གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་ཆེན་ཞིང་སྒྲུབ་གྲོལ་ཡོདཔ།

༡༧/༡༢/༢༠༡༢   ༉ དབང་འདུས་ཕོ་བྲང་ བ་འཇོ་རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ལྟེ་བའི་ནང་ ཉིན་གྲངས་༦ གི་རིང་ བདེ་ཆེན་ཞིང་སྒྲུབ་པདྨ་དྲྭ་བ་གནང་མི་དེ་ ཁ་ཙ་ ཚོགས་འཁོར་སྐོར་ཐོག་ལས་ གྲོལ་གནང་ཡོདཔ་ད་ ཞིང་སྒྲུབ་དེ་ གཞལ་སྒང་རྫོང་ཁག་ ཁོམ་ཤར་གཡུས་ཚན་གྱི་ མདོ་སྔགས་འོད་གསལ་དར་རྒྱས་གླིང་གི་ གྲྭ་ཚང་གི་མཁན་པོ་ ཐུབ་བསྟན་རྡོ་རྗེ་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༡༥ དེ་ཅིག་གིས་གནང་ཡི།


ཞིང་སྒྲུབ་གནང་སར་ སངས་རྒྱས་འོད་དཔག་མེད་དང་ འཕགས་པ་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ཀྱི་ གཟུངས་སྔགས་སྦྱང་མི་ཞིབ་འཚོལ་ལྟེ་བའི་ལས་བྱེདཔ་དང་ ཁོང་གི་ཉེ་ཚན་ དེ་ལས་ རྫོང་ཁག་གི་མི་༢༠༠ ལྷགཔ་ཅིག་འཛོམས་ནུག།
ལས་རིམ་འགོ་འདྲེན་པ་ ཞིབ་འཚོལ་ལྟེ་བའི་ལས་རིམ་མདོ་ཆེན་ མགོན་པོ་གིས་ སླབ་མིའི་ནང་ ཞིབ་སྒྲུབ་དེ་ ཞིབ་འཚོལ་ལྟེ་བའི་ ལོ་བསྟར་གྱི་ རིམ་གྲོ་བཟུམ་ཅིག་ཨིནམ་ལས་ དེའི་དོན་ལུ་མ་དངུལ་དེ་ ལྟེ་བའི་ལས་བྱེདཔ་ཚུ་གི་ སྐྱིད་སྡུག་མ་དངུལ་དང་ སྒེར་སྡེ་ནང་ལཱ་འབད་མི་ཚུ་གིས་ ཞལ་འདེབས་འབད་ཡི་ཟེར་ཨིན་པས།
མཁན་པོ་ཐུབ་བསྟན་རྡོ་རྗེ་གིས་ བཤད་མིའི་ནང་ བདེ་ཆེན་ཞིང་སྒྲུབ་ཟེར་མི་དེ་ སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་ ད་ལྟོ་ལས་སེམས་ཁར་དྲན་ཏེ་ སྒྲུབ་ནི་དེ་གིས་ དེ་ནང་བཅའ་མར་གཏོགས་མི་ག་ར་ཨིན་རུང་ ཕྱི་མ་འོད་དཔག་མེད་ཀྱི་ཞིང་ཁམས་ལུ་ སྐྱེ་ནིའི་རྟེན་འབྲེལ་ཨིན་ཟེར་ཨིན་པས།
དམིགས་བསལ་ཀྱི་ ཕན་ཡོན་བཟུམ་ཅིག་འབད་བ་ཅིན་ སངས་རྒྱས་འོད་དཔག་མེད་ཀྱི་ ཕྱག་གཡས་པའི་ འོད་ཟེར་ལས་ འཕགས་པ་སྤྱན་རས་གཟིགས་འཁྲུངས་བའི་ཁར་ ཕྱག་གཡོན་པ་ལས་ རྗེ་བཙུན་སྒྲོལ་མ་དང་ ཐུགས་ཁ་ལས་ གུ་རུ་རིན་པོ་ཆེ་ འཁྲུངས་ནི་དེ་གིས་ ཞིང་སྒྲུབ་ཚོགས་བ་ཅིན་ ཁོང་༣ ཡང་ སྟབས་གཅིག་ལུ་ འཚོགས་པའི་བྱིན་རླབས་ཡོད་ཟེར་ཨིན་པས།
ད་རེས་འབདཝ་ད་ ཞིང་སྒྲུབ་ཚར་༡༠༠ ལྷགཔ་ཅིག་ གནང་ཡོད་མི་ མཁན་པོ་གིས་ བཤད་མིའི་ནང་ ཞིང་སྒྲུབ་དེ་ བུམ་ཐང་དང་ ཀྲོང་གསར་རྫོང་ཁག་ནང་བསགས་ནི་ཡོད་རུང་ ད་རེས་ནངས་པ་ ཤར་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་ནང་ཡང་ གནང་ནི་འདུག་ཟེར་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment