གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་རྫོང་མེ་མཆོད་བཞེས་མིའི་ ཞིབ་དཔྱད་སྙན་ཞུ།


དམག་མི་ཚུ་གིས་ རྫོང་མེ་འཚིགས་ས་ཁོངས་ནང་ལས་ ནང་རྟེན་འཚོལ་བའི་བསྒང་།
 ༧/༧/༢༠༡༢། ༉ ལོ་ངོ་༣༧༥ ལང་མི་ དབང་འདུས་ཕོ་བྲུང་རྫོང་དེ་ མེ་མཆོད་བཞེས་ཏེ་ བདུན་ཕྲུག་༢ ལང་པའི་ཤུལ་ལུ་ ཞིབ་དཔྱད་འབད་མི་ སྡེ་ཚན་གྱིས་ མེ་རྐྱེན་དེ་ གློག་ལམ་ སྐྱོན་ཞུགས་མི་ལུ་བརྟེན་ བྱུང་ནུག་ཟེར་ཨིན་པས།
ཞིབ་དཔྱད་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་ཚེ་ཉིན་མར་ གློག་ཤུགས་གྱུར་བ་དང་ མེ་རྐྱེན་མ་བྱུང་པའི་ཧེ་མར་ རྫོང་ནང ལུ་ གློག་ཐག་འཚིགས་པའི་ དྲིམ་མནམ་པའི་ཁར་ གློག་ལམ་སྐྱོན་ཞུགས་མི་ལུ་བརྟེན་ མེ་རྐྱེན་བྱུང་བྱུངམ་བཟུམ་ཅིག་འདུག་ཟེར་ཨིན་པས།

མེ་རྐྱེན་མ་བྱུང་པའི་ཧེ་མར་ འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་དང་ རྫོང་ནང་སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ གློག་ཐག་འཚིགས་དྲིམ་ཚོར་བའི་ཤུལ་ལུ་ གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ གློག་མེ་ཊིའུབ་ལཱ་ཡེཊི་ལས་ དྲིམ་མནམ་འོང་ནི་མས་ཟེར་ གློག་མེ་བསད་བཅུག་ཞིནམ་ལས་ ཕྱི་ཁའི་ གློག་མེ་བཀྲམ་སྤེལ་འབད་ས་ལུ་ བརྟག་ཞིབ་འབད་བར་སོང་ཡི་ཟེར་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་ ཆོས་རྒྱལ་དབང་འདུས་ཀྱིས་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ གློག་ཐག་དེ་ ཧེ་མ་ལས་ར་ འཚིགས་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ མེ་འབར་འབརཝ་འོང་ཟེར་ཨིནམ་ད་ གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ གློག་མེ་བཀྲམ་སྤེལ་འབད་ས་ལས་ བརྟག་དཔྱད་འབད་དེ་ལོག་ལྷོད་པའི་བསྒང་ལས་ རྫོང་ནང་ལས་ མེ་འབར་ས་མཐོང་ནུག་ཟེར་ཨིན་པས།
ས་གནས་ཀྱི་ མི་༡ གིས་ སླབ་མིའི་དང་འཁྲིལཝ་ད་ རྐྱེན་ངན་དེ་ གློག་ཐག་འཚིགས་དྲིམ་མནམ་སྟེ་ དུས་ཡུན་སྐར་མ་༣༠ ཅིག་གི་ནང་འཁོད་ལུ་བྱུང་ཡི་ཟེར་ཨིནམ་ད་ མི་རྩིས་འགོ་དཔོན་གྱི་ ཡིག་ཚང་ནང་ལས་ མེ་འབར་དེས་ཟེར་སླབ་པའི་ཤུལ་ལུ་ དུས་ཡུན་ཆུ་ཚོད་༢ དང་སྐར་མ་༣༠ གི་ནང་འཁོད་ལུ་ རྫོང་ག་ར་ མེ་གིས་འཚིགས་སོ་ཡི་ཟེར་ཨིན་པས།
ཀུན་གསལ་གྱིས་ ཤེས་དོ་བཟུམ་འབད་བ་ཅིན་ རྫོང་མེ་མཆོད་མ་བཞེས་པའི་ཉིནམ་༡ གི་ཧེ་མ་ ཡིག་ཚང་ནང་ལུ་ ལས་བྱེདཔ་ཅིག་ ལཱ་འབད་བར་ འོང་ཡོདཔ་ཨིན་རུང་ ལས་བྱེདཔ་དེ་གིས་ ལཱ་འབད་བར་འོང་ཡོད་པའི་སྐོར་ལས་ ཁ་བཟེད་མ་བཏུབ་མ་ཚད་ མི་རྩིས་འགོ་དཔོན་དང་གཅིག་ཁར་ ཕྱད་མ་ཚུགསཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་འབད་བ་ཅིན་ མེ་རྐྱེན་དེ་འགོ་དང་པ་ མི་རྩིས་ཡིག་ཚང་ནང་ལས་བྱུང་ནུག་ཟེར་ཨིནམ་ད་ ཅ་ཆས་ག་ར་མེ་གིས་འཚིགས་སོ་མི་ལུ་བརྟེན་ གློག་མེའི་མཁོ་ཆས་ཡོད་མེད་དང་ གློག་རིག་ཚུ་ མེ་བསད་ཡོད་མེད་ཚུ་གི་སྐོར་ལས་སླབ་མི་ཤེས་པས་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་ ཆོས་རྒྱས་དབང་འདུས་ཀྱིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ གློག་མེའི་མཁོ་ཆས་ཚུ་ མེ་མ་བསད་པར་ བཞག་དཔ་འདྲཝ་ཅིག་འབད་བ་ཅིན་ གློག་ལམ་སྐྱོན་ཞུགས་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
མེ་རྐྱེན་དེ་ གློག་ལམ་སྐྱོན་ཞུགས་མི་ལས་འགྱོ་ནུག་ཟེར་ ཞིབ་དཔྱད་སྡེ་ཚན་གྱིས་ སྙན་ཞུ་འབད་ཡོདཔ་ཨིན་རུང་ མི་ག་ལུ་ཡང་ ཁ་ཉེས་བཀལ་ས་མིན་འདུག་ཟེར་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་བཤདཔ་ཨིན་པས།
ཨིན་རུང་ ད་ལས་ཕར་ དྲན་པ་ཐེབས་ཅིག་ར་བཏོན་དགོ་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༩ ལུ་ མི་རྩིས་ཡིག་ཚང་གི་ གློག་ཐག་ཚུ་ག་ར་སོར་ཡི་ཟེར་ཨིན་པས།
རེས་གཟའ་པ་སངས་ལུ་ རྫོང་ཁག་༢༠ གི་རྫོང་བདག་དང་ བླམ་གནས་བརྟན་ཚུ་གིས་ ད་ལས་ཕར་རྫོང་ཚུ་མེ་ལས་ ཉེན་སྲུང་དང་ ལྡནམ་སྦེ་བཞག་ནིའི་དོན་ལུ་  ག་ཅི་རང་འབད་དགོཔ་ཨིན་ན་ཚུ་གི་སྐོར་ལས་ སྤུ་ན་ཁ་ ལོད་སྦི་ས་ལུ་སྦེ་ ཞལ་འཛོམས་འཚོགས་ཡོདཔ་ཨིན་པས།
རྫོང་མེ་མཆོད་བཞེས་ཏེ་ བདུན་ཕྲག་༢ ལྷག་སོང་རུང་ ད་ལྟོ་བར་ན་ཡང་ ས་འོག་ལུ་ཡོད་མི་ རག་རོ་ཚུ་དྲོད་འདུག་ཟེར་ ལས་བྱེདཔ་ཚུ་གིས་བཤད་པའི་ཁར་ ཁོང་ཚུ་གིས་ ཉིམ་ཤར་རུང་ ཆརཔ་རྐྱབ་རུང་ དེ་ལུ་འཚེར་སྣང་མ་སྐྱེད་པར་ རྟེན་བཏོན་ནིའི་ནང་ ལཱ་རྩ་འགེངས་འབད་དོ་ཟེར་ཨིན་པས།
ས་འོག་ལས་ ནང་རྟེན་འཚོལ་ཞིབ་འབད་མི་ནང་ ལཱ་འབད་མི་ དམག་མི་༤༠ དེ་ཅིག་ཡོདཔ་ད་ཁོང་གིས་ དྲོ་པ་ཆུ་ཚོད་༨ ལས་ཕྱི་རུའི་ ཆུ་ཚོད་༥ ཚུན་ ལཱ་འབད་བའི་ཤུལ་ལུ་ ཁ་ཙ་ དམག་མི་ཚུ་གིས་ རྡོ་རྗེ་གྲོ་ལོད་དང་ སྟོན་པ་ དེ་ལས་ པདྨ་གླིང་པའི་སྐུ་ དེ་ལས་ ཕུརཔ་༡ ཐོབ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༤ ཚུན་ གྲྭ་ཚང་གི་ ཐོ་བཀོད་དང་འཁྲིལ་བ་ཅིན་ ལྷ་ཁང་གི་ སྐུ་ཡོངས་བསྡོམས་༡༩༢ ཐོབ་ཡོདཔ་ཨིན་རུང་༡༡ མ་ཐོབ་པར་ཡོདཔ་ཨིན་པས།
བདུན་ཕྲག་ཧེ་མམ་ནང་ ལས་བྱེདཔ་ཚུ་གིས་ དངུལ་རྩིས་སྡེ་ཚན་ནང་ལས་ ཏི་རུ་སྒྲོམ་ཅིག་ཐོབ་ཡོདཔ་ད་ དེ་ནང་ལས་ མེ་གིས་འཚིགས་མི་དངུལ་འབུམ་༡༤ དེ་ཅིག་ཡོད་པའི་ངོས་འཛིན་བྱུང་ཡི་ཟེར་ རྫོང་རབ་པདྨ་གིས་སླབ་ཨིན་པས།
མེ་གིས་འཚིགས་མི་དངུལ་ཐོབ་མི་ཚུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
ཡིག་ཚང་གི་མཁོ་ཆས་ དཔེར་ན་ གློག་རིག་ཀམ་པུས་ཊར་དང་ རྐང་ཁྲི་ལ་སོགས་པ་ཚུ་འབདཝ་ད་ མཁོ་ཆས་བརྒྱ་ཆ་༣༠ དེ་ཅིག་ རྫོང་ཁག་དང་ ལྷན་ཁག་ཚུ་གིས་ གྲོགས་རམ་བྱིན་མི་དང་ ལ་ལུ་རྫོང་ཁག་བདག་སྐྱོང་གིས་ ཉོ་སྒྲུབ་འབད་ཡི་ཟེར་ རྫོང་རབ་པདྨ་གིས་བཤདཔ་ཨིན་པས།
ས་ཆ་དང་འབྲེལ་བའི་ཡིག་ཆ་དང་ མི་རྩིས་ཀྱི་ཡིག་ཆ་ དེ་ལས་ རྫོང་ཁག་གི་ མི་སྟོབས་ཡིག་ཆ་ཚུ་ ཡིག་ཚང་ལྟེ་བའི་ནང་ལུ་ འདྲ་ཅིག་ཡོདཔ་ལས་ དེ་ནང་ལས་ཐོབ་ཚུགས་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

No comments:

Post a Comment