གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདུན་ཕྲག་༢ ནང་བྱང་ཆུབ་མཆོད་རྟེན་༦ སློངས་ཡོདཔ།

༦/༧/༢༠༡༢། ༉ འདས་པའི་བདུན་ཕྲག་༢ དེ་ཅིག་ནང་ར་ ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་ ཝམ་བུར་གཡུས་ཚན་ནང་ བྱང་ཆུབ་མཆོད་རྟེན་༥ དང སྨིན་རྒྱས་རྒེད་འོག་ནང་༡ བརྩིཝ་ད་ མཆོད་རྟེན་༦ སློངས་ཡོདཔ་ཨིན་པས།
ཝམ་བུར་གཡུས་ཚན་ནང་གི་ བྱང་ཆུབ་མཆོད་རྟེན་༣ རེ་ སྤྱི་ཟླ་འདི་གི་ཚེས་༢ ཀྱི་ནུབ་མོ་ སློངས་ཡོདཔ་ད་ གཞན་མི་༢ པོ་དེ་ སྤྱི་ཟླ་༦ པའི་ཚེས་༢༤ གི་ནུབ་མོར་ སློངས་ཡོདཔ་ཨིན་རུང་ སྨིན་རྒྱས་རྒེད་འོག་གི་ མཆོད་རྟེན་དེ་ ནམ་སློངས་ཡོདཔ་ཨིན་ནའི་སྐོར་ལས་ མ་ཤེསཔ་ཨིན་པས།


ཝམ་བུར་ཚོགས་པ་ ཆོས་ཉིད་ཀྱིས་ ཀུན་གསལ་ལུ་སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༢ ཀྱི་ནུབ་མོར་ ཨར་རྐུན་ཤོར་མི་མཆོད་རྟེན་ཚུ་ ཆུ་ཞིང་ནང་ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཆུ་དཔག་པར་སོང་མི་ སོ་ནམ་ཞིང་པ་ཅིག་གིས་ མཐོང་བའི་ཤུལ་ལུ་ ཁོ་ལུ་ སྙན་ཞུ་ལྷོད་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྨིན་རྒྱས་རྒེད་འོག་གི་ མཆོད་རྟེན་སློངས་མི་དེ་ཡང་ སློབ་ཕྲུག་ཚུ་ ལོ་ཕྱེད་ཀྱི་ ངལ་གསོ་འགྱོ་བའི་སྐབས་ མཐོང་ཡོདཔ་ལས་ སྤྱི་ཟླ་༦ པའི་ཚེས་༢༨ ཀྱི་ཉིན་མར་ ཁོ་ལུ་ སྙན་ཞུ་ལྷོད་པའི་ཕྲལ་ལས་ རྒཔོ་ལུ་ཡང་ སྙན་ཞུ་འབད་དེ་ གཡུས་ཁའི་མཆོད་རྟེན་གཞན་ཚུ་ དབྱེ་ཞིབ་འབད་བར་སོང་ཡི་ཟེར་ཨིན་པས།
གཡུས་མི་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ད་རེས་ནངས་པར་ སོ་ནམ་ཞིང་ལམ་ཚུ་ལུ་བརྟེན་ དང་ཕུ་ རྒྱ་ལམ་དང་ གཞུང་ལམ་ཁར་བཞེངས་མི་ མཆོད་རྟེན་ཚུ་ ཉེན་སྐྱོབས་འབད་ནི་ལུ་ དོ་འགྲན་སྦོམ་འབྱུངམ་མས་ཟེར་ཨིན་པས།
འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མ་ཡང་ མོང་སྒར་རྫོང་ཁག་ ཆ་གླིང་རྒེད་འོག་ནང་ བྱང་ཆུབ་མཆོད་རྟེན་༡ སློང་ནི་ལུ་དཔའ་བཅམ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment