གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུས་མི་སྒེར་པའི་དཔྱད་ཡིག་ལུ་ ཚོགས་སྡེ་གིས་ ཕྱིར་བཏོན་ལུ་ངོས་ལེན་མེདཔ།

འབྲུག་གི་རྒྱལ་དར་ དཔྱད་ཡིག་ངོ་སྤྲོད་འབད་མི་ འཐུས་མི་ བསོད་ནམས་ དབྱངས་ཅན་དང་ རིག་འཛིན་རིག་འཛིན།
 ༩/༧/༢༠༡༢། ༉ འདས་པའི་བདུན་ཕྲག་ནང་ ཚོགས་སྡེའི་ཁྲིམས་དོན་ཚོགས་ཆུང་གི་ ཁྲི་འཛིན་ཀུན་ལེགས་ ཚེ་རིང་གིས་གསལ་ཞུ་འབད་མིའི་ནང་ ཚོགས་འདུ་གིས་ འཐུས་མི་སྒེར་པའི་དཔྱད་ཡིག་གི་ ངོ་སྤྲོད་དང་ གྲོས་འབུལ་གྱི་དོན་ལུ་ བྱ་གོའི་རིམ་པ་ཚུལ་ལྡན་མེདཔ་ལས་ ངོས་ལེན་འབད་མ་ཚུགས་ཟེར་མི་དེ་ གྲུབ་བྱེད་དབྱེ་དཔྱད་མ་འབད་བ་ལུ་བརྟེན་ཨིན་ཟེར་ཨིནམ་ད་ བྱ་གོའི་རིམ་པ་ཚུ་ག་ར་ ཁ་གསལ་ཁྲིམས་གཞུང་ཚུ་ནང་བཀོད་དེ་ཡོད་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ འཐུས་མི་སྒེར་པའི་དཔྱད་ཡིག་དང་འབྲེལ་བའི་ དོན་ཚན་ཚུ་ རྩ་ཁྲིམས་ཆེན་མོ་དང་ རྒྱལ་ཡོངས་ཚོགས་སྡེའི་བཅའ་ཁྲིམས་༢༠༠༨ ཅན་མ་ རྒྱལ་ཡོངས་ཚོགས་སྡེའི་བྱ་བའི་གནད་སྤྱོད་༢༠༡༡ ཅན་མ་དང་ ཁྲིམས་བཟོ་ བྱ་བའི་གནད་སྤྱོད་༢༠༡༡ ཅན་མ་ཚུ་ནང་ ཁ་གསལ་སྦེ་འཁོད་དེ་ཡོདཔ་ལས་ དེ་ཚུ་ཚོགས་འདུ་གིས་མ་གཟིགསཔ་འོང་ནི་མས་ཟེར་ ཞུ་ཡི།
དེ་མ་ཚད་ ཁྲིམས་བཟོ་བྱ་བའི་གནད་སྤྱོད་དེ་ ཚོགས་ཁང་༢ ཆ་ར་གིས་ ཆ་འཇོག་གྲུབ་ཡོད་པའི་ ཁྲིམས་གཞུང་ཅིག་ཨིནམ་ལས་ དེ་གི་ དོན་ཚན་༢ པ་ལས་༤ པ་ཚུན་ནང་ ཁ་གསལ་ཡོདཔ་མ་ཚད་ དོན་ཚན་༡༧ པ་ལས་༢༣ པ་ཚུན་ནང་ཡང་ གྲོས་བསྡུར་འབད་ཆོག་དང་ མ་ཆོག་ ཆ་འཇོག་དང་ ཕྱིར་བཏོན་གྱི་དོན་ཚན་ཚུ་ ཁ་གསལ་ཚུད་དེ་ཡོད་ཟེར་ཞུ་ཡི།
པདྨ་དགའ་ཚལ་གྱི་འཐུས་མི་ འཇིགས་མེད་རིག་འཛིན་གྱིས་ འབྲུག་གི་རྒྱལ་དར་གྱི་དཔྱད་ཡིག་དེ་ མི་མང་ཕན་ཐབས་ལུ་དམིགས་པའི་ དཔྱད་ཡིག་ཅིག་ཨིནམ་མ་ཚད་ འདས་པའི་མཉམ་མྱོང་ནང་ རྒྱལ་དར་དང་འབྲེལ་བའི་ སྙན་ཞུ་ ལེ་ཤ་ཐོན་ཡོད་མི་དང་འབྲེལ་ གནས་སྟངས་ཀྱི་དཀའ་ངལ་ཚུ་ཡང་ བསལ་ཐབས་ལུ་ ཕན་ཐོགས་བྱུང་ནི་གི་ དཔྱད་ཡིག་ཅིག་ཨིནམ་ལས་ ཕྱིར་བཏོན་འབད་ནི་ལུ་ རྒྱབ་སྐྱོར་མེད་ཟེར་ཞུ་ཡི།
ཀྲོང་གསར་འཐུས་མི་ ཌོག་ཊར་ རྒྱ་གར་རྡོ་རྗེ་གིས་ དེ་བཟུམ་གྱི་ འཐུས་མི་སྒེར་པའི་དཔྱད་ཡིག་ཐོག་ལུ་ གྲོས་བསྡུར་འབད་དེ་ ཆ་འཇོག་འབད་བ་ཅིན་ སྒེར་ངོ་རེ་གཉིས་ཀྱི་ རང་དོན་དང་འབྲེལ་བའི་ དོན་ཚན་ཚུ་ཡང་ ཆ་འཇོག་འབད་ནིའི་ ཉེན་ཁ་ཡོད་ཟེར་བཀོད་མི་དེ་ མི་སེར་གྱིས་བློ་གཏད་དེ་ བཙག་འཐུ་གྲུབ་པའི་ སྤྱི་ཚོགས་འཐུས་མི་ཚུ་ལུ་ ཡིད་ཆེས་དང་གུས་བཀུར་མེད་པའི་ ལོ་རྒྱུས་ཨིན་མས་ཟེར་ཞུ་ཡི།
འཐུས་མི་སྒུར་པའི་དཔྱད་ཡིག་དེ་ དགོས་མཁོ་ཡོདཔ་མ་ཚད་ ལམ་ལུགས་ཚུལ་མཐུན་ཐོག་ ལག་ལེན་འཐབ་ཡོད་པའི་ དཔྱད་ཡིག་ཅིག་ཨིནམ་ལས་ ཕྱིར་བཏོན་འབད་ནི་མེན་པར་ ཁྲིམས་བཟོ་བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༢༣ པའི་ དགོངས་དོན་ལྟར་དུ་ སྤྱི་ཚོགས་ལྷན་བཞུགས་ནང་ གསུངས་གྲོས་གནང་ནི་སྦེ་ ཆ་འཇོག་འགྲུབ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།
 

No comments:

Post a Comment