གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྲུལ་སྐུ་རྫུས་མ་བཟོ་མི་ལུ་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོདཔ།

༡༢/༧/༢༠༡༢། ༉ ཟླཝ་༢ དེ་ཅིག་ རྩོད་བཤེར་འབད་བའི་ཁར་ སྙན་གསན་རིམ་པ་༣ དེ་ཅིག་ གནང་པའི་ཤུལ་ལུ་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༡༨ ལང་མི་ ཕོ་སྐྱེས་ཅིག་ལུ་ སྤྲུལ་སྐུ་རྫུས་མ་བཟོ་སྟེ་ མི་མང་མགུ་སྐོར་རྐྱབ་པའི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ནུག།
དགེ་སློང་བགྲེསཔ་ཅིག་ཨིན་མི་ རྡོ་རྗེ་གིས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་དང་ ཆུང་ཁ་འབྲིང་རིམ་སློབ་གྲྭ་གོང་མ་༢ ནང་ སྤྲུལ་སྐུ་བསྟན་འཛིན་འབྲུག་གྲགས་རྡོ་རྗེ་ཨིནམ་བཟོ་སྟེ་ མགུ་སྐོར་རྐྱབ་ཡོད་པའི་ གནད་དོན་ཐོག་ འཛིན་བཟུང་འབད་ཡོདཔ་ཨིན་པས།

རྡོ་རྗེ་ཁོ་ར་ གཡུས་ངོ་མ་ ཧཱ་ལས་ཨིནམ་བཞིན་དུ་ ཧེ་མ་ ལྷ་ཁང་དཀར་པོའི་ གྲྭ་ཚང་གི་ དགེ་སློང་ཅིག་ཨིན་པས།
ཁོ་གིས་ ལོ་༡ དེ་ཅིག་གི་ཧེ་མར་ དགེ་སློང་ནང་ལས་ ཐོན་པའི་ཤུལ་ལུ་ སྤྲུལ་སྐུ་རྫུས་མ་ མ་བཟོ་བའི་ཧེ་མར་ ཐིམ་ཕུ་ལུ་ སྤྲོ་སྟོན་ཁང་ཅིག་ནང་ ལཱ་འབད་དེ་ སྡོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཉེས་ཅན་དེ་གིས་ སྤུལ་སྐུ་རྫུས་བཟོའི་ལཱ་བྱ་ ཁོ་ར་ ངོ་རྐྱང་སྦེ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ དེ་བཟུམ་གྱི་ མགུ་སྐོར་གྱི་ཉེས་ལས་ འཐབ་དགོ་མི་དེ་ཡང་ ཏི་རུ་བཟོ་ནིའི་དོན་ལུ་འབད་ཡོདཔ་སྦེ་ རྫུན་ཁ་བཟེད་ཡི་ཟེར་ཨིན་པས།
ཉེས་ཅན་དེ་ ད་ཚུན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་ཡོདཔ་ད་ བཙོན་ཁྲིམས་བཀལ་ནིའི་དོན་ལུ་ ཐིམ་ཕུ་རྫོང་ཁག་བརྩོན་ཁང་ནང་ གཏང་ནི་ཟེར་ཨིནམ་ད་ ཁོ་གི་བཙོན་ཁྲིམས་དེ་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་རུང་ ད་ལྟོ་ཚུན་ ག་གིས་ཡང་ བཙོན་འཐུས་བཏབ་སྟེ་ བཏོན་པར་མ་འོང་ཟེར་ཨིན་པས།
རྡོ་རྗེ་དེ་ འགོ་ཐོག་ ཆུ་ཁ་རྫོང་བདག་གིས་ རྫོང་ཁག་ལམ་སྲོལ་འགོ་དཔོན་ལུ་ སྤྲུལ་སྐུ་དེ་གི་ རྒྱབ་ཁུངས་དབྱེ་དཔྱད་འབད་དགོ་པའི་  བཀའ་རྒྱ་བཏོན་ཞིནམ་ལས་ དབྱེ་དཔྱད་འབད་བའི་སྐབས་ ཁོ་གིས་ སྤྲུལ་སྐུ་རྫུས་མ་བཟོ་སྟེ་ ཆུ་ཁ་ལུ་འོངམ་ད་ སྤྲུལ་སྐུ་བསྟན་འཛིན་འབྲུག་གྲགས་རྡོ་རྗེ་ ངོ་མ་དེ་ སྤ་རོ་གསང་སྔགས་ཆོས་འཁོར་ལུ་ དཔེ་ཆ་ལྷབ་སྟེ་ སྡོད་ཡོད་པའི་ ངོས་འཛིན་བྱུང་ནུག་ཟེར་ཨིན་པས།
སྤྲུལ་སྐུ་བསྟན་འཛིན་འབྲུག་གྲགས་རྡོ་རྗེ་དེ་ གཏེར་སྟོན་འབྲུག་གྲགས་རྡོ་རྗེ་གི་ ཡང་སྲིད་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྡོ་རྗེ་གིས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ རྫོང་ཁ་སློབ་དཔོན་སྡོད་སར་ སོང་ཞིནམ་ལས་ ཁོ་ར་ སྤྲུལ་སྐུ་བསྟན་འཛིན་འབྲུག་གྲགས་ཨིནམ་སྦེ་ སླབ་ཡོདཔ་ད་ ཁོ་གིས་ སློབ་གྲྭའི་ཨ་ལུ་ཚུ་ལུ་ ཕམ་ལུ་ གུས་ཞབས་འབད་ནི་དང་ འགྲོ་བ་མིའི་སྡུག་བསྔལ་གྱི་སྐོར་ལས་ ཆོས་བཤད་ཅིག་ འགོ་འདྲེན་འཐབ་ནི་སྦེ་ སླབ་ནུག་ཟེར་ཨིན་པས།
རྡོ་རྗེ་ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་གིས་ དངུལ་ཀྲམ་༥,༠༠༠ དང་ ཆུ་ཁ་འབྲིང་རིམ་སློབ་གྲྭ་གོང་མ་གིས་ དངུལ་ཀྲམ་༢,༠༠༠ དེ་ཅིག་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment