གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་མཁོ་མངགས་ཀྱི་ལམ་ལུགས་ ཏན་ཏན་མེདཔ།

༡༣/༧/༢༠༡༢   ༉ ཕུན་ཚོགས་གླིང་ལུ་ ཚོད་བསྲེ་སྦུང་ཚོང་སྦེ་ ལེན་པར་སོང་མི་ ཚོད་བསྲེ་ཚོང་པ་༡༤ གིས་ སླབ་མིའི་ནང་ སྤྱི་ཟླ་༦འི་ཚེས་༡༡ ལུ་ ཚོད་བསྲེ་མེ་ཊིག་ཊཱོན་༦༥ ལེན་མ་བཏུབ་པར་ རྩོད་རྙོགས་དང་པ་ཐོན་པའི་ཤུལ་ལས་ ཚོད་བསྲེ་ཚུ་ དུས་ཚོད་ལུ་ ལེན་ཚུགསཔ་མ་ཚད་ སྤུས་ཚད་ཡང་ ལེགས་ཤོམ་ཡོད་རུང་ སྦུང་ཚོང་རྐྱབ་མི་ཚུ་གིས་ ཚོད་བསྲེ་མང་ཉུང་ག་དེམ་ཅིག་ མཁོ་མངགས་འབད་དགོཔ་ཨིན་ན་ ད་ལྟོའི་བར་ན་ཡང་ ཏན་ཏན་སྦེ་ ཧ་གོ་མ་ཚུགས་པར་ མགུ་འཐོམ་སྟེ་ཡོད་ཟེར་ཨིན་པས།
ཚོད་བསྲེ་སྦུང་ཚོང་ཐོག་བཙོང་མི་ཚུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ དོས་ཁང་ནང་ སྒུག་སྡོད་པའི་བསྒང་།


དེ་ཡང་ རེས་གཟའ་ཕུར་བུ་ལུ་ ཕུན་ཚོགས་གླིང་འབྲུག་བཟའ་སྤྱོད་ལས་འཛིན་གྱི་ དོས་ཁང་ནང་ བསྒུགས་སྡོད་མི་ ཚོད་བསྲེ་སྦུང་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ ཁོང་ལུ་ ཚོད་བསྲེ་རྩིས་མ་སྤྲོད་པའི་ ཉིནམ་༡ གི་ཧེ་མར་ ཚོད་བསྲེ་ཚུ་ མཁོ་མངགས་འབད་དགོ་ཟེར་ཨིནམ་ད་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ རྒྱ་གར་གྱི་ཁྲོམ་སྡེ་ ཕ་ལ་ཀ་ཊ་ལས་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ ཐད་ཀར་དུ་ ཉོ་ཞིནམ་ལས་ རེས་གཟའ་ཕུར་བུའི་ ཉིན་མ་ར་ སྦུང་ཚོང་འཐབ་མི་ཚུ་ལུ་ མཁོ་སྤྲོད་འབད་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁོང་གིས་ མཁོ་མངགས་འབད་མི་ ཚོད་བསྲེ་ཚུ་ ཕུན་ཚོགས་གླིང་གི་ དོས་ཁང་ནང་ ལྷོད་པའི་ཤུལ་ལུ་ མཁོ་མངགས་བཀོད་མི་ལས་ མར་ཕབ་དགོཔ་སྦེ་ འགོ་དཔོན་ཚུ་གིས་ སླབ་མས་ཟེར་ བཤད་ཡོདཔ་ད་ དེ་སྦེ་མར་ཕབ་འབད་དགོ་པ་ཅིན་ ང་བཅས་ཀྱིས་ མཁོ་མངགས་མ་འབད་བའི་ ཧེ་མ་ལས་ ང་བཅས་ལུ་ སླབ་དགོ་ཟེར་ ཤིང་འབྲས་བཙོང་མི་ཅིག་གིས་ བཤད་པའི་ཁར་ ང་བཅས་ཀྱིས་ ག་དེམ་ཅིག་ མཁོ་མངགས་འབད་དགོཔ་ཨིན་ན་ བརྡ་དོན་ཁ་གསལ་ཅིག་ ག་ནི་ཡང་མིན་འདུག་ཟེར་ སླབ་ཨིན་པས།
གལ་སྲིད་ ང་བཅས་ཀྱིས་ ཚོད་བསྲེ་ཀེ་ཇི་༥༠ གི་ མཁོ་མངགས་མ་བཀོད་པ་ཅིན་ ཚོང་འབྲེལ་ནང་བཅའ་མར་གཏོགས་མི་ཆོག་ཟེར་ སླབ་མ་ཚད་ དེ་དང་འཁྲིལ་ མཁོ་མངགས་འབདཝ་ད་ ཚོད་བསྲེའི་མཁོ་མངགས་བཀོད་མི་ མར་ཕབ་རྐྱབ་དགོཔ་སྦེ་ སླབ་མས་ཟེར་ ཚོད་བསྲེ་སྦུང་ཚོང་རྐྱབ་མི་ཅིག་གིས་ སླབ་ཨིན་པས།
ཚོད་བསྲེ་སྦུང་ཚོང་རྐྱབ་མི་ཚུ་གིས་ ཚོད་བསྲེ་ཨེ་མ་དང་ སྐྱ་སྒོགཔ་ སྒོགཔ་ བླམ་བན་ད་ དེ་ལས་ ཤིང་འབྲས་ཚུ་གི་གྲས་ལས་ ཀི་ཝི་དང་ ཨེ་པཱལ་ཚུ་ མཁོ་མངགས་འབད་དོ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ དངུལ་ཐོག་འཛིན་སྐྱོང་གོངམ་ ལྷ་རྔ་འབྲུག་པ་གིས་འབད་བ་ཅིན་ ཚོད་བསྲེ་མཁོ་མངགས་འབད་མི་ཚུ་ མར་ཕབ་ཐོག་ བདེ་སྒྲིག་བཟོ་དགོ་མི་དེ་ཡང་ ཚོད་བསྲེའི་རིགས་ཚུ་ རྒྱ་གར་གྱི་ཏི་རུ་ རུ་པི་ས་ཡ་༡ གི་ནང་འཁོད་ལུ་ ཉོ་འདྲེན་འབད་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
རྒྱ་གར་གྱི་རུ་པི་ས་ཡ་༡ སྦུང་ཚོང་རྐྱབ་མི་༡༤ གི་དོན་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ བདུན་ཕྲག་རེའི་ནང་ཚར་རེ་ སྤྲོད་དོ་ཡོདཔ་ཨིན་པས།
བདུན་ཕྲག་འདི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ གནས་གོང་དངུལ་ཀྲམ་༥༠༠,༠༠༠ རེ་གནས་པའི་ ཚོད་བསྲེ་མེ་ཊིག་ཏཱོན་༡༩ དང་ ཤིང་འབྲས་མེ་ཊིག་ཊཱོན་༩ ནང་འདྲེན་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment