གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་སྟོབས་རིག་འཚོལ་ཐེངས་༤ པ་ འགོ་བཙུགས་ནི།

༡༧/༡༢/༢༠༡༢   ༉ མི་ལ་བརྒྱུད་འབྲེལ་གྱི་ འགོ་འདྲེན་ཐོག་ སྐྱེས་སྟོབས་རིག་འཚོལ་ཐེངས་༤ པ་དེ་ ད་རིས་ལས་ རྒྱལ་ཡོངས་དུས་ཆེན་གྱི་ ཉིནམ་དང་འབྲེལ་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ཀ་ཆེན་གྱི་ ས་ཁོངས་ནང་སྦེ་ འགོ་བཙུགས་ནི་ཨིནམ་ད་ ད་ཚུན་གྱི་བར་ན་ བཅའ་མར་གཏོགས་མི་ཚུ་གིས་ སྦྱང་བ་འབད་ཡོདཔ་ཨིན་པས།
སང་ཕོད་སྤྱི་ཟླ་༢ པའི་ཚེས་༢༡ ལུ་ མཇུག་བསྡུ་ནི་ཨིན་མི་ སྐྱེས་སྟོབས་རིག་འཚོལ་ནང་་ བཅའ་མར་གཏོགས་མི་ ན་ཆུང་ཚུ།


ལས་རིམ་ནང་ གནད་དོན་གཙོ་བོ་ སྐད་ཀྱི་སྤུས་ཚད་དང་ དགོད་བྲའི་རིག་རྩལ་ལུ་ གཞི་བཞག་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ བཅའ་མར་གཏོགས་མི་ སྐད་འཐེན་ནི་དང་ དགོད་བྲ་བསྒྱུར་ནི་ལུ་ རིག་རྩལ་ཡོད་མི་ ན་གཞོན་ལྕོགས་གྲུབ་ཅན་ སྐྱེས་ལོ་༦ དང་༡༣ གྱི་བར་ན་འབད་མི་༢༠ ཡོདཔ་ད་ ཁོང་གི་གྲས་ལས་༩ བུམོ་དང་༡༡ བུཚ་ཨིན་པས།
ལས་རིམ་དེ་ གཟའ་པ་སངས་དང་ སྤེན་པ་ལུ་ ཕྱི་རུའི་ཆུ་ཚོད་༦ ལས་༩ ཚུན་ བདུན་ཕྲག་རེ་ནང་ཚར་༢ རེ་ དངོས་མཐོང་རྒྱང་བསྒྲགས་འབད་ནི་དང་ དེ་གི་ནངས་པ་ ལོག་བསྐྱར་ཞུ་འབད་ནི་ཨིན་པས།
མི་ལ་བརྒྱུད་འབྲེལ་གྱི་ ལས་རིམ་འགོ་འདྲེན་པ་ མི་ལ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ དྲང་དཔོན་གྱི་སྐུགས་ཚད་ལུ་ ཐོབ་དབང་བརྒྱ་ཆ་༥༠ དང་ མི་མང་གི་ཚོགས་རྒྱན་ལུ་ཡང་ ཐོབ་དབང་བརྒྱ་ཆ་༥༠ སྦེ་བཞག་ནི་དང་ ལས་རིམ་འགོ་བཙུགས་པའི་ བདུན་ཕྲག་དང་པམ་༢ ནང་ ཨ་ལུ་ཚུ་གི་རིག་རྩལ་དང་ ལྕོགས་གྲུབ་ དབྱེ་ཞིབ་འབད་ནི་དང་ བདུན་ཕྲག་༣ པ་ལས་འགོ་བཙུགས་ཏེ་ དྲང་དཔོན་གྱི་སྐུགས་དང་ མི་མང་གི་ ཚོགས་རྒྱན་ཉུང་ཤོས་ཐོབ་མི་༤ དང་ དེ་གི་ཤུལ་ལས་༣ རེ་སྦེ་ གོ་རིམ་བཞིན་དུ་ ཕྱིར་བསལ་འབད་དེ་ བཙག་འཐུ་འབད་ནི་ཟེར་ཨིན་པས།
གསོལ་རས་ཀྱི་ ཐད་ཁར་ལྷོདཔ་ད་ ད་ལྟོ་ ངེས་བདེན་སྦེ་ ཐག་མ་བཅད་ཟེར་ཨིན་རུང་ ཨང་དང་པ་ལས་འགོ་བཙུགས་ཏེ་ མི་ངོམ་དྲག་ཤོས་ཚུན་ཚོད་ལུ་ མི་མང་གི་ཚོགས་རྒྱན་གྱི་མང་ཉུང་དང་ སྦྱིན་བདག་འཐོན་མི་ཚུ་དང་འཁྲིལ་ཏེ་ དངུལ་རྐྱང་གི་གསོལ་རས་ བྱིན་ནི་ཟེར་ འགོ་འདྲེན་པ་གིས་ སླབ་ཨིན་པས།
བཅའ་མར་གཏོགས་མི་ ན་གཞོན་ཨ་ལུ་ཚུ་ལུ་ ཉལ་ཁང་ཚུ་ ཕུན་སུམ་སློབ་གྲྭ་གིས་བྱིན་ཏེ་ཡོདཔ་ད་ བཟའ་འཐུང་གི་མཐུན་རྐྱེན་ཚུ་ ལས་རིམ་མཇུག་མ་བསྡུ་ཚུན་ འགོ་འདྲེན་པ་གིས་ སྟོང་པར་སྦེ་ བྱིན་ནི་ཨིན་པས།
ལས་རིམ་དེ་ སྤྱི་ལོ་༢༠༡༣ ཟླཝ་༢ པའི་ཚེས་༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ཏེ་ མཇུག་བསྡུ་ནི་ཨིན་པས།
མི་ལ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ གནམ་དགུན་གྱི་ངལ་གསོའི་སྐབས་ ན་གཞོན་ཨ་ལུ་ཚུ་གི་ དུས་ཚོད་འཕྲོ་བརླག་མ་གཏང་པར་ རང་ལུགས་ཀྱི་ ལམ་སྲོལ་དང་འབྲེལ་བའི་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་བྱིན་ཏེ་ ལམ་སྲོལ་གྱི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་བཅུག་ནི་དང་ དངུལ་རྐྱང་གི་ གསོལ་རས་དུམ་གྲ་རེ་བྱིན་མི་གིས་ ལོག་སློབ་གྲྭ་ནང་འགྱོཝ་ད་ ཁོང་རའི་ཟད་འགྲོ་ལུ་ ཕན་ཐོགས་ཚུགསཔ་བཟོ་ཐབས་ལུ་ཨིན་ཟེར་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment