གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་དཔོན་༡༡༢ ལུ་ རྒྱལ་ཡོངས་གཟེངས་ཐོན་རྟགས་མ་གནང་ཡོདཔ།

༡༨/༡༢/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སློབ་གྲྭ་ཁག་གི་ སློབ་དཔོན་༡༡༢ ལུ་ རྒྱལ་ཡོངས་གཟེངས་ཐོན་རྟགས་མ་གནང་ཡི།
དེ་ཡང་ རྒྱལ་ཁབ་ནང་ ཡུན་རིངམོ་སྦེ་ ཕྱག་ཞུ་མི་ སློབ་དཔོན་ཚུ་ལུ་ གསེར་གྱི་རྟགས་མ་མ་གནང་པའི་ཧེ་མར་ མི་དབང་མངའ་ཞབས་མཆོག་གིས་ ཞི་གཡོགཔ་ཚུ་ལུ་ ངོས་འཛིན་རྟགས་མ་གནང་དགོ་པའི་ དགོས་པ་དང་ རྒྱབ་ཁུངས་སྐོར་ལས་ གསལ་བཤད་གནང་ཡི།

རྒྱལ་ཡོངས་གཟེངས་ཐོན་རྟགས་མ་ཐོབ་མི་ སློབ་གྲྭའི་སློབ་དཔོན་ཚུ།


མི་དབང་མཆོག་གིས་ གསུངས་མིའི་ནང་ འདས་པའི་ལོ་ངོ་༦ གི་རིང་ལུ་ གླིང་ཀ་ནང་སྦེ་ ཞི་གཡོགཔ་མང་རབས་ཅིག་དང་ ཕྱད་པའི་སྐབས་ ཞི་གཡོགཔ་ལ་ལུ་ཅིག་ གཞུང་གཡོག་ནང་ ཕྱག་ཞུ་སྟེ་ ལོ་༣༠ དེ་ཅིག་ ལང་ཡོདཔ་མ་ཚད་ ལ་ལུ་ཅིག་ འབྲུག་རྒྱལ་གསུམ་པ་མཆོག་ ཁྲི་ཐོག་བཞུགས་པའི་བསྒང་ལས་ར་ ཕྱག་ཞུ་ཡོདཔ་ལས་ ད་རེས་ དགོངས་ཞུ་འགྱོ་ནིའི་དུམ་ཁར་ ལྷོད་དེ་འདུག་ཟེར་ཨིན་པས།
ང་ར་ རྫོང་ཁག་༢༠ གི་ མི་སེར་ཚུ་དང་ ཕྱད་པར་འགྱོཝ་ད་ ཞི་གཡོགཔ་མང་ཧད་རྫོགསཔ་ཅིག་གིས་ དཀའཝ་སྤྱད་དེ་ ཤ་ཚ་ཧིང་ཚ་གི་སྒོ་ལས་ རང་སོའི་འགན་ཁག་ཚུ་འབག་སྟེ་ ཕྱག་ཞུ་སར་མཐོངམ་ད་ ངལ་རངས་མས་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ད་རེས་ནངས་པ་ ཞི་གཡོགཔ་༢༤,༠༠༠ དེ་ཅིག་ཡོད་མི་ག་ར་གིས་ འདྲན་འདྲ་འབད་ར་ འགན་ཁུར་འབག་སྟེ་ ཕྱག་ཞུ་དོ་ཡོདཔ་ལས་ ཞི་གཡོགཔ་གཅིག་དང་གཉིས་ཕྱིར་སེལ་རྐྱབ་སྟེ་ གཟེངས་བསྟོད་གནང་པ་ཅིན་ བསམ་པ་མི་རྫོགས་ནི་མས་ཟེར་གསུངས་ཡི།
འདི་འབད་བ་ལུ་བརྟེན་ དུས་ཅི་གི་ རྒྱལ་ཡོངས་དུས་ཆེན་ལས་ འགོ་བཟུང་སྟེ་ རྒྱལ་པོའི་ཕྱག་ཐམ་དང་ ཕྱག་རྟགས་ཀྱི་འོག་ལུ་ ཞི་གཡོགཔ་ཚུ་ལུ་ ཞབས་ཏོག་རྟགས་མ་ཟེར་ རང་སོའི་ཞབས་ཏོག་གི་ ལོ་གྲངས་དང་འཁྲིལ་ ཏེ་ བཀའ་དྲིན་དགའ་ཚོར་གྱི་ རྟགས་མ་ཚུ་བྱིན་ནི་ འགོ་བཙུགས་ནི་ཟེར་ མི་དབང་མཆོག་གིས་ གསུངས་ཡི།
དུས་ཅི་ལས་ ཞི་གཡོགཔ་ཚུ་ལུ་ ངོས་འཛིན་གྱི་ རྟགས་མ་ཚུ་ ལོ་གྲངས་དང་འཁྲིལ་ཏེ་ བྱིན་དགོ་པས་ཟེར་ སླབ་མི་དེ་ཡང་ ཞི་གཡོགཔ་ཚུ་གིས་ རྒྱལ་ཁབ་ལུ་ འཐུས་ཤོར་མེདཔ་སྦེ་ ཕྱག་ཞུ་མི་ལུ་བརྟེན་ཏེ་ཨིནམ་མ་ཚད་ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་འགྲུབ་དགོཔ་ ལེ་ཤ་ཡོདཔ་བཞིན་དུ་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ སྲིད་བྱུས་དང་ འཆར་གཞི་གསརཔ་ཚུ་གི་ འགན་ཁུར་འབག་སྟེ་ ཕྱག་ཞུ་དགོཔ་ཡོད་ཟེར་གསུངས་ཡི།
མ་འོངས་པ་ལུ་ རྒྱལ་ཁབ་ནང་ སྟབས་མ་བདེཝ་འཐོན་པ་ཅིན་ བློ་གཏད་ས་དེ་ ང་བཅས་རའི་ ཞི་གཡོགཔ་ཚུ་ཨིནམ་ལས་ འཐུས་ཤོར་མེདཔ་སྦེ་ ཕྱག་ཞུ་དགོ་ཟེར་ བཀའ་སློབ་གནང་པའི་ཁར་ ད་ལས་ཕར་འབད་རུང་ ང་བཅས་རའི་ རྒྱལ་ཁབ་ནང་ བདེ་སྐྱིད་ཀྱི་ཉིམ་ཤར་ སྟབས་མ་བདེཝ་འཐོན་རུང་ ང་བཅས་ར་ གཅིག་ཁར་སྡོད་དེ་ ཐབས་དང་གནས་སྐབས་ཀྱི་སྒོ་ལས་ བསལ་ནི་དང་ ད་ལྟོ་རྒྱལ་ཁབ་སྒྲིང་སྒྲིང་ཡོད་མིའི་ ལྷག་པར་དུ་ རྩ་བརྟན་བཟོ་སྟེ་ ནམ་ཅིག་གི་ཚེ་ དཔལ་ལྡན་འབྲུག་པའི་ རྒྱབ་ཁབ་འདི་ ང་བཅས་རའི་ ཨ་ལུ་བུཚ་ མ་འོངས་པའི་ མི་སེར་ཚུ་ལུ་ ངལ་རངས་ཏོག་ཏོ་སྦེ་ རྩིས་སྤྲོད་ཚུགས་པའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ མི་དབང་མཆོག་གིས་ གསུངས་གནང་ཡི།
དེ་འབདཝ་ལས་ ང་བཅས་ལུ་ འགན་ཁུར་ཐེབས་ཕོག་སྟེ་ཡོད་མི་ ཞི་གཡོགཔ་ཚུ་ལུ་ བློ་ཧྲིལ་བུམ་སྦེ་ གཏདཔ་བཞིན་དུ་ ཁོང་གིས་ཡང་ ལྷག་བསམ་རྣམ་དག་གི་སྒོ་ལས་ དམ་ཚིག་དཔང་དུ་བཙུགས་ཏེ་ ག་དེ་དྲག་དྲག་ གཞན་དང་མ་འདྲ་བའི་ རྒྱལ་ཁབ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་དགོ་པའི་ བཀའ་སློབ་ཡང་གནང་ཡི།
མི་དབང་མཆོག་གིས་ རྒྱལ་ཡོངས་ཀྱི་ སློབ་དཔོན་ཚུ་ལུ་ གསེར་གྱི་གཟེངས་བསྟོད་རྟགས་མ་གནངམ་དང་འབྲེལ་ ག་ར་གིས་ རྒྱལ་ཁབ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ གསུངས་ཡི།
རྒྱལ་ཡོངས་ཀྱི་ དམིགས་ཡུལ་ནང་ལས་ ཁག་ཆེ་ཤོས་ར་ ང་བཅས་རའི་ ཨ་ལུ་ཚུ་ལུ་ ཆོས་ཡོན་ཏན་ མ་བཏུབ་བཏུབ་སྦེ་ བྱིན་ནི་འདི་ཨིནམ་མ་ཚད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱལ་ཁབ་ཀྱི་ ཕྱག་ལཱ་མཛདཔ་ད་ ངལ་རངས་ཤོས་དང་ གྲུབ་འབྲས་སྦོམ་ཤོས་དེ་ར་ ཤེས་རིག་ནང་ལས་ ཐོན་ཡི་ཟེར་ མི་དབང་མཆོག་གིས་ མི་མང་ལུ་ དྲན་གསལ་གནང་ཡི།
རྒྱལ་ཁབ་ལུ་ ཁག་ཆེ་ཤོས་དེ་ ང་བཅས་རའི་ མི་སེར་དང་ མི་སེར་ལུ་ ཁག་ཆེ་ཤོས་དེ་ རང་གི་བུ་གཞི་ དེ་ལས་ བུ་གཞི་ལུ་ ཁག་ཆེ་ཤོས་ར་ ཡོན་ཏན་འབད་བ་ལུ་བརྟེན་ འབྲུག་གི་སློབ་དཔོན་ཚུ་ ག་ནི་བ་ ཁག་ཆེ་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ རྒྱལ་ཁབ་ནང་ སློབ་དཔོན་༡༠,༠༠༠ དེ་ཅིག་ཡོད་མི་ཚུ་གིས་ མ་འོངས་པའི་མི་སེར་ ད་རིས་ཀྱི་ དུས་རབས་འདི་གི་ ན་གཞོན་སློབ་ཕྲུག་འབུམ་༢ ལྷགཔ་ཅིག་ལུ་ དཔེ་ཆ་སྟོན་ཐོག་ལས་ ཕྱག་ཞུ་དོ་ཟེར་ གསུངས་ཡི།
ད་ལས་ཕ་ར་འབད་རུང་ སློབ་དཔོན་ཚུ་གིས་ ཨ་ལུ་ཚུ་ལུ་ ཆོས་ཡོན་ཏན་ ལེགས་ཤོམ་སྦེ་ བཏགས་སར་བཀལ་ཚུགསཔ་བཟོ་ནི་གིས་མ་ཚད་པར་ རང་སོའི་བྱ་བ་སྤྱོད་ལམ་དང་ སྒྲིག་ལམ་ཆོས་༣ བསམ་པ་སེམས་བསྐྱེད་ ཐ་དམ་ཚིག་ ལས་རྒྱུ་འབྲས་ཚུ་ཡང་ མ་བཏུབ་བཏུབ་སྦེ་བཏོན་ཏེ་ ལྕོགས་གྲུབ་ཅན་གྱི་ མི་གི་གྲས་ཁར་བཙུགས་དགོ་པའི་ བཀའ་སློབ་གནང་ཡི།
དེ་དང་འཁྲིལ་ ཤུལ་ལས་ ཨ་ལུ་ཚུ་གིས་ རང་གི་ཕམ་ལུ་ ཕྱག་ཕྱིད་ཞུ་ རྒྱལ་ཁབ་ལུ་ཡང་ འཐུས་ཤོར་མེད་པར་ ལེགས་ཤོམ་སྦེ་ ཕྱག་ཞུ་ཚུགསཔ་ སློབ་དཔོན་ཚུ་གིས་ར་ བཟོ་དགོ་ཟེར་ གསུངས་ཡི།
ད་རུང་ གཟེངས་ཐོན་རྟགས་མ་ཐོབ་མི་༡ བུམ་ཐང་གི་ ལུང་གཤོང་ནང་ མི་སྡེའི་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་མི་ཅིག་ཨིན་མི་ ཕིརཛ་མའུ་རར་དེ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས་དང་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment