གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནེ་དར་ལེནསི་གི་ རྒྱལ་མོ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོདཔ།

༡༥/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ ནེ་དར་ལེནསི་ལུ་ འབྲུག་གི་གཞུང་ཚབ་ བསོད་ནམས་ཚོང་གིས་ ཧེག་ནོར་ཌེན་ཕོ་བྲང་ནང་སྦེ་ མི་དབང་རྒྱལམོ་ བི་ཊིསི་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ་ཨིན་པས།


དེ་མ་ཚད་ འབྲུག་གི་གཞུང་ཚབ་ཀྱིས་ ཌཱཆ་ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་མང་རབས་ཅིག་དང་ ཕྱད་ཐོག་ལས་ གྲོས་བསྡུར་འབད་ནུག་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ནེ་དར་ལེནསི་གི་ གོང་འཕེལ་མཉམ་འབྲེལ་སྲིད་བྱུས་གསརཔ་དང་འཁྲིལཝ་ད་ ཌཱཆ་གཞུང་གིས་ ཟུང་ཕྱོགས་ཀྱི་ གྲོགས་རམ་དེ་ འབྲུག་ལུ་ ཐད་ཀར་དུ་ བྱིན་ནི་དེ་ མེདཔ་བཟོ་ཡོད་རུང་ ཟུང་ཕྱོགས་མིན་པའི་ མཉམ་འབྲེལ་ལས་དོན་ཚུ་གི་གྲས་ལས་ ནེ་དར་ལེནསི་སློབ་གཉེར་ལས་རིམ་དེ་ འཕྲོ་མཐུད་སྦེ་ ལག་ལེན་འཐབ་ནི་ཨིན་པས།
སྤྱི་ལོ་༡༩༨༥ ཟླཝ་༦ པའི་ཚེས་༦ ལུ་ ནེ་དར་ལེནསི་གིས་ འབྲུག་དང་གཅིག་ཁར་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་ཡོད་མི་དེ་ ཡུ་རོབ་ལུ་ མཐུན་འབྲེལ་གཞི་བཙུགས་འབད་མི་ རྒྱལ་ཁབ་དང་པ་ཨིན་པས།
བཱ་ར་སིལསི་ལུ་ གཞི་བཙུགས་འབད་དེ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གི་ གཞུང་ཚབ་བསོད་ནམས་ཚོང་དེ་ བེལ་ཇི་ཡམ་དང་ ཌེན་མཱག་ ཕིན་ལེན་ སུ་ཡི་ཌེན་ ཨིསི་པེན་ ཡུ་རོ་པིན་མཐུན་ཚོགས་ཚུ་གི་ སྐུ་ཚབ་ཡང་ཨིན་པའི་གནས་ཚུལ།

No comments:

Post a Comment