གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་རྫོང་གསར་བཞེངས་ཀྱི་ མ་དངུལ་གནང་པའི་བཀའ་ཤོག།

 ࿐   དེ་སྔོན་ ཆུ་འབྲུག་ཟླ་༥ པའི་ཚེས་༥ ལུའམ་ སྤྱི་ལོ་༢༠༡༢ ཟླ་༦ པའི་ཚེས་༢༤ ལུ་ འབྲུག་ཁམས་གསུམ་དབང་འདུས་ཆོས་ཀྱི་ཕོ་བྲང་དེ་  དྲག་ཁག་༣ གྱི་དམག་མི་དང་ རྫོང་ཁག་གི་ལཱ་གཡོགཔ་ བདེ་སྲུངཔ་དང་ མི་དམངས་ཀྱི་ བརྩོན་ཤུགས་ལས་བརྟེན་ཏེ་ ནང་རྟེན་རྩ་ཆེ་ཤོས་ཚུ་བདག་འཛིན་འཐབ་ཚུགས་མི་ལུ་ ང་རའི་ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་སྦོམ་ཡོད། ནང་རྟེན་ཚུ་ ང་བཅས་རའི་ ཕྱག་འཚལ་སའི་རྟེན་སྦེ་ ད་ལྟོ་བཞུགས་ཡོད་མི་འདི་ ང་བཅས་ར་མི་དམངས་ཀྱི་ ཡིད་ཆེས་དང་ ཆོས་ལྡན་རྒྱལ་ཁབ་ཀྱི་ ངོ་རྟགས་ངོ་མ་ཅིག་ཨིན་པས།
རྫོང་མེ་མཆོད་བཞེས་པའི་ ཉིནམ་ནངས་པ་ལས་ར་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ག་ར་གིས་ རང་གི་ལྕོགས་གྲུབ་དང་འཁྲིལ་ཏེ་ རྫོང་གཞིས་འདི་ འཕྲལ་རང་བཞེངས་ནི་གི་དོན་ལུ་ མ་དངུལ་ཞལ་འདེབས་ཕུལ་ནི་ལུ་ འབད་བརྩོན་བསྐྱེད་དེ་འདུག། ང་བཅས་མི་སེར་གྱི་ སེམས་ཀྱི་དམིགས་དོན་རྩ་ཅན་དང་ གཅིག་བསྒྲིལ་གྱི་ སེམས་ཤུགས་ལུ་བལྟ་སྟེ་ ང་ར་ངལ་རངས་པ་གིས་མ་ཚད་ ཡིད་ཆེས་སྦོམ་བྱུང་ཡི།
དེ་ལས་བརྟེན་ དྲག་ཁག་༣ གྱི་ དམག་སྡེའི་ཁ་ཐུག་ལས་ མ་དངུལ་ས་ཡ་བརྒྱ་གཅིག་དང་ ང་རའི་སྐྱིད་སྡུག་གཞི་བཙུགས་ནང་ལས་ མ་དངུལ་ས་ཡ་གཅིག་བརྒྱ་བཅས་བསྡོམས་ དངུལ་ཀྲམ་ས་ཡ་ཉིས་བརྒྱ་ གཞུང་གྲྭ་ཚང་ལུ་ རྫོང་སླར་བཞེངས་ཀྱི་ མ་རྩའི་དོན་ལུ་ བཙུགས་གནངམ་ཨིན།
ང་ར་འབྲུག་རྒྱལཔོ་དང་ རྫོང་ཁག་༢༠ གི་མི་སེར་ ང་བཅས་ག་ར་གཅིག་འབད་ རྒྱལ་ཁབ་ནང་ ཞི་བདེ་དང་དགའ་སྐྱིད་ཕུན་སུམ་ཚོགས་པའི་ སྨོན་ལམ་བཏབ་སྟེ་ མ་དངུལ་འདི་ཕུལཝ་ཨིན། ཞེས་རང་ལུགས་གནམ་ལོ་ཆུ་འབྲུག་ཟླ་༥ པའི་ཚེས་ ༢༥ ལུ།
འབྲུག་མངའ་བདག་རྒྱལ་པོ།

No comments:

Post a Comment