གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨྱོན་རིག་པའི་འབྱུང་གནས་ འབྲུག་པཱོལ་སྡེ་ཚན་གྱིས་ ཕམ་བཏང་ཡོདཔ།

༡༧/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ གྱིབ་ཀྱི་རྩྭ་གདན་ འགོ་འབྱེད་འབད་མི་དང་འབྲེལ་ ཨྱོན་རིག་པའི་འབྱུང་གནས་དང་ འབྲུག་པཱོལ་སྡེ་ཚན་༢ ཀྱི་བར་ན་ རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་ རྩེད་འགྲན་འབདཝ་ད་ འབྲུག་པཱོལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
གྱིབ་ཀྱི་རྩྭ་གདན་ འགོ་འབྱེད་དང་འབྲེལ་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ འི་ནང་འཁོད་ལུ་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་ལས་ བི་རཱན་ བཱསི་ནེཌ་གིས་ གཱོལ་དང་པ་ འབྲུག་པཱོལ་སྡེ་ཚན་ལུ་ བཙུགས་པའི་ཤུལ་ལུ་ འབྲུག་པཱོལ་སྡེ་ཚན་གྱིས་ གཱོལ་བཙུགས་ནི་ལུ་ དོ་འགྲན་ག་དེམ་ཅིག་འབད་རུང་ འགོ་ཐོག་གི་ ངལ་གསོའི་ནང་ གཱོལ་གཅིག་ཡང་ བཙུགས་མ་ཚུགས།
ཨིན་རུང་ བར་མཚམས་ངལ་གསོ་ལས་ འབྲུག་པཱོལ་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་ལུ་ དུས་ཡུན་སྐར་མ་༦༤ འི་ནང་ ཚེ་རིང་རྒྱལ་མཚན་གྱིས་ གཱོལ་བཙུགས་ཏེ་ སྐར་མ་༦ གི་རྒྱབ་ལས་ བསོད་ནམས་རྒྱལ་མཚན་གྱིས་ གཱོལ་༢ པ་བཙུགས་ཅི།
དེ་གི་ཤུལ་ལས་ བཱོལ་ཕར་ཚུར་འབག་སྟེ་ སྡེ་ཚན་༢ ཀྱིས་ གཱོལ་བཙུགས་ནི་ལུ་ དོ་འགྲན་འབད་རུང་ གཱོལ་བཙུགས་མ་ཚུགསཔ་ལས་ ཕུཊ་བཱོལ་རྩེད་ནིའི་ དུས་ཡུན་ཚང་སོཔ་ལས་ འབྲུག་པཱོལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ སྐུགས་༣ ཐོབ་ཡོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ འཐོབ་མ་ཚུགས།
ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་ལིག་རྩེད་འགྲན་དེ་ བདུན་ཕྲག་གི་ གཟའ་ཟླ་བ་ལུ་ ཨ་རྟག་ར་ ཉིན་མའི་ཆུ་ཚོད་༢ ལུ་ འགོ་བཙུགས་ནི་ཨིནམ་ད་ དེ་ཡང་ ཕུན་ཚོགས་གླིང་ཕུཊ་བཱོལ་རྩེད་ཐང་དང་ བསམ་རྩེ་ཕུཊ་བཱོལ་རྩེད་ཐང་ དེ་ལས་ ཐིམ་ཕུ་ཕུཊ་བཱོལ་རྩེད་ཐང་ སྡེ་ཚན་༦ གི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།



བཀྲིས་ཕུན་ཚོགས།

No comments:

Post a Comment