གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐུ་གསོད་ནང་ བསྟན་སྲུང་དམག་མི་འགོ་པ་༡ ལུ་ཤི་རྐྱེན་དང་ གཞན་མི་༡ ལུ་ རྨ་སྐྱོན།


༩/༧/༢༠༡༢། ༉ ཁ་ཙ་དྲོ་པ་ ཆུ་ཚོད་༦ དང་ སྐར་མ་༢༠ དེ་ཅིག་ལུ་ གསར་སྤང་རྫོང་ཁག་ དགའ་བའི་ཐང་ལུ་ གཡིབ་དམག་སྡེ་ཚན་ཅིག་གིས་ རྐུ་གསོད་རྐྱབ་སྟེ་ ཉིན་བསྟར་ཉེན་སྲུང་བལྟ་སྐོར་ནང་སོང་མི་ བསྟན་སྲུང་དམག་མི་༡ བསད་ཡོདཔ་ད་ གཞན་མི་ཅིག་ལུ་ རྨ་སྐྱོན་རྐྱབ་ཡོདཔ་ཨིན་པས།

དགའ་བའི་ཐང་ལུ་གཞི་བཙུགས་འབད་ཡོད་མི་ དགེ་ལེགས་ཕུག་ གྱང་སེང་༩ པའི་དམག་མི་༦ པོ་དེ་ ཁོང་ར་སྡོད་ས་ དར་རྒྱས་ཐང་ལུ་འགྱོ་བའི་བསྒང་ཨིནམ་ད་ དེ་བསྒང་ གཡིབ་དམག་ཚུ་གིས་ དཀྲོབ་མདའ་རྐྱབ་ཡོདཔ་སྦེ་ གསར་སྤང་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དར་རྒྱས་ཐང་དེ་ དགའ་བའི་ཐང་ལས་ གསར་སྤང་ཁ་ཐུག་འགྱོཝ་ད་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་གནས་ཁར་ ཡོདཔ་ཨིན་པས།
མོང་སྒར་ཐང་རོང་ལས་ཨིན་མི་ ཚེ་འདས་འགོ་པ་བསྟན་འཛིན་གྱི་ གྱང་ཁོག་གུ་ དཀྲོབ་མདའ་ཕོག་པའི་ཤུལ་ལུ་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་འགོ་པ་ཅིག་གི་ ལག་པའི་རྫུབ་མོ་ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ ཚེ་འདས་དེ་ལུ་ གནས་ཚང་དང་ ཨ་ལུ་༣ ཡོདཔ་ཨིན་པས།
རྐྱེན་བྱུང་སའི་ས་གནས་དེ་ གསར་སྤང་གི་ ས་མཚམས་ཀཝ་ལས་ མི་ཊར་༡༥༠ དེ་ཅིག་གི་ས་ཁར་ཨིནམ་ད་ དམག་མི་ཚུ་གིས་ དཀྲོབ་མདའ་ལོག་རྐྱབ་པའི་སྐབས་ གཡིབ་དམག་ཚུ་ ཨ་སམ་གྱི་ས་ཁོངས་ནང་ འཛུལ་སོང་ཡོདཔ་སྦེ་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་སླབ་ཅི།
ས་གནས་དེ་ཁར་ལས་ ལགཔ་གིས་བཟོ་མི་དཀྲོབ་མདའ་ ཁཱན་དུ་བ་ཟེར་མི་༡ དང་ ཇོ་ལ་ལྗང་ཁུ་ཅིག་ དཀྲོབ་མདའི་རྫས་འདེགས་མི་ཇོ་ལག་༡ འཕྲུལ་མེ་ ཨེ་ཀེ་༤༧ གྱི་ དཀྲོབ་མདའ་ཕོར་སྟོངམ་༡༨ དང་ ཆར་བཀབ་ རཱེན་ཀོཊི་༡ ཐོབ་ཡོདཔ་ཨིན་པས།
གཡིབ་དམག་ཚུ་ ནེ་པཱལ་གྱི་ས་གནས་ ཇ་པ་ལུ་ཡོད་པའི་ འབྲུག་གི་ངོ་ལོགཔ་སྡེ་ཚན་གྱི་ འཐུས་མི་ཚུ་ཨིན་པའི་ དོགས་པ་ཡོདཔ་ད་ ཚེ་འདས་དེ་གི་ཕུངམ་དེ་ ད་རིས་ཐིམ་ཕུ་ལུ་འབག་འོང་ཐོག་ལས་ ནངས་པ་མེ་སྦྱང་འབད་ནི་ཨིན་པས།
དེ་དང་འཁྲིལ་ མི་ཚུ་གིས་ ཕྱི་རུའི་ཆུ་ཚོད་༦ ལས་ གསར་སྤང་དང་ དགེ་ལེགས་ཕུག་གི་བར་ན་ འགྲོ་འགྲུལ་འབད་ནི་ལས་ འཛེམས་དགོཔ་ད་ རྒཔོ་ཚུ་གིས་ཡང་ མི་སེར་རང་སོའི་ ཉེན་སྲུང་གི་དོན་ལུ་ གོ་བརྡ་སྤྲོད་དགོཔ་སྦེ་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment