གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༡ ལོའི་ངན་ལྷད་ཀྱི་སྙན་ཞུ།


ཉོགས་བཤད་བཀོད་མི་ ཡོངས་བསྡོམས་༤༥༦ ལས་ བྱ་སྒོ་ལོག་སྤྱོད་མང་ཤོས་ར་ དབང་འཛིན་ཅན་གྱི་ གོ་གནས་འཆང་མི་ཚུ་གིས་ འབད་ནུག། 
 
༤/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ལེགས་ལྡན་གཞུང་སྐྱོང་ཁྲིམས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་པདྨ་ལྷ་མོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༡ གི་སྐོར་ལས་ སྙན་ཞུ་གསལ་བཏོན་འབད་བའི་སྐབས་ ངན་ལྷད་ནང་འབྲེལ་གཏོགས་འབད་མི་ མང་ཤོས་ར་ དབང་འཛིན་གྱི་ གོ་གནས་འཆང་མི་ཚུ་ཨིན་མས་ཟེར་ཞུ་ཡི།

ཁྲིམས་ལྡན་ཚོགས་ཆུང་གི་འཐུས་མི་ བཀྲིས་དབང་མོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ མི་མང་ལས་ ཉོགས་བཤད་ཡོངས་བསྡོམས་༤༥༦ ལྷོད་ཡོད་མི་ཚུ་ ཞིབ་དཔྱད་འབདཝ་ད་ གོ་གནས་འཆང་མི་ཚུ་གིས་ མི་མང་དང་ སྒེར་སྡེའི་ནང་ ཐོན་སྐྱེད་བདག་གཉེར་དང་ དམ་འཛིན་འབད་མི་ མ་དངུལ་དང་ བདོག་གཏད་ དེ་ལས་ རྒྱུ་དངོས་ཚུ་ ཐད་ཀར་དང་ ཡང་ཅིན་ བརྒྱུད་དེ་ ལོག་སྤྱོད་དང་ ལྐོག་ཟ་ ནང་གསུག་ གཡོ་སྒྱུ་ གྱོས་ངན་ དེ་ལས་ བཙན་བསྐུལ་འབད་དེ་འདུག་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ཉོགས་བཤད་བཀོད་མི་ མི་མང་གི་ ཐབས་ལམ་ཚུ་ཡང་ བརྒྱུད་འཕྲིན་དང་ ཡོངས་འབྲེལ་ འགྲེམས་ཐོག་ དེ་ལས་ མི་ངོ་རང་རྐྱང་འོང་མི་ཚུ་ཨིནམ་ད་ དེ་ཚུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ཡན་ལག་ཚོགས་ཆུང་ཚུ་གིས་ ཞིབ་དཔྱད་འབད་དེ་ འོས་འབབ་ལྡན་ཏོག་ཏོ་ཡོད་མི་ཚུ་ ལྷན་ཚོགས་ལུ་ སྙན་ཞུ་ཕུལ་ཡོདཔ་ད་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་མཐིལ་ཕྱིན་མཛད་དེ་ ཁྲིམས་འདུན་ལུ་ ཕུལ་ནུག་ཟེར་ཞུ་ཡི།
འཐུས་མི་བཀྲིས་དབང་མོ་གིས་ སྤྱི་ལོ་༢༠༠༩ ལུ་ ཉོགས་བཤད་༥༡༢ དང་་སྤྱི་ལོ་༢༠༡༠ ལུ་༣༧༥  དེ་ལས་ འདས་པའི་ལོ་ནང་ ༤༥༦ འབདཝ་ད་ ཉོགས་བཤད་བཀོད་མི་ སྤྱི་ལོ་༢༠༠༩ དང་ཕྱདཔ་ད་ བརྒྱ་ཆ་༡༠ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༠ གྱི་ སྙན་ཞུ་དང་འཁྲིལཝ་ད་ ཉོགས་བཤད་བཀོད་མི་ བརྒྱ་ཆ་༢༡ ཡར་སེང་སོང་ནུག་ཟེར་ སྙན་ཞུ་ཕུལ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་འབྱུང་སའི་ས་ཁོངས་༥ ངོས་འཛིན་འབད་ཡོད་མི་ལས་ མི་མང་གི་ རྒྱུ་དངོས་དང་མ་དངུལ་ ས་གཞི་ མི་སྟོབས་འཛིན་སྐྱོང་ བཟོ་སྐྲུན་ དེ་ལས་ མཁོ་སྒྲུབ་ཚུ་ནང་ བྱུང་ཡོདཔ་ད་ དེ་ཡང་ གོ་གནས་འཆང་མི་ཚུ་གིས་ མི་མང་གི་ རྒྱུ་དངོས་དང་མ་དངུལ་ དབང་ཚད་ལོག་སྤྱོད་ དེ་ལས་ ལྐོག་ཟ་འབད་མི་ཚུ་ འདས་པའི་ལོ་ནང་༡༡༤ ཐོན་ཡོདཔ་ད་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༢༥ ཐོན་ཡོདཔ་ལས་ དེ་ནང་འབྲེལ་གཏོགས་འབད་མི་དེ་ མཐོ་ཤོས་ཨིན་པས།
དེ་བཟུམ་སྦེ་ ས་ཆ་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་དེ་ ཨང་༢ པ་ཨིནམ་ད་ དེ་ཡང་ འདས་པའི་ལོ་ནང་ ཉོགས་བཤད་བཀོད་མི་༧༦ ཐོན་ཡོདཔ་ད་ དེ་ཡང་ རྒྱུད་བསྐུལ་འབད་ཚུགས་པའི་མི་ངོ་དང་ མི་མང་འགོ་དཔོན་ ས་གནས་འགོ་ཁྲིདཔ་ དེ་ལས་ ས་ཆ་བདག་སྐྱོང་དང་འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་གིས་ དབང་ཚད་ལོག་སྤྱོད་ཐོག་ལས་ གཞུང་དང་ སྒེར་གྱི་ས་ཆ་མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
དེ་མ་ཚད་ དབང་ཚད་ཅན་གྱི་ མི་ངོ་ཚུ་གིས་ ཁོང་རའི་ ཉེ་ཚན་གྱི་ ཁེ་ཕན་ལུ་དམིགས་ཏེ་ ས་ཆ་གླ་ཁར་གཏང་ནི་དང་ ས་ཆ་ཉོ་བཙོང་འཐབ་མི་ ས་ཆ་བགོ་བཀྲམ་དང་ རྒུད་འཐུས་སྤྲོད་པའི་སྐབས་ བྱ་རིམ་ལོག་སྤྱོད་དང་ ནང་གསུག་སྤྲོད་ལེན་འབད་མི་ རྫོང་ཁག་བདག་སྐྱོང་གིས་ གློག་མེ་ལས་འགུལ་གྱི་དོན་ལུ་ ས་ཐོབ་སྒྲུབ་འབད་དེ་ རྒྱུད་བསྐུལ་ཅན་གྱི་མི་ངོ་ལུ་ བགོ་བཀྲམ་འབད་མི་ དྲང་དཔོན་གིས་ སྒེར་གྱི་ངོ་རྐྱང་ལུ་ བདག་དབང་ཡོད་པའི་ས་ཁར་ ཁྲིམས་འགལ་ཐོག་ལས་ བདག་དབང་བཟུང་མི་ དེ་ལས་ རྒེད་འོག་ཚོགས་པ་གིས་ ས་ཁྲམ་གཡོ་བཅོས་འབད་དེ་ སྒེར་གྱི་ངོ་རྐྱང་ལུ་ བདག་དབང་ཡོད་པའི་ ས་ཁྲམ་སྤོ་འབད་མི་ཚུ་ འདུག་ཟེར་ཨིན་པས།
བཀྲིས་དབང་མོ་གིས་ ས་ཆ་དང་འབྲེལ་བའི་ངན་ལྷད་ནང་ རྒཔོ་གིས་ གཞུང་ས་ བདག་དབང་བཟུང་མི་དང་ ས་ཆ་བདག་སྐྱོང་དང་འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་གིས་ གཞུང་དང་ སྒེར་གྱི་བདག་དབང་ཡོད་པའི་ ས་ཁྲམ་ཚུ་ ཁྲིམས་འགལ་ཐོག་ལས་ ཁོང་རའི་མིང་ཐོག་ཁར་ སྤོ་སོར་འབད་མི་ ཁྲོམ་སྡེའི་དབང་འཛིན་ཚུ་གིས་ ཁྲམ་གཡོ་བཅོས་འབད་དེ་ གཞུང་ས་ སྒེར་གྱི་ངོ་རྐྱང་ཚུ་ལུ་ བགོ་བཀྲམ་འབད་མི་ དེ་ལས་ བགོ་བཀྲམ་ཚོགས་ཆུང་གིས་ ས་ཆ་ རང་སོའི་ བཟའ་ཚང་དང་ ཆ་རོགས་ཚུ་ལུ་ བྱིན་མི་ཚུ་ཨིན་མས་ཟེར་ ཞུ་ཡི།
ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ས་གནས་གཞུང་ལུ་ ཉོགས་བཤད་བཀོད་མི་ སྤྱི་ལོ་༢༠༠༩ ལུ་༢༥ དང་ སྤྱི་ལོ་༢༠༡༠ ལུ་༥༡ དེ་ལས་ སྤྱི་ལོ་༢༠༡༡ ལུ་༩༣ འབདཝ་ད་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༨༢ ཡར་སེང་སོང་ནུག་ཟེར་ཨིནམ་ད་ ལས་འཛིན་ལུ་ ཉོགས་བཤད་བཀོད་མི་བརྒྱ་ཆ་༡༨ སྒེར་སྡེ་ལུ་ བརྒྱ་ཆ་༡༤ དེ་ལས་ ལྷན་ཁག་དང་རྫོང་ཁག་ཚུ་ལུ་ཡང་ ཉོགས་བཤད་བཀོད་མི་འདུག་ཟེར་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༦ ལས་ ད་ལྟོ་ཚུན་ ཉོགས་བཤད་བཀོད་ཡོད་མི་ཚུ་ ངན་ལྷད་དང་འབྲེལ་བ་ཡོད་མེད་ཀྱི་ ཞིབ་དཔྱད་མཐིལ་ཕྱིན་མཛད་དེ་ ཡོངས་བསྡོམས་ཉོགས་བཤད་༡༡༣ བཀོད་མི་ལས་ ཉོགས་བཤད་༤༣ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་ད་ ཁྲིམས་འདུན་ལུ་ ཁྲིམས་བཤེར་གྱི་དོན་ལུ་ ཉོགས་བཤད་༢༠ བཙུགས་ཡོད་མི་ལས་ ཉོགས་བཤད་༡༨ འཁྲུན་ཆོད་བཏོན་ཡོད་རུང་༢ ལུ་ ངན་ལྷད་དང་འབྲེལ་བ་མེད་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྷག་ལུས་ཉོགས་བཤད་བཀོད་མི་༡༨ པོ་དེ་ ད་ལྟོ་ གཙུག་སྡེ་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ ཉོགས་བཤད་༥ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་བརྒྱུད་དེ་ ཁྲིམས་ཀྱི་འདུན་ས་ལུ་ རྩེད་བཤེར་གྱི་དོན་ལས་ ཉོགས་བཤད་༥ ཐོ་བཀོད་འབད་བའི་བསྒང་ཡོད་ཟེར་ཞུ་ཡི།
ཨིན་རུང་ སྙན་ཞུ་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༢ ཀྱི་ཟླཝ་༣ པ་ཚུན་ ཉོགས་བཤད་བཀོད་མི་༢༥ ཡོད་མིའི་གྲས་ལས་ ལ་ལུ་ཅིག་ ཞིབ་དཔྱད་འབད་བའི་བསྒང་དང་ ལ་ལུ་ཅིག་ ཞིབ་དཔྱད་འབད་ནིའི་དོན་ལུ་ བཞག་སྟེ་ཡོདཔ་བཞིན་དུ་ ཉོགས་བཤད་སྦོམ་ཡོད་མི་ རྒྱལ་པོའི་ཞིང་གི་ སའི་ཉོགས་བཤད་དང་ གསོ་བའི་ལྷན་ཁག་ནང་ ནང་གསུག་དང་ གཡོ་སྒྱུ་ མགུ་སྐོར་ཐོག་ལས་ མཁོ་སྒྲུབ་འབད་མི་སྡེ་ཚན་ དེ་ལས་ དབང་ཚད་ལོག་སྤྱོད་ཐོག་ལས་ ནང་གསུག་སྤྲོད་ལེན་འབད་དེ་ སྤོ་རོ་རྫོང་ཁག་ཁྲོམ་སྡེ་ བཟོ་སྐྲུན་འབད་ནིའི་དོན་ལུ་ མ་དངུལ་ཐེབས་བྱིན་ཡོད་པའི་ ཉོགས་བཤད་ཚུ་ དུས་ཡུན་རིངམོ་འགོར་ཡོད་པའི་ སྙན་ཞུ་ཕུལ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment