གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ།

༡༤/༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༡༡ གི་ནུབ་མོ་ མོང་སྒར་རྒེད་འོག་ སྐྱིད་བདེ་མཁར་གཡུས་ཚན་གྱི་མཇུག་ལུ་ དུ་ཀུ་ལུང་གཡུས་ཚན་ནང་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ་ཨིན་པས།
དེ་ཡང་ ཨ་ལུ་༡ གི་ ཨ་པ་ཨིན་མི་ ཚེ་འདས་ཕོ་སྐྱེས་དེ་ དེ་ཚེ་ནུབ་མོ་ ཆང་འགྲངས་ཏེ་ ཁོ་རའི་ ཨམ་སྲུ་དང་གཅིག་ཁར་ འཐབ་འཛིང་འབད་བའི་ཤུལ་ལུ་ ནུབ་མོའི་ཚུ་ཚོད་༡༠ དེ་ཅིག་ཁར་ ཕྱི་ཁར་ཐོན་སོང་སྟེ་ ལོག་མ་འོངམ་ཨིན་པས།
དེ་གིས་ནངས་པ་ ཚེ་འདས་ཀྱི་ ཨམ་སྲུ་དང་ ཁྱིམ་ཚང་ཚུ་གིས་ འཚོལ་བར་འགྱོཝ་ད་ ཕོ་སྐྱེས་དེ་ ཁོང་རའི་ ཁྱིམ་གྱི་སྦོ་ལོགས་ཁར་ རང་སྲོག་བཅད་དེ་ ཤི་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ རྐྱེན་ངན་བྱུང་ཡོདཔ་ ཤེས་པའི་ཤུལ་ལུ་ མོང་སྒར་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ ཞིབ་དཔྱད་ཚུ་ཡང་ མཐིལ་ཕྱིན་འབད་ཡོདཔ་ད་ ས་གནས་ཀྱི་ མི་ཚུ་གིས་འབད་རུང་ རྐྱེན་ངན་དེ་ ཆང་འགྲངས་མི་ལུ་བརྟེན་ཏེ་ བྱུང་ཡོདཔ་བཟུམ་ཅིག་ འདུག་ཟེར་སླབ་ཨིན་པས།
མོང་སྒར་རྒཔོ་ བདེ་ཆེན་ཡེ་ཤེས་ཀྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ཚེ་འདས་ཕོ་སྐྱེས་དེ་གིས་ ཁོ་རའི་ ཁྱིམ་གྱི་སྦོ་ལོགས་ཁར་ མི་ཊར་༡༠ དེ་ཅིག་གིས་ས་ཁར་ སི་སི་ཤིང་ཅིག་གུ་ ཨོལ་ལྐོག་དཔྱངས་ཐོག་ལས་ རང་སྲོག་བཅད་ནུག་ཟེར་ཨིནམ་ད་ མི་ཚུ་གིས་ འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ དུས་རྒྱུན་དུ་ ཆང་འཐུང་སྡོད་མི་ཅིག་ཨིནམ་ལས་ འཕྲལ་འཕྲལ་སྦེ་ར་ བཟའ་ཚང་ནང་ འཐབ་འཛིང་ཚུ་འབད་དོ་ཡོད་པའི་ ལོ་རྒྱུས་ཚུ་ གོཝ་ཡི་ཟེར་ སླབ་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment