གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩིས་དེབ་འཆང་མི་ལུ་བ་གཏོགས་ དངུལ་ཁང་ལུ་ འཛོལ་བ་མེད་པའི་ཁུངས་གསལ།

༡༧/༡༢/༢༠༡༢   ༉ འབྲུག་གི་དངུལ་ཁང་དང་ ལྷ་འཛིན་པར་སྐྲུན་ལས་སྡེའི་ཇོ་བདག་ སངས་རྒྱས་བསྟན་འཛིན་གྱི་བར་ན་ བརྡ་དོན་ཡོངས་འབྲེལ་ཐོག་ གཞན་གྱི་རྩིས་དེབ་ནང་ལས་ དངུལ་ཀྲམ་ས་ཡ་༢.༢༣ བཏོན་འབད་མིའི་ མཐོ་གཏུགས་རྩོད་བཤེར་གྱི་ སྙན་གསན་དེ་ མཇུག་བསྡུ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ མཐའ་བསྡོམས་སྙན་གསན་སྐབས་ འབྲུག་གི་དངུལ་ཁང་ཚད་འཛིན་གྱི་ ངོ་ཚབ་ཚུ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ བཤེར་ལན་ཕུལ་མིའི་ནང་ དངུལ་ཁང་གི་ ལས་མགྲོན་པ་ཚུ་གི་ འགན་ཁུར་ཁ་གསལ་ ཉེན་ལེན་ཁ་ཚིག་ནང་ གསལ་བཀོད་འབད་ཡོད་མི་དང་འཁྲིལ་ རྩིས་དེབ་འཆང་མི་གིས་ ཡིག་ཐོག་ལུ་ ཆ་མེད་བཏང་དགོ་པའི་ ཞུ་བ་མ་འབད་ཚུན་ཚོད་ འབྲུག་གི་དངུལ་ཁང་ལུ་ ཆ་མེད་གཏང་ནི་གི་ དབང་ཆ་མེདཔ་ལས་ དངུལ་ཁང་ལུ་ འཛོལ་བ་མེད་ཟེར་བཀོད་ནུག།
རྩོད་དོན་དེ་ནང་ དངུལ་ཁང་ལུ་ འགན་འཁྲི་མེད་ཟེར་ ཞུ་མི་དེ་ཡང་ པར་སྐྲུན་ལས་སྡེ་དེ་ ཇོ་བདག་གསརཔ་ བསྟན་འཛིན་དབང་འདུས་ལུ་བཙོང་སྟེ་ དངུལ་ཁང་གི་ རྩིས་དེབ་དེ་ཡང་ ཇོ་བདག་གསརཔ་གི་མིང་ཐོ་ལུ་ སྤོ་སོར་འབད་ཚར་བའི་ཤུལ་ལུ་ སངས་རྒྱས་བསྟན་འཛིན་གྱིས་ ཚུལ་མིན་ཐོག་ ཡོངས་འབྲེལ་ནང་ལས་ ཏི་རུ་བཏོན་འབག་ཡོད་མི་དེ་ འབྲུག་གི་དངུལ་ཁང་ལུ་ འཛོལ་བ་ཡོདཔ་སྦེ་ ཁ་ཉེས་བཀལ་བའི་ འགལ་ལན་ལུ་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ ཡོངས་འབྲེལ་ཞབས་ཏོག་ལག་ལེན་ཐོག་ དངུལ་ཀྲམ་ས་ཡ་༢.༢༣ བཏོན་འབག་མི་དེ་ བསྟན་འཛིན་དབང་འདུས་ཀྱིས་ པར་སྐྲུན་འཕྲུལ་ཆས་ཉོ་ནིའི་དོན་ལུ་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་མི་དེ་ ལྷ་འཛིན་གྱི་ རྩིས་དེབ་ནང་ འཛིན་གྲོལ་འབད་བའི་ མ་དངུལ་ཨིན་པས།
འབྲུག་གི་དངུལ་ཁང་གི་ ངོ་ཚབ་ཀྱིས་ ཆོ་མཐོ་ཁྲིམས་འདུན་ལུ་ གསལ་ཞུ་འབད་མིའི་ནང་ ན་ཧིང་སྤྱི་ཟླ་༦ པའི་ཚེས་་༢༠ ལུ་ བསྟན་འཛིན་དབང་འདུས་ཀྱིས་ མི་ངོམ་སྦེ་ར་ དངུལ་ཁང་ནང་འོང་སྟེ་ སངས་རྒྱས་བསྟན་འཛིན་གྱི་ མིང་ཐོག་ཁར་ཡོད་པའི་ དངུལ་ཁང་གི་ གསོག་འཇོག་རྩིས་ཁྲའི་ ཁེ་དབང་ཆ་མཉམ་ར་ ཁོ་ལུ་ རྩིས་སྤྲོད་འབད་དགོ་པའི་ཁར་ རྩིས་ཁྲ་ལག་ལེན་དང་ མིང་རྟགས་བཀོད་ནི་གི་ དབང་ཚད་ཡང་ ཁོ་གི་མིང་ཐོག་ཁར་ སྤོ་སོར་འབད་དགོ་པའི་ ཞུ་ཡིག་བཙུགས་མི་དང་འཁྲིལ་ དངུལ་ཁང་གིས་ཡང་ སྤྱིར་བཏང་ཚོང་མགྲོན་པའི་ ལམ་ལུགས་དང་གཅིག་མཚུངས་སྦེ་ ངོས་ལེན་འབད་ཡི་ཟེར་ཨིན་པས།
བསྟན་འཛིན་དབང་འདུས་ཀྱིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ དངུལ་ཀྲམ་ས་ཡ་༣.༩༦ ལྷགཔ་ཅིག་ སྐྱིན་འགྲུལ་ལེན་མི་དེ་ པར་སྐྲུན་ཁང་གི་ གསོག་འཇོག་རྩིས་ཁྲིའི་ནང་ བཙུགས་བཞག་པའི་ ཉིནམ་ལས་འགོ་བཟུང་ སངས་རྒྱས་བསྟན་འཛིན་གྱིས་ ཡོངས་འབྲེལ་ཞབས་ཏོག་ ལག་ལེན་ཐོག་ བཏོན་འབག་ཡོདཔ་ཨིན་པས།
དངུལ་ཁང་གི་ ངོ་ཚབ་ཀྱིས་འབད་བ་ཅིན་ དུས་ཅི་སྤྱི་ཟླ་དང་པའི་ཚེས་༤ ལུ་ བསྟན་འཛིན་དབང་འདུས་ཀྱིས་ དངུལ་ཁང་ནང་ འོང་ཞིནམ་ལས་ སངས་རྒྱས་བསྟན་འཛིན་གྱི་ མིང་ཐོག་ཁར་ཡོད་མི་ གློག་རིག་ཡོངས་འབྲེལ་གྱི་ ཞབས་ཏོག་དེ་ བཀག་ཆ་འབད་དགོ་པའི་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།
དེ་དང་འཁྲིལ་ དངུལ་ཁང་གི་ རྩིས་དེབ་དང་འབྲེལ་བའི་ ཡོངས་འབྲེལ་ཞབས་ཏོག་འཆང་མིའི་ མིང་ཐོ་དེ་ཡང་ ཇོ་བདག་གསརཔ་ལུ་ སྤོ་སོར་འབད་ཡོདཔ་སྦེ་ དངུལ་ཁང་གིས་ བརྩི་འཇོག་འབད་དེ་ སངས་རྒྱས་བསྟན་འཛིན་གྱི་ མིང་ཐོག་ཁར་ཡོད་མི་ ཡོངས་འབྲེལ་ཞབས་ཏོག་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།
འདས་པའི་སྙན་གསན་སྐབས་ དངུལ་ཁང་གི་ངོ་ཚབ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་གིས་ ཞུ་མིའི་ནང་ རྩིས་དེབ་དང་འབྲེལ་བའི་ ཁེ་དབང་ག་ར་ སྤོ་སོར་མ་འབད་མི་དེ་ལུ་བལྟ་བ་ཅིན་ དངུལ་ཁང་ལུ་ འཛོལ་བ་ཡོདཔ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
དངུལ་ཁང་གིས་འབད་བ་ཅིན་ ཡོངས་འབྲེལ་ཞབས་ཏོག་ལག་ལེན་ཐོག་ དངུལ་བཏོན་འབག་མི་དེ་ དངུལ་ཁང་ལུ་ འཛོལ་བ་མེད་ཟེར་ བདེན་ཁུངས་བཟང་ཡོད་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment