གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཁྱད་འཕགས་ཅན་གྱི་ ལས་རིམ་ཐེངས་༢ པ་མཇུག་བསྡུ་ཡོདཔ།

 དེ་ཡང་ སྐད་འཐེན་མི་ལས་ དྲག་ཤོས་་ཐོན་མི་ ཀུན་ལེགས་དབང་མོ་གིས་ གསོལ་རས་དངུལ་ཀྲམ་འབུམ་༣ ཐོབ་ཡོདཔ་ཨིན་པས
འབྲུག་ཁྱད་འཕགས་ཅན་ཐེངས་༢ པ་ལས་
 ཨང་དང་པ་ཐོན་མི་ ཀུན་ལེགས་དབང་མོ།

༩/༧/༢༠༡༢། ༉ མི་མང་ལུ་སྤྲོ་བ་སྦོམ་བྱུང་བཅུག་མི་ འབྲུག་ཁྱད་འཕགས་ཅན་གྱི་ ལས་རིམ་ཐེངས་༢ པ་དེ་ སྤྱི་ཟླ་༣ པའི་ཚེས་༢༤ ལས་ འགོ་བཙུགས་སྤྱི་ཟླ་༧ པའི་ཚེས་༨ ཚུན་ ཧ་ལམ་ཟླ་ངོ་ ༤ གི་རིང་ལུ་ གླུ་གཞས་འཐེན་ནི་དང་ ལེའུ་བསྒྱུར་ནི་ དེ་ལས་ བློ་ཟེ་བསྒྱུར་ཐོག་ལས་སྦེ་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ ཕུན་སུམ་དཔལ་རི་ ན་གཞོན་གོང་འཕེལ་མ་དངུལ་གྱི་ ཁྲབ་སྟོན་ཁང་ནང་སྦེ་ མཇུག་བསྡུ་བའི་ཉིནམ་དང་འབྲེལ་ མི་མང་ལུ་ སྤྲོ་སྟོན་གྱི་ལས་རིམ་ཚུ་ གསལ་སྟོན་འབད་ཐོག་ལས་ ལས་རིམ་ཁག་༣ ནང་བཅའ་མར་གཏོགས་མི་ དྲག་ཤོས་ཚུ་ལུ་ གསོལ་རས་ཚུ་བྱིན་ཡོདཔ་ཨིན་པས།དེ་ཡང་ རང་ལུགས་ཀྱི་ཞབས་བྲོ་གཞུང་སྒྲ་དང་ བོད་སྒྲ་ དེ་ལས་ རིག་གསར་གྱི་ སྐད་འཐེན་མི་ཡོངས་བསྡོམས་ མི་གྲངས་༡༦ དང་ ཞབས་ཁྲའི་ལེའུ་འཁྲབ་མི་ སྡེ་ཚན་༨ དེ་ལས་ བློ་ཟེ་བསྒྱུར་མི་ མི་གྲངས་༥ གིས་ བཙག་འཐུ་གྲུབ་སྟེ་ ཕན་ཚུན་གྱི་བར་ན་ དོ་འགྲན་ཚུ་འབད་ཡོདཔ་ཨིན་པས།
སྐད་འཐེན་མི་ཚུ་གི་བར་ན་ དོ་འགྲན་འབད་དེ་ མི་མང་གྱི་ཚོགས་རྒྱན་དང་ དྲང་དཔོན་གྱི་སྐུགས་བསྡོམས་ཐོག་ལས་ དབྱེ་དཔྱད་གོ་རིམ་བཞིན་དུ་འབད་དེ་ མཐའན་མཇུག་ལུ་ དྲག་ཤོས་མི་གྲངས་༦ བཙག་འཐུ་འབད་ཡོདཔ་ད་ ཞབས་ཁྲ་ལེའུ་འཁྲབ་མི་དང་ སྡེ་ཚན་བརྒྱད་ལས་ སྡ྄ེ་ཚན་༣ བཙག་འཐུ་འབད་བའི་ཁར་ བློ་ཟེ་བསྒྱུར་མི་ མི་གྲངས་༥ ལས་༣ མཐའ་བཅད་གྱི་དོན་ལུ་བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ བདུན་མཐའ་གི་ ཕྱི་རུའི་ཆུ་ཚོད་༣ ལས་༦ ཚུན་དོ་འགྲན་འབད་ཡོདཔ་ཨིན་པས།
མཐའ་བཅད་འགྲན་བསྡུར་ནང་ སྐད་འཐེན་མིའི་གྲས་ལས་ ཀུན་ལེགས་དབང་མོ་ ཀུན་བཟང་རྡོ་རྗེ་ ཕུརཔ་བཟངམོ་ འཆི་མེད་དབང་མོ་ བསོད་ནམས་རྒྱ་མཚོ་ བྱང་ཆུབ་ཆོས་སྒྲོན་༦ གིས་ལྷོད་ཡོདཔ་ད་ ཁ་ཙ་ ཀུན་ལེགས་དབང་མོ་གིས་ ཚོགས་རྒྱན་ཡོངས་བསྡོམས་འབུམ་གཅིག་དང་སྟོང་ཕྲག་ལྔ་བཅུ་ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ ལེའུ་བསྒྱུར་མིའི་གྲས་ལས་ འབྲུག་ཋའི་བུཚ་གིས་ ཨང་དང་པ་དང་ སྤ་རོ་ལས་ཨིན་མི་ རིག་འཛིན་སྒྲོལ་མ་གིས་ བློ་ཟེ་བསྒྱུར་ནི་ལས་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
ཀུན་ལེགས་དབངམོ་གིས་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་འབུམ་༣ དང་ ཨང་གཉིས་པ་ཐོན་མི་ ཀུན་བཟང་རྡོ་རྗེ་གིས་ གསོལ་རས་ དངུལ་ཀྲམ་འབུམ་༢ དེ་ དེ་ལས་ ཨང་༣ པ་ཐོན་མི་ ཕུརཔ་བཟངམ་གིས་ གསོལ་རས་ དངུལ་ཀྲམ་འབུམ་༡ དང་སྟོང་ཕྲག་༥༠ ཐོབ་ཡོདཔ་ཨིན་པས།

འབྲུག་ཁྱད་འཕགས་ཀྱི་ དྲག་ཤོས་དྲུག།

དེ་དང་འདྲཝ་སྦེ་ བློ་ཟེ་བསྒྱུར་མི་ལས་ རིག་འཛིན་སྒྲོལ་མ་གིས་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་༨༠,༠༠༠ ནང་  ཨམ་ཀུན་ལེགས་རྒྱལམོ་གིས་ ཨང་༢ པའི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དེ་ལས་ ཨ་རྒས་བྲེ་གང་གིས་ ཨང་༣ པའི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ ཐོབ་ཡོདཔ་ཨིན་པས།
ལེའུ་བསྒྱུར་མིའི་གྲས་ལས་ འབྲུག་ཋའི་བུཚ་གིས་ ཨང་པ་༡ པའི་གསོལ་རས་དངུལ་ཀྲམ་༢༠༠༠༠༠ དང་ སེ་བཱེན་ཨིསི་ཊར་གྱིས་ ཨང་པ་༢ པའི་གསོལ་རས་ དངུལ་ཀྲམ་༡༠༠༠༠༠ དེ་ལས་ འབྲུག་དབང་ཕྱུག་ བོ་ཌར་གྱིས་ ཨང་༣ པའི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ ཐོབ་ཡོདཔ་ཨིན་པས།
འབྲུག་ཁྱད་འཕགས་ཅན་གྱི་ ལས་རིམ་འགོ་འདྲེན་འཐབ་མི་ དཀོན་མཆོག་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་ཁྱད་འཕགས་ཅན་གྱི་ ལས་རིམ་ཐེངས་༢ པ་དེ་ ཧེ་མའི་ ལས་རིམ་དང་ཕྱདཔ་ད་ མ་འདྲཝ་སྦེ་ར་ འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་དེ་ཡང་ མི་སེར་ཚུ་ལུ་ སྤྲོ་བ་བྱུང་ཐབས་ལུ་ཨིན་ཟེར་ཨིན་པས།
བློ་ཟེ་བསྒྱུར་ནིའི་དམིགས་ཡུལ་དེ་ ཕམ་རྒན་ཤོས་ཚུ་གི་དོན་ལུ་གོ་སྐབས་དང་ དཔེ་སྟོན་བཟང་པོ་ཅིག་ཨིནམ་མ་ཚད་ བློ་ཟེ་ཟེར་མི་དེ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
འདི་དང་འབྲེལ་ ཞབས་བྲོ་སྐད་འཐེན་མི་དྲག་ཤོས་༦ དང་ འགོ་འདྲེན་འཐབ་མི་ལུ་ འབྲུག་གནམ་གྲུ་ལས་འཛིན་གྱིས་  སྤ་རོ་ལས་ བེང་ཀོག་ལུ་ འཕུར་འགྲུལ་གྱི་ཤོག་འཛིན་ བདུན་ཕྲག་༡ གི་རིང་ལུ་ སྡོད་ནིའི་རྒྱབ་སྐྱོར་འབད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment