གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧ་རི་ཡ་ན་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི།

༡༧/༡༢/༢༠༡༢   ༉ རྒྱ་གར་གྱི་མངའ་སྡེ་ ཧ་རི་ཡ་ན་ལུ་ གློག་མེའི་དཀའ་ངལ་ སྦོམ་སྦེ་ར་ཡོད་མི་ལུ་བརྟེན་ མངའ་སྡེའི་གཞུང་གིས་ འབྲུག་གཞུང་ལུ་ ཁོང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ མཉམ་འབྲེལ་གྱི་ལཱ་ཚུ་ འཕྲལ་མགྱོགས་ར་ འབད་ཚུགས་པའི་རེ་བ་ཡོད་ཟེར་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ སྤྱི་ཟླ་༡༢ པི་ཚེས་༡༥ ལུ་ འབྲུག་གཞུང་དང་ ཧ་རི་ཡ་ན་གཞུང་༢ ཀྱི་བར་ན་འཚོགས་མི་ ཞལ་འཛོམས་ཀྱི་གྲོས་ཆོད་གུ་ མཚན་རྟགས་བཀོད་གནང་པའི་སྐབས་ལུ་གསུངས་ཡི།
བློན་ཆེན་འཇིག་མེད་འོད་ཟེར་འཕྲིན་ལས་མཆོག་དང་ གཙོ་འཛིན་བློན་པོ་ བུ་པིན་ཌར་སིང་ ཧུ་ཌ་གཉིས་
མཇལ་ཕྲད་གནང་སྟེ་ ཕྱི་ཁར་བྱོན་པའི་བསྒང་།


བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ འབད་བ་ཅིན་ ཧ་རི་ཡ་ན་དེ་ དཔལ་འབྱོར་གོང་འཕེལ་ ལེགས་ཤོམ་སྦེ་ ཡར་རྒྱས་སོང་ཡོད་པའི་ མངའ་སྡེ་ཅིག་འབད་ནི་དེ་གིས་ ཁོང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལུ་ ལཱ་འབད་བ་ཅིན་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་ཚུ་ལེགས་ཤོམ་སྦེ་ ཡར་དྲག་བཏང་ཚུགས་པའི་ ཕན་ཁྱད་ཡོད་ཟེར་ཨིན་པས།
འབྲུག་གཞུང་དང་ མངའ་སྡེ་༢ ཀྱི་བར་ གྲོས་འཛོམས་དང་ གྲོས་བསྡུར་ཁག་དག་པ་ཅིག་ འཚོགས་མིའི་གྲོས་ཆོད་གུ་ལུ་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲག་ཤོས་བསོད་ནམས་ཚེ་རིང་དང་ ཧ་རི་ཡ་ན་བཟོ་གྲྭའི་དྲུང་ཆེན་གཙོ་འཛིན་ ཝའི་ཨེསི་ མ་ལིག་༢ ཀྱིས་ མཚན་རྟགས་བཀོད་ཡོདཔ་ཨིན།
གྲོས་ཆོད་དེ་ཡང་ ད་ལས་ཕར་ འབྲུག་དང་ མངའ་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་ཐོག་ ལཱ་འབད་ནི་ཨིན་མི་ ས་ཁོངས་ལེ་ཤ་ཅིག་ར་ ངོས་འཛིན་འབད་ཡོད་པའི་གྲས་ལས་ སོ་ནམ་དང་ སྒོ་ནོར་ གློག་མེ་ནུས་ཤུགས་ ཁྲོམ་སྡེའི་འཆར་གཞི་དང་ གཞི་རྟེན་མཁོ་ཆས་ གོང་འཕེལ་གཏང་ནི་ཚུ་ ཚུད་ཡོདཔ་ཨིན་པས།
མཉམ་འབྲེལ་ལཱ་གི་ས་ཁོངས་ཚུ་ ངོས་འཛིན་འབད་ནིའི་དོན་ལུ་ ཚོགས་ཆུང་ཅིག་ཡང་ གཞི་བཙུགས་འབད་ནི་ཨིན་ཟེར་ གནས་ཚུལ་གསར་བཏོན་ཅིག་ནང་བཀོད་ནུག།
ཧ་རི་ཡ་ན་གི་ གཙོ་འཛིན་བློན་པོ་ བུ་པིན་ཌར་སིང་ ཧུ་ཌ་གིས་ སླབ་མིའི་ནང་ མཉམ་འབྲེལ་གྱི་ལཱ་ཚུ་ འགོ་བཙུགས་ནིའི་དོན་ལུ་ འབྲུག་གཞུང་གི་ ཟད་འགྲོ་མ་དངུལ་ཐོག་ལས་ ཁོ་གི་མངའ་སྡེ་ནང་ཡོད་པའི་ ལོ་ངོ་༤ གི་རིང་ སྦྱོང་བརྡར་བྱིན་དོ་ཡོད་མི་ སོ་ནམ་གཙུག་ལག་སློབ་སྡེའི་ནང་ འབྲུག་མི་༥ དང་ སྒོ་ནོར་ཚན་རིག་གཙུག་ལག་སློབ་སྡེའི་ནང་ མི་༢ ཀྱི་དོན་ལུ་ སློབ་སྦྱོང་གི་ས་ སྟོང་བཞག་འོང་ཟེར་ཨིན་པས།
སློབ་ཕྲུག་ཚུ་གི་དོན་ལུ་ མངའ་སྡེའི་གཞུང་གིས་ སློབ་འཐུས་ཚུ་ སྤྲོད་དགོ་ནི་ཨིན་རུང་ གནད་དོན་དེ་ སང་ཕོད་སྤྱི་ཟླ་༢ པའི་ནང་ ཁྲིམས་མཐུན་ཐོག་ མཐའ་བཅད་བཟོ་ཐོག་ལས་ འབྲུག་གཞུང་དང་ འབྲེལ་བ་འཐབ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ཧ་རི་ཡ་ནའི་ གཙོ་འཛིན་བློན་པོ་གིས་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་དང་ མཇལ་ཕྲད་གནང་པའི་སྐབས་ལུ་ཡང་ མཉམ་འབྲེལ་གྱི་ལཱ་འབད་སའི་ ས་ཁོངས་ལེ་ཤ་ཅིག་གི་སྐོར་ལས་ གྲོས་བསྡུར་གནང་ཡོདཔ་ད་ མངའ་སྡེ་དང་ འབྲུག་གི་ སྤྱི་ཚོགས་འཐུས་མི་ཚུ་གི་བར་ན་ བརྗེ་སོར་གྱི་ལས་རིམ་ཚུ་ཡང་ དགོ་པའི་ཞུ་བ་འབད་ཡོདཔ་ཨིན་པས།
དེ་གི་སྐབས་ གཙོ་འཛིན་བློན་པོ་གིས་ རྒྱ་གར་རྒྱལ་ཁབ་ཀྱི་ སའི་རྒྱ་ཚད་དང་ མི་རློབས་བརྒྱ་ཆ་༢ དེ་ཅིག་ཡོད་པའི་ ཧ་རི་ཡ་ན་མངའ་སྡེ་དེ་ རྒྱལ་ཁབ་ནང་ འབྲུ་སྣའི་རིགས་ བརྒྱ་ཆ་༢ དེ་ཅིག་ ཐོན་སྐྱེད་འབད་མི་ཨིནམ་མ་ཚད་ དཀར་གྱི་ཐོན་སྐྱེད་མཐོ་ཤོས་འབད་མི་ཅིག་ཨིན་ཟེར་ཨིན་པས།
འབྲུག་གི་དམངས་གཙོའི་རིང་ལུགས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ༌གི་སྐོར་ལས་ཡང་ གཙོ་འཛིན་བློན་པོ་གིས་ གསུང་གྲོས་གནང་ཡོདཔ་ཨིན་པས།
ཧ་རི་ཡ་ན་མངའ་སྡེ་དེ་ གོང་འཕེལ་རྒྱ་ཆེ་དྲགས་སྦེ་འགྱོ་ས་མཐོང་མི་ལུ་ ངལ་རངས་ཡོད་ཟེར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་ཡོདཔ་མ་ཚད་ ད་ལྟོ་ཚུན་ལུ་ འབྲུག་གི་གོང་འཕེལ་ལས་སྣ་ཚུ་ནང་ རྒྱ་གར་གཞུང་གིས་ གྲོགས་རམ་ཐོག་ འབྲེལ་གཏོགས་སྦོམ་འབད་དེ་ ཡོད་ཟེར་གསུངསམ་ཨིན་པས།
འཐུས་མི་༡༠ འགོ་ཁྲིད་འབད་ཐོག་ལས་ ཉིན་གྲས་༢ ཀྱི་རིང་ འབྲུག་ལུ་ གཟིགས་སྐོར་ནང་བྱོན་མི་ གཙོ་འཛིན་བློན་པོ་གིས་ ཁ་ཙ་ རྒྱལ་ཁབ་ནང་ལས་ ལོག་བྱོན་ཡོད་པའི་གནས་ཚུལ།


 
ཉི་མ་དབང་འདུས།

No comments:

Post a Comment