གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་གིས་ བདེ་སྲུང་ སྡེ་ཚན་༤ པའི་སྦྱོང་བརྡར་བ་ཚུ་དང་ མཇལ་ཕྲད།

 ༡༤/༧/༢༠༡༢། ཁ་ཙ་དྲོ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་དམག་སྦྱོང་ལྟེ་བའི་ནང་ བདེ་སྲུང་གི་ སྦྱོག་བརྡར་འབད་བའི་བསྒང་ཡོད་མི་ སྡེ་ཚན་༤ པ་དང་ མཇལ་ཕྲད་མཛད་གནང་སྟེ་ ང་བཅས་ག་ར་ རྒྱབ་རྟེན་སོ་སོ་ལས་ཨིན་རུང་ ང་བཅས་རའི་ མཉམ་རོགས་མི་སེར་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ བློ་འདོད་བསྐྱེད་དེ་ བདེ་སྲུངཔ་སྦེ་ གཅིག་མཐུན་དང་ལེན་འབདཝ་ཨིན་ཟེར་ གསུངས་གནང་ནུག།
དེ་གི་ཤུལ་ལས་ མི་དབང་མཆོག་གིས་ དབང་འདུས་རྫོང་ཁག་གི་ འགོ་དཔོན་ཚུ་དང་ རྒཔོ་ དམངས་མི་ ཚོགས་པ་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ མི་དབང་མངའ་ཞབས་མཆོག་གིས་ སྤུ་ན་ཁ་རྫོང་ཁག་གི་ རྫོང་ཁག་བདག་སྐྱོང་འགོ་དཔོན་དང་ རྒཔོ་ དམངས་མི་ ཚོགས་པ་ཚུ་དང་གཅིག་ཁར་ཡང་ མཇལ་ཕྲད་གནང་ཡོདཔ་ད་ མི་དབང་མཆོག་དང་ ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་བྱོན་ཡོད་པའི་གནས་ཚུལ།

No comments:

Post a Comment