གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་འཕུར་འགྲུལ་ཞབས་ཏོག་ གནས་སྐབས་ཅིག་ བཀག་བཞག་ཡོདཔ།


༩/༧/༢༠༡༢། ༉ རྒྱལ་ཁབ་ནང་ ནང་འཁོད་གནམ་ཐང་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ མེད་མི་ལུ་བརྟེན་ འཕུར་འགྲུལ་ཞབས་ཏོག་ཚུ་ གནས་སྐབས་ཅིག་གི་དོན་ལུ་ བཀག་བཞག་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ རེས་གཟའ་པ་སངས་ལུ་ ཉེན་སྲུང་གི་གནད་ལུ་བརྟེན་ བུམ་ཐང་བོད་པ་བརླགས་ཐང་གི་ གནམ་གྲུའི་ཞབས་ཏོག་དེ་ མཚམས་འཇོག་འབད་བཞག་ཡོདཔ་ད་ བཀྲ་ཤིས་སྒང་ ཡོན་ཕུ་ལ་ལུ་ འདས་པའི་ཟླཝ་འགོ་བཙུགས་ཁམས་ལས་ བཀག་ཆ་འབད་བཞག་ཡོདཔ་ཨིན་པས།


དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ མཁའ་འགྲུལ་ལས་འཛིན་གྱི་ འགོ་དཔོན་སྡེ་ཚན་ཅིག་གིས་ གནམ་ཐང་ཚུ་ནང་ ཞིབ་དཔྱད་འབད་བར་འགྱོ་བའི་སྐབས་ བོད་པ་བརླག་ཐང་གི་ གནམ་ཐང་ནང་ རྡོ་རུ་ཆུང་ཀུ་ཅིག་ སྤོག་སོང་ཡོདཔ་སྦེ་ མཐོང་ཡོདཔ་ད་ ཡོན་ཕུ་ལ་གནམ་ཐང་ནང་ཡང་ བརྒྱ་ཚད་ཨིན་ཅི་༦ དང་༡༠ གྱི་བར་ན་ སེར་གུ་ཐོན་ཡོད་པའི་ཁར་ རྡོ་རུ་ཚུ་ཡང་ སྤོག་སོང་ཡོདཔ་མཐོང་མི་ལུ་བརྟེན་ ཉེན་སྲུང་གི་དོན་ལུ་ ཞབས་ཏོག་དེ་ བཀག་ཆ་འབད་དགོཔ་ཐོན་ཡི་ཟེར་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་ སྤྱི་ཁྱབ་འཛིན་སྐྱོང་པ་ཅིག་ཨིན་མི་ རྣམ་རྒྱལ་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཨིན་རུང་ རྣམ་རྒྱལ་དབང་ཕྱུག་གིས་འབད་བ་ཅིན་ གནམ་ཐང་༢ ཆ་རའི་ནང་ མཁའ་འགྲུལ་ཞབས་ཏོག་ཚུ་ དུས་ཅི་ སྤྱི་ཟླ་༩ པའི་ནང་ ལས་ ལོག་འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།


No comments:

Post a Comment