ་ཇི་ག་དེམ་ཅིག་བཙོང་ཡོདཔ་ཨིན་ན་གི་ གནས་སྡུད་ཚུ་ བསྡུ་ལེན་མ་འབད་བར་ཡོད་རུང་ ཧེ་མའི་ལོ་ཚུ་དང་ཕྱདཔ་ད་ ད་རེས་འབུབ་བཙོང་མིའི་གྱངས་ཁ་མར་བབས་སོང་ནུག་ཟེར་ཨིན་པས།
ཆོས་འཁོར་རྒེད་དྲུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་འབུབ་དཀོན་ནི་དེ་གིས་ རིན་བསྡུར་ནང་ རྒེད་འོག་གསུམ་ལས་ མི་མང་ཤོས་ཅིག་མེད་པའི་ཁར་ འབུབ་ཀེ་ཇི་༥ དེ་ཅིག་ལས་མེདཔ་ད་ དེ་གིས་ མཐོ་ཤོས་དངུལ་ཀྲམ་འབུམ་༡༢ དང་ དམའ་ཤོས་ དངུལ་ཀྲམ་འབུམ་༤ རེ་ ཐོབ་ནུག་ཟེར་ཨིན་པས།
རིན་གོང་མཐོ་ཤོས་ཐོབ་མི་ ཆོས་འཁོར་རྒེད་འོག་ལས་ ཀུན་བཟང་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ཟླཝ་ཅིག་གི་རིང་ འབུབ་འཐུ་མི་ལས་ ལེགས་ཤོམ་ཚུ་ ཕྱིར་བསལ་འབད་བཞག་མི་ ཀེ་ཇི་ཕྱེད་ཀྱིས་ དངུལཀྲམ་འབུམ་༦ ཐོབ་ཚུགས་ཅི་ཟེར་ཨིནམ་ད་ ལྷག་ལུས་ཚུ་ ཁ་ཉིནམ་བཙོང་ཡི་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༣ ལུ་ རིན་བསྡུར་འབད་མི་ལས་ ཉུང་ཤོས་ར་ ཀེ་ཇི་རེ་ལུ་ དངུལ་ཀྲམ་འབུམ་༤ རེ་ཐོབ་ཡོདཔ་ད་ རིན་བསྡུར་དེ་ཚུ་ ད་རིས་ལས་ དབང་འདུས་རྫོང་ཁག་ སྲས་ཕུག་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཆོས་འཁོར་རྒཔོ་སྲང་ལ་གིས་ འདས་པའི་དྲི་བཀོད་ནང་བཤད་དོ་བཟུམ་འབད་བ་ཅིན་ འབུབ་ཚུ་གི་ སྤུས་ཚད་ཀྱི་ཐད་ལུ་ལྷོདཔ་ད་ ཧེ་མ་བཟུམ་སྦེ་ གནམ་མེད་ས་མེད་ ལེགས་ཤོམ་ཅིག་མེད་རུང་ དུས་ཅི་ གོང་ཚད་ལེགས་ཤོམ་ཐོབ་མི་དེ་ ཕྱི་རྒྱལ་ལས་ མཁོ་འདོད་སྦོམ་བཀོད་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment