གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

 ༡༢/༧/༢༠༡༢། སྤྱི་ཟླ་༧ པའི་ཚེས་༡༠ ལུ་ ཐིམ་ཕུ་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ འབྲུག་ལུ་ ཕིན་ལེནཌི་གི་གཞུང་ཚབ་ ཏེ་རི་ ཧ་ཀ་ལ་དང་  ནི་དར་ལེནསི་གི་གཞུང་ཚབ་ བཱོབ་ཧེན་རི་ཧེནཆི་ དེ་ལས་ ནོར་ཝེ་གི་གཞུང་ཚབ་ ཨཱན་ཨོ་ལེསི་ཊེཌི་༣ གྱིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཁ་བྲལ་མཇལ་ཕྲད་ཞུ་ཡི།
བློན་ཆེན་མཆོག་གིས་ གཞུང་ཚབ་ཚུ་ལུ་ གནས་ཡུན་མཐར་འཁྱོལ་ཅན་སྦེ་ མཇུག་བསྡུཝ་མ་ཚད་ འབྲུག་དང་ རྒྱལ་ཁབ་༣ གྱི་བར་ན་ མཐུན་ལམ་དམ་ཟབ་ བཟོ་ནིའི་ནང་ འགན་ཁུར་རྩ་ཅན་འབག་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ ཡོད་ལུགས་ཚུ་གསུངས་ཡི།
དབུ་ཁྲིདཔ་ཚུ་གིས་ འབྲུག་གིས་ ཡུན་བརྟན་ཞི་བདེ་དང་ དགའ་སྐྱིད་གཞི་བཞག་ཐོག་ གོང་འཕེལ་གྱི་ མཚོན་དཔེ་གསརཔ་ གསར་བཏོན་འབད་མི་དང་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཉེན་སྲུང་ཚོགས་སྡེ་ནང་ གཏན་འཇགས་མིན་པའི་ སྡོད་ཁྲིའི་དོན་ལུ་ རེ་འདུན་བསྐྱེད་མི་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱིས་ འཕྲལ་ཁམས་ཅིག་ཁར་ འཛམ་གླིང་དགའ་སྐྱིད་ཀྱི་ཉིནམ་ གསལ་བསྒྲགས་འབད་མི་གིས་གཙོས་པའི་  གནད་དོན་གཞན་གྱི་སྐོར་ལས་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment