གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༠༦ ལས་༢༠༡༠ ཚུན་གྱི་ རྩིས་ཆད་ དངུལ་ཀྲམ་ས་ཡ་༥༡༧ ལྷགཔ་ཅིག་ རྩིས་རྙོགས་ལྷག་ལུས་ཡོདཔ།

༦/༧/༢༠༡༢།  ༉ དམངས་རྩིས་ཚོགས་ཆུང་གི་ སྤྱི་ལོ་༢༠༠༦ ལས་༢༠༡༠ ཚུན་གྱི་ ལོ་བསྟར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩིས་ཞིབ་སྙན་ཞུའི་བསྐྱར་ཞིབ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ལྷག་ཆད་ཀྱི་རྩིས་ཁྲ་ དངུལ་ཀྲམ་ས་ཡ་༨༩༨.༦༡༧ ཐོན་ཡོད་པའི་གྲས་ལས་ ད་ལྟོ་ཡང་ རྩིས་ཆད་ཀྱི་ རྩོད་གཞི་མཇུག་མ་བསྡུ་བར་ཡོད་པའི་ རྩིས་ཆད་དངུལ་ཀྲམ་ས་ཡ་༥༡༧.༡༦༣ དེ་ཅིག་ ལྷག་ལུས་འདུག་ཟེར་ཨིན་པས།
རྩིས་ཞིབ་སྙན་ཞུ་དང་འབྲེལ་བའི་ རྩིས་ཆད་ཀྱི་ རྩོད་གཞི་མཇུག་བསྡུ་མ་ཚུགས་པར་ཡོད་པའི་ མ་དངུལ་ཡོངས་བསྡོམས་ས་ཡ་༥༡༧.༡༦༣ ཡོད་ས་ལས་ དངུལ་ཀྲམ་ས་ཡ་༣༩.༤༠༥ དེ་ ངན་ལྷད་དང་ ལྐོག་ཟ་ དེ་ལས་ ཚུལ་མིན་ལག་ལེན་དང་འབྲེལ་བའི་ རྩོད་གཞི་ཚུ་ཨིན་པས།


དེ་ལས་ རྩོད་གཞི་དེ་ཚུའི་ རྩིས་ཆད་ དངུལ་ཀྲམ་ས་ཡ་༢༦.༦༨༠ དང་འབྲེལ་བའི་ རྩོད་གཞི་༢༣ ཡོད་མི་དེ་ ལ་ལུ་ཅིག་ ཁྲིམས་ཀྱི་འདུན་སར་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ཚུ་ནང་ལྷོད་དེ་ དབྱེ་བཤེར་འབད་བའི་བསྒང་ཡོད་རུང་ རྩིས་ཆད་ལྷག་ལུས་ཡོད་མི་ཚུ་ མཐོ་གཏུགས་ཀྱི་དབང་འཛིན་ག་ལུ་ཡང་ མ་བཏང་པས་ཟེར་ཨིན་པས།
དབང་འཛིན་ཚུ་ནང་ ལྷོད་དེ་ཡོད་པའི་ རྩིས་ཆད་སྙན་ཞུ་ཚུ་ཡང་ སྤྱི་ལོ་༢༠༠༦ ཚུན་གྱི་ རྩིས་ཆད་རྩོད་གཞིའི་ནང་ དངུལ་ཀྲམ་ས་ཡ་༠.༤༩༣ དང་འབྲེལ་བའི་ རྩོད་གཞི་ཁག་༣ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ཡོདཔ་ད་ སྤྱི་ལོ་༢༠༠༧ གྱི་ རྩིས་ཞིབ་སྙན་ཞུ་དང་འབྲེལ་བའི་ རྩིས་ཆད་ དངུལ་ཀྲམ་ས་ཡ་༠.༥༧༦ དང་འབྲེལ་བའི་རྩོད་གཞི་༢ ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་གནང་སྟེ་ འཁྲུན་ཆོད་དང་འཁྲིལ་བའི་ ཉེས་བྱ་བཀལ་དགོཔ་ཚུ་ལུས་ནུག་ཟེར་ཨིནམ་ད་ ད་རུང་ དངུལ་ཀྲམ་ས་ཡ་༠.༣༣༩ དང་འབྲེལ་བའི་རྩོད་གཞི་༢ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དབྱེ་བཤེར་འབད་བའི་བསྒང་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ཀྱི་ རྩིས་ཞིབ་སྙན་ཞུའི་ནང་འབད་བ་ཅིན་ དངུལ་ཀྲམ་ ས་ཡ་༠.༣༤༦ དང་འབྲེལ་བའི་ རྩོད་གཞི་༢ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ཡོདཔ་ད་ སྤྱི་ལོ་༢༠༠༩ གི་ རྩིས་ཆད་ དངུལ་ཀྲམ་ ས་ཡ་༡༤.༧༣༥ དང་ འབྲེལ་བའི་རྩོད་གཞི་༥ ཁྲིམས་ཀྱི་འདུན་སར་དང་ དངུལ་ཀྲམ་ ས་ཡ་༠.༢༦༠ དང་འབྲེལ་བའི་ རྩོད་གཞི་༡ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ དེ་ལས་ སྤྱི་ལོ་༢༠༡༠ གི་ རྩིས་ཆད་ནང་ལས་ དངུལ་ཀྲམ་ས་ཡ་༥.༤༩༥ དང་འབྲེལ་བའི་རྩོད་གཞི་༥ ཁྲིམས་ཀྱི་འདུན་སར་དང་ དངུལ་ཀྲམ་ས་ཡ་༤.༤༣༦ དང་འབྲེལ་བའི་ རྩོད་གཞི་༣ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལྷོད་དེ་འདུག་ཟེར་ཨིན་པས།
ད་རེས་ གཙུག་སྡེ་ཁག་སོ་སོའི་ནང་ བྱ་ལེན་འཐབ་པའི་བསྒང་ཡོད་པའི རྩིས་ཆད་ དངུལ་ཀྲམ་ ས་ཡ་༢༦.༦༨༠ ཀྱི་ལྷག་ལུས་ དངུལ་ཀྲམ་ ས་ཡ་༤༩༡.༠༥༩ དེ་ ད་ཚུན་ འབྲེལ་ཡོད་བྱ་ལེན་འཐབ་མི་ མཐོ་མཏུགས་དབང་འཛིན་ག་ལུ་ཡང་ མ་བཏང་བར་ ལུས་ནུག་ཟེར་ དམངས་རྩིས་ཚོགས་ཆུང་གི་ སྙན་ཞུའི་ནང་བཀོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ལས་༢༠༡༠ ཚུན་གྱི་ རྩིས་ཞིབ་སྙན་ཞུའི་ རྩིས་ཆད་ཀྱི་ རྩོད་གཞི་མཇུག་མ་བསྡུ་བ་ཡོད་མི་ཚུ་གི་གྲས་ལས་ མཐོ་ཤོས་ར་ གཞུང་གི་ལྷན་ཁག་དང་ ལས་ཁུངས་ཚུ་དང་འབྲེལ་བའི་ རྩིས་ཆད་ དངུལ་ཀྲམ་ས་ཡ་༣༣༡.༥༣༨ ཡོདཔ་ད་ དེ་གི་ཤུལ་ལས་ དངུལ་འབྲེལ་གཙུག་སྡེ་དང་ ལས་འཛིན་ཚུ་གི་ རྩིས་ཆད་ དངུལ་ཀྲམ་ས་ཡ་༡༣༡.༤༢༨ དེ་ཅིག་ རྩིས་རྙོགས་མ་སེལ་ཡོདཔ་མ་ཚད་ དབང་འཛིན་ག་ལུ་ཡང་མ་བཏང་པར་ བཞག་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment