གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡ་བརྒྱུད་དང་ གཞུང་གཉིས་ཆ་ར་ལུ་ འགན་འཁྲི་འདྲ་མཉམ།


འཛམ་གླིང་བརྡ་བརྒྱུདཔ་ཚུ་གིས་ ར་ཤི་ཡའི་རྒྱལ་ས་མོསི་ཀོ་ལུ་
 སྤྱི་ལོ་༢༠༡༢ ཀྱི་ འཛམ་གླིང་བརྡ་བརྒྱུད་ཞལ་འཛོམས་འཚོག་པའི་བསྒང།
༧/༧/༢༠༡༢། ༉ འཛམ་གླིང་རྒྱལ་ཁབ་༡༠༢ ལས་ བརྡ་བརྒྱུད་ཀྱི་ རྩོམ་སྒྲིག་འགོ་དཔོན་དང་ བརྡ་བརྒྱུད་མཁས་མཆོག་༣༠༠ ལྷགཔ་ཅིག་གིས་ ར་ཤི་ཡའི་རྒྱལ་ས་ མོསི་ཀོ་ལུ་ དེང་སང་མི་སྡེ་དང་འབྲེལ་བའི་ བརྡ་བརྒྱུད་དང་ བརྡ་དོན་ཡོངས་འབྲེལ་ཚུ་གིས་ གསར་ཤོག་དང་ རྒྱང་མཐོང་གི་ བརྡ་བརྒྱུད་ཚུ་ལུ་ དོ་འགྲན་སྦོམ་བྱིན་མི་དང་ དཔལ་འབྱོར་གྱི་ དཀའ་ངལ་ཚུ་གི་ གནས་སྟངས་ནང་ བརྡ་བརྒྱུད་ཀྱི་ འཚོ་རྟེན་ལུ་ ཐོ་ཕོག་མི་ དེ་ལས་ བརྡ་བརྒྱུད་ནང་ ལཱ་འབད་མི་ཚུ་གི་ ཀུན་སྤྱོད་རྣམ་གཞག་ཚུ་ གལ་ཆེ་བའི་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་ཡོདཔ་ཨིན།

ཁ་ཙ་ འཛམ་གླིང་སོར་བསྒྱུར་འགྱོ་བའི་གནས་སྟངས་ནང་ བརྡ་བརྒྱུདཔ་ཚུ་གི་ ཀུན་སྤྱོད་རྣམ་གཞག་དང་ འགན་དབང་སྐོར་ལས་ གྲོས་བསྡུར་འབདཝ་ད་ བརྡ་བརྒྱུད་ཀྱི་ མཁས་མཆོག་ཚུ་གིས་ གསར་འགོད་པ་དང་ གཞུང་གཉིས་ཆ་ར་ལུ་ འགན་ཁུར་འདྲ་མཉམ་ཡོད་པའི་ གྲོས་འཆམ་བྱུང་ཡོདཔ་ད་ འཛམ་གླིང་བརྡ་བརྒྱུད་ཀྱི་ ཞལ་འཛོམས་ཐེངས་༢ པའི་ནང་ བཅའ་མར་གཏོགས་མི་ཚུ་གིས་འབད་བ་ཅིན་ བརྡ་བརྒྱུད་ཀྱི་ དལ་དབང་དང་ བསམ་བཤད་ཀྱི་ ཐོབ་དབང་ཚུ་ བྱིན་ནི་གི་ འགན་དབང་དེ་ གཞུང་ལུ ཕོགཔ་བཞིན་དུ་ བརྡ་བརྒྱུད་ཀྱི་ འགན་ཁུར་དེ་ གནས་ཚུལ་ཚུ་ འཇིགས་སྣང་དང་ ཕྱོགས་ལྷུང་མེད་པར་ བརྡ་དོན་སྤེལ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༥ ལུ་ འཛམ་གླིང་བརྡ་བརྒྱུད་ཀྱི་ ཞལ་འཛོམས་འགོ་འབྱེད་ནང་གནང་མི་ ལེགས་སྨོན་གསུང་འཕྲིན་ནང་ ར་ཤི་ཡའི་སྲིད་འཛིན་ བེ་ལེ་ཌི་མར་ པུ་ཊིན་གྱིས་ ད་རེས་ནངས་པ་ འཛམ་གླིང་ལུ་བྱུང་མི་ དོ་འགྲན་ཚུ་ བརྡ་བརྒྱུད་ཀྱིས་ བསལ་ནི་གི་ འོས་འབབ་ཡོད་ཟེར་ གསལ་སྟོན་གནང་པའི་ཁར་ བརྡ་བརྒྱུད་ཀྱིས་ འཛམ་གླིང་གི་སྲིད་དོན་དང་ དཔལ་འབྱོར་ དེ་ལས་ འགྲོ་བ་མིའི་མི་ཚེའི་གནས་སྟངས་ལེགས་བསྒྱུར་ནང་ ཕན་ཁྱད་བཟོ་ཚུགསཔ་ཨིན་རུང་ དེ་བཟུམ་མའི་ འགན་ཁུར་འབག་ཚུགས་མི་དེ་ ཁྱད་རིག་ཅན་དང་ ཀུན་སྤྱོད་རྣམ་གཞག་ཚུ་ལུ་ གཙོ་རིམ་བཟུང་མི་དགོ་ཟེར་ བཀོད་གནང་ནུག།
འགོ་འབྱེད་རྟེན་འབྲེལ་ནང་ བྱོན་གནང་མི་ ར་ཤི་ཡའི་སྲིད་བློན་ ཌི་མི་ཊའི་ མེ་བི་དེབ་ཀྱིས་ འཛམ་གླིང་གི་ བརྡ་བརྒྱུདཔ་ཚུ་ལུ་ གནས་ཚུལ་ཚུ་ ཆགས་སྡང་ཕྱོགས་རིས་མེད་པར་ དྲང་བདེན་དང་ རང་དབང་ཐོག་ལས་ བརྡ་སྤེལ་འབད་དགོ་ཟེར་གསུངས་ཡི།
འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བཱན་ཀི་མཱུན་གྱིས་ རྒྱང་མཐོང་ཐོག་ལས་ འཛམ་གླིང་བརྡ་བརྒྱུད་ཀྱི་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་ལུ་ བཤད་མིའི་ནང་ གཞུང་ཆ་མཉམ་གྱིས་ གནས་ཚུལ་མཁན་དང་ བརྡ་བརྒྱུདཔ་ཚུ་ལུ་ ཉེན་སྲུང་དང་ བརྡ་བརྒྱུད་ཀྱི་ དལ་དབང་ཚུ་ བྱིན་དགོ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་སྤེལ་ནི་དང་ ཡུན་བརྟན་གོང་འཕེལ་གཏང་དགོ་པ་ཅིན་ བརྡ་བརྒྱུད་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་འབད་བ་ཅིན་ འདས་པའི་ལོ་ངོ་བཅུ་ཕྲག་༡ གི་རིང་ལུ་ སྒྲིག་གཡོག་ནང་ བརྡ་བརྒྱུདཔ་༥༠༠ ལྷགཔ་ཅིག་ བསད་ཡོདཔ་མ་ཚད་ འཛིན་བཟུང་དང་ ཚེ་སྲོག་ལུ་ གནོད་ཉེན་ཐོག་ལས་སྡོད་མི་ ལེ་ཤ་ཡོད་ཟེར་ཨིནམ་ད་ དུས་ཅིའི་ལོ་ནང་ར་ བརྡ་བརྒྱུདཔ་༦༥ ལྷགཔ་ཅིག་བསད་ཡོདཔ་ལས་ གཞུང་ཚུ་གིས་ ཉེན་སྲུང་གི་ ཐབས་ལམ་ངེས་པར་དུ་ བཏོན་དགོཔ་འདུག་ཟེར་ཨིན་པས།
འཛམ་གླིང་བརྡ་བརྒྱུད་ཞལ་འཛོམས་ཐེངས་དང་པ་དེ་ སྤྱི་ལོ་༢༠༠༩ ལུ་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་་འགོ་འདྲེན་འཐབ་ཡོདཔ་ད་ ཞལ་འཛོམས་ཀྱི་ དམིགས་ཡུལ་གཙོ་བོ་ར་ འཛམ་གླིང་གི་བརྡ་བརྒྱུད་ལས་སྡེ་གོང་འཕེལ་དང་ བརྡ་བརྒྱུད་དང་འབྲེལ་བའི་ མི་སྡེའི་འགན་ཁུར་ཁྱད་རིག་ཅན་བཟོ་ནི་གི་ ལྷན་ཐབས་ལུ་ཨིན་པའི་གནས་ཚུལ།

མོསི་ཀོ་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment