གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ལས་རྒྱབ་སྐྱོར་མེད་པ་ཅིན་ གྲོང་གསེབ་ལོ་ཐོག་ ཉེན་བཅོལ་ལས་རིམ་ འགོ་འདྲེན་འཐབ་མི་ཚུགས་ནི།


༡༠/༧/༢༠༡༢། ༉ ལོ་ཅིག་གི་རིང་དཀའ་སྤྱད་མི་ལུ་ གྲུབ་འབྲས་མེདཔ་འགྱོ་མིའི་ གནད་དོན་གཙོ་བོ་ཅིགཔ་དེ་ སོ་ནམ་ཞིང་ལཱ་འབད་མིའི་ཐོན་སྐྱེད་ལུ་ རི་དྭགས་སེམས་ཅན་གྱིས་གནོད་པ་དང་ རང་བཞིན་དང་འབྲེལ་བའི་རྐྱེན་ངན་ ཆར་ཆུ་ལུ་བརྟེན་པའི་ཆུ་རུད་ འཕོ་འགྱུར་ངེས་གཏན་མེད་པའི་སེརཝ་རྐྱབ་མི་ དེ་ལས་ རླུང་འཚུབ་ཀྱིས་ མེདཔ་བཏང་མི་ཚུ་ལུ་བརྟེན་ བྱུང་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ དོ་འགྲན་ཅན་གྱི་ སོ་ནམ་ལག་ལེན་ལུ་ ལོ་ཐོག་ཉེན་བཅོལ་ཐབས་ལམ་ཅིག་ཡོད་པ་ཅིན་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་ཨིན་རུང་ ཉེན་བཅོལ་ལམ་ལུགས་གཞི་བཙུགས་ཀྱི་དོན་ལུ་ དཀའ་ངལ་ཡོདཔ་ལས་ ད་ཚུན་ གཞུང་དང་ གཞུང་མིན་ལས་སྡེ་ ག་གིས་ཡང་ ལོ་ཐོག་ཉེན་བཅོལ་གྱི་ལམ་ལུགས་ཅིག་གཞི་བཙུགས་འབད་འབདཝ་མེདཔ་ཨིན་པས།
འདས་པའི་བདུན་ཕྲག་གི་སྤྱི་ཚོགས་ནང་ གནས་སྟངས་དེ་དང་འབྲེལ་བའི་ གསུང་གྲོས་བྱུང་མིའི་ནང སྤུ་ན་ཁའི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱིས་ སོ་ནམ་བློན་པོ་ལུ་ ལོ་ཐོག་ཉེན་བཅོལ་ལས་རིམ་དང་འབྲེལ་བའི་ འཆར་གཞི་སྐོར་ལས་ དྲི་བཀོད་ཞུ་བའི་ལན་ལུ་ བློན་པོ་གིས་ ཉེན་བཅོལ་ལས་འཛིན་དང་གཅིག་ཁར་ གནད་དོན་འདི་གི་སྐོར་ལས་ གྲོས་བསྡུར་འབདཝ་ད་ ཁེ་སང་གི་འོས་འབབ་མེདཔ་ལས་ ལས་རིམ་གཞི་བཙུགས་ཀྱི་ དང་འདོད་མི་བསྐྱེད་པས་ཟེར་ཨིན་པས།
འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱི་ འགོ་དཔོན་གྱིས་སླབ་མིའི་ནང་ གནས་སྟངས་དེ་དང་འབྲེལ་བའི་ ཐབས་ལམ་འོས་འབབ་དེ་ གཞུང་གིས་ མ་དངུལ་ལྷན་ཐབས་ཀྱི་ རྒྱབ་སྐྱོར་འབད་ན་མ་གཏོགས་ དེ་མིན་ ཚོང་འབྲེལ་གནས་སྟངས་ནང་ ལོ་ཐོག་ཉེན་བཅོལ་ལས་རིམ་གྱི་ འོས་འབབ་རྩ་ལས་ར་ མིན་འདུག་ཟེར་ཨིནམ་ད་ སོ་ནམ་ལྷན་ཁག་ལུ་ཡང་ ཉེན་བཅོལ་ལས་རིམ་གྱི་ གྲོས་འཆར་ཚུ་ ཕུལ་ཡོདཔ་ཨིན་ཟེར་ཨིན་པས།
ལས་འཛིན་གྱི་གྲོས་འཆར་དེ་ཡང་ གྲོང་གསེབ་ཁྱིམ་གྱི་ཉེན་བཅོལ་ལས་རིམ་ལུ་གཞི་བཞག་ཐོག་ ལོ་ཐོག་ཉེན་བཅོལ་ལས་རིམ་ཅིག་ གཞི་བཀོད་འབད་དེ་ ཕུལ་ཡོདཔ་ད་ དེ་ཡང་ ལས་འཛིན་གྱིས་ ཉེན་བཅོལ་ལམ་ལུགས་དེ་ སོ་ནམ་པ་ཚུ་གིས་ ལོ་བསྟར་ཉེན་འཐུས་ཀྱི་ཚད་གཞི་ཅིག་ བཟོ་ཡོད་མི་དང་འཁྲིལ་ བཏབ་ཞིནམ་ལས་ ལོ་ཐོག་ལུ་གནོད་སྐྱོན་རེ་བྱུངམ་ད་ རྒུད་འཐུས་ཐོབ་ལམ་ བཟོ་མི་དང་འཁྲིལ་སྤྲོད་ནི་དང་ གལ་སྲིད་ ལས་འཛིན་ལུ་ རྒུད་ཀྱི་གནས་སྟངས་རེ་ཐོན་པ་ཅིན་ གཞུང་གིས་ ལྷན་ཐབས་འབད་དགོཔ་སྦེ་ཨིན་པས།
ལས་འཛིན་གྱིས་ཕུལ་མི་གྲོས་འཆར་དང་འཁྲིལཝ་ད་ ས་ཞིང་ཨེ་ཀར་༡ མན་ཆད་འབད་མི་གིས་ ལོ་བསྟར་དངུལ་ཀྲམ་༤༠༠ རེ་དང་ དེ་གི་ ཉེན་བཅོལ་ཐོབ་ལམ་ ཡོངས་བསྡོམས་ དངུལ་ཀྲམ་༤༠,༠༠༠ རེ་ས་ཆ་ཨེ་ཀར་༡ ལས་༣ ཚུན་གྱི་བར་ན་འབད་མི་ལུ་ ལོ་བསྟར་ཉེན་བཅོལ་འཐུས་ དངུལ་ཀྲམ་༦༠༠ རེ་འབད་མི་ལུ་ ཉེན་བཅོལ་ཐོབ་ལམ་ དངུལ་ཀྲམ་༦༠,༠༠༠ དང་ ས་ཆ་ཨེ་ཀར་༣ ཡན་ཆད་ཉེན་བཅོལ་འབད་མི་ཚུ་གིས་ འཐུས་དངུལ་ཀྲམ་༡༠༠༠ རེ་དང་ ཐོབ་ལམ་ཡང་ དངུལ་ཀྲམ་༡༠༠,༠༠༠ རེ་སྦེ་ བཀོད་ཡོདཔ་ཨིན་པས།
དེ་འབདཝ་ད་ ལྷན་ཁག་ལས་ གྲོས་འཆར་དེ་ལུ་ ལུགས་མཐུན་གྱི་ལན་གསལ་ཅིག་ ད་ཚུན་ ག་ནི་ཡང་མ་ལྷོད་ཟེར་ ལས་འཛིན་འགོ་དཔོན་གྱིས་བཤད་པའི་ཁར་ ན་ཧིང་ སོ་ནམ་ལྷན་ཁག་གི་འགོ་དཔོན་ཚུ་དང་ ལས་འཛིན་གྱི་འགོ་དཔོན་ཚུ་ མཉམ་འབྲེལ་ཐོག་ ས་གནས་ཁར་ འོས་འབབ་བལྟ་ཞིབ་ཀྱི་ ལྟ་སྐོར་ལུ་སོང་ཡི་ཟེར་ཨིན་པས།
ལས་འཛིན་འགོ་དཔོན་གིས་འབད་བ་ཅིན་ གཞུང་ལས་ རྒྱབ་སྐྱོར་མེད་པར་ ལས་འཛིན་གྱིས་ མི་མང་ཞབས་ཏོག་སྦེ་ ལག་ལེན་འཐབ་པ་ཅིན་ གྱོང་རྒུད་སྦོམ་སྦེ་ ཕོག་ནིའི་ཉེན་ཁ་ཡོད་པའི་ཁར་ སོ་ནམ་པ་ཚུ་གིས་ཡང་ ལོ་བསྟར་ཉེན་འཐུས་བཏབ་མ་ཚུགས་པའི་ གནས་སྟངས་ཚུ་འབྱུང་ནི་ཨིནམ་ལས་ ངོས་ལེན་འབད་མ་ཚུགས་ཟེར་ཨིན་པས།
གཞུང་གིས་ གྲོས་འཆར་ཕུལ་མི་དང་འཁྲིལ་ ངོས་ལེན་འབད་བ་ཅིན་ ཉེན་བཅོལ་ལམ་ལུགས་དེ་ ལག་ལེན་འཐབ་ནི་ལུ་ རྒྱབ་སྐྱོར་ཡོད་ཟེར་ཨིན་པའི་གནས་ཚུལ།   

བསམ་གཏན་ཡེ་ཤེས།



No comments:

Post a Comment