གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་གསརཔ་དེ་ ས་ཡོམ་དང་ མེའི་འཇིགས་པ་ཚུ་ལས་ ཐུབ་ཚུགསཔ་སྦེ་བཞེངས་ནི།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ དབང་རྫོང་གི་འཚིགས་ཤུལ་ནང་ གཟིགས་ཞིབ་གནང་པའི་བསྒང་།
༢༩/༠༦/༢༠༡༢   ༉ ཁ་ཙ་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ དབང་འདུས་ཕོ་བྲང་རྫོང་ཁག་གི་ འགོ་དཔོན་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་གནང་པའི་སྐབས་ རྫོང་གསརཔ་དེ་ ས་ཡོམ་དང་ མེ་རྐྱེན་གྱི་ འཇིགས་པ་ཚུ་ལས་ ཐུབ་ཚུགསཔ་སྦེ་ རྐྱབ་དགོ་ཟེར་གསུངས་ཡི།

དབུ་འཛིན་ལུ་བརྟེན་མིན་པར་ སློབ་ཕྲུག་ཁོ་ར་གིས་ རང་སྲོག་བཅད་ཡོདཔ།

༢༩/༠༦/༢༠༡༢   ༉ ཟླཝ་ཧེ་མའི་ནང་ སློབ་ཕྲུག་ཅིག་གིས་ རང་སྲོག་བཅད་མི་ལུ་ ལོག་ཞིབ་དཔྱད་རྐྱབ་པའི་བསྒང་ཡོད་མི་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སློབ་ཕྲུག་ཁོ་ར་གིས་ རང་སྲོག་བཅད་ཡོདཔ་སྦེ་ བརྩི་འཇོག་འབད་ནི་མ་གཏོགས་ སློབ་གྲྭའི་དབུ་འཛིན་ལུ་ ཁ་ཉེས་བཀལ་དགོཔ་མིན་འདུག་ཟེར་ཨིན་པས།

ཆང་ཁྲལ་ཡར་སེང་གི་སྐོར་ལས་ ལོག་སྟེ་ར་ གྲོས་བསྡུར་འབད་ནི།

༢༩/༠༦/༢༠༡༢   ༉ ཁ་ཙ་ དྲོ་པ་ རྒྱལ་ཡོངས་ཚོགས་ཁང་ནང་ ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་གིས་ བརྡ་བརྒྱུད་ཀྱི་གནས་ཚུལ་ཚུ་ནང་ ཆང་གི་ཁྲལ་ཡར་སེང་གི་གྲོས་འཆར་ བསྒྱུར་བཅོས་མེད་པར་ སྣུམ་འཁོར་ སྔོ་ལྗང་གི་ཁྲལ་རྐྱངམ་གཅིག་ ཆ་འཇོག་འབད་ཡོད་པའི་སྐོར་ལས་ མཐོང་པའི་ཤུལ་ལུ་ རྣམ་རྟོག་ལང་ཡི་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་གིས་ གསང་བའི་ཚོགས་རྒྱན་དེ་ སྐྱུར་བའི་སྐབས་ སྣུམ་འཁོར་དང་ ཆང་ཁྲལ་༢ སེམས་ཁར་བཞག་སྟེ་ ཚོགས་རྒྱན་བཙུགས་ཡོད་རུང་ ཁ་ཙ་གི་ གནས་ཚུལ་ནང་ སྣུམ་འཁོར་ཁྲལ་རྐྱངམ་གཅིག་ བཀལ་ཡོད་པའི་སྐོར་ལས་ བཀོད་ནུག་ཟེར་ཞུ་ཡི།


ཨོ་རྒྱན་གུ་རུ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན།

ལོ་བསྟར་བཞིན་དུ་ ཟླཝ་༥ པའི་ཚེས་༡༠ ལུ་ སྤྲེལ་ཟླའི་ཚེས་བཅུ་ཟེར་ སྤྱིར་ནང་པ་སངས་རྒྱས་པ་དང་ ཁྱད་པར་དུ་  ང་བཅས་ར་ འབྲུག་མི་ཚུ་གིས་ སྔོན་གོང་ལས་ སངས་རྒྱས་གཞན་ལས་ ལྷག་པའི་བཀའ་དྲིན་ཅན་གྱི་བདག་ཉིད་ དུས་ངན་སྙིགས་མ་ལྔ་བདོའི་ སྐྱབས་མཆོག་བླ་ན་མེད་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་གྱི་ཉིནམ་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་བཞིན་དུ་ ད་རེས་ཡང་ བཀའ་དྲིན་དྲན་པའི་ཐོག་ལས་ བརྩི་སྲུང་དང་འབྲེལ་ཏེ་ གསོལ་བ་བཏབ་དགོཔ་དེ་ ག་ནི་བ་གལ་ཆེ་ཟེར་ ཞུ་ནི་ཨིན།


༢༩/༠༦/༢༠༡༢   དེ་ཡང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དེ་ ང་བཅས་ར་ ལས་ཉོན་ཚུར་མཐོང་ཅན་ཚུ་གིས་ བླམ་བཟུམ་ཅིག་དང་ གྲུབ་ཐོབ་བཟུམ་ཅིག་ ཨིནམ་འདྲས་མནོ་བ་ཅིན་ དེ་སྦེ་མེན་པར་ སྐུ་ཚེ་གོང་མ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐབས་ལུ་ གདུལ་བྱ་འདྲེན་ཐབས་ཀྱི་དོན་ལུ་ སྐུ་གཟུགས་ལུ་ ཆོས་གོས་རྣམ་གསུམ་བཞེས་ཏེ་ ཐེག་ཆེན་ ཐེག་དམན་གྱི་ཆོས་འཁོར་སྐོར་ སྐུ་ཚེ་འོག་མ་ གུ་རུ་རིན་པོ་ཆེའི་སྐབས་ལུ་ སྐུ་གཟུགས་ལུ་ ན་བཟའ་གསང་ཕོད་ཟབ་བེར་ སྔགས་ཆས་བཞེས་ཏེ་ འཁོར་དཔའ་བོ་མཁའ་འགྲོ་ རྣལ་འབྱོར་ གྲུབ་ཐོབ་ཚོགས་ཀྱིས་སྐོར་ཏེ་ བཞུགས་པའི་ཚུལ་སྟོན་མི་དེ་ཡང་ ཧེ་མ་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལྕགས་འབྲུག་ཟླཝ་༤ པའི་ཚེས་༡༥ ལུ་ རྩྭ་མཆོག་གྲོང་ལུ་སྦེ་ གདུལ་བྱ་རྟག་འཛིན་ཅན་གྱི་ངོར་ རེ་ཞིག་ སྐུ་མྱ་ངན་ལས་འདས་པའི་ ཚུལ་སྟོན་པའི་སྐབས་ལུ་ འཁོར་ཉན་ཐོས་ཚུ་ མྱ་ངན་གྱིས་དྲན་མེད་བརྒྱལ་ཏེ་ སངས་པའི་ཤུལ་ལས་ སངས་རྒྱས་ཀྱིས་ཞལ་འཛུམ་མཛད་དེ་ ང་ནི་མྱ་ངན་འདས་འོག་ནས། །ལོ་ནི་བཅུ་གཉིས་ལེན་པའི་ཚེས། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །

ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

ལོ་ན་རྒས་རུང་ མདའ་རྩེད་ལུ་ སྤྲོ་བ་བསྐྱེད་མི་ རྒས་ཤོསམ་ཚུ།
༢༩/༠༦/༢༠༡༢   ༉ འབྲུག་མདའ་རྩེད་ཚོགས་སྡེ་གིས་ ལོ་བསྟར་བཞིན་དུ་ ཁྲི་མངའ་གསོལ་གྱི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་བའི་བསྒང་ཡོད་མིའི་ནང་ སྤྲོ་བ་དང་བཅས་པའི་སྒོ་ལས་ ལྟདམོ་ལྟ་མི་བརྒྱ་ལས་བཅད་འཛོམས་ཡོད་མི་ཚུ་ འདྲོག་བྱེལ་འཐབ་དོ་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ ལམ་ཁག་ལེ་ཤ་ཆད་ཡོདཔ།

ས་རྐོ་འཕྲུལ་ཆས་ཀྱིས་ འཁོར་ལམ་སེལ་བའི་བསྒང་།
༢༩/༠༦/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་གི་བར་ན་ ཀི་ལོ་མི་ཊར་༡༨ ལུ་ འཁོར་ལམ་བསུབས་ཡོད་མི་དེ་ ཁ་ཙ་ ཉིན་མ་ཁམས་ཅིག་ལས་ བསལ་ཚར་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ལུ་འགྱོ་སའི་གཞུང་ལམ་ ནར་ཕུ་ཟེར་མི་ནང་ ལྷོད་ནི་ལུ་ ཀི་ལོ་མི་ཊར་༧ དེ་ཅིག་ལུ་ འཁོར་ལམ་སྦོམ་སྦེ་ར་ བསུབས་ཡོདཔ་ལས་ སྣུམ་འཁོར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།


གོ་བ་བརྡ་སྤྲོད་འབད་མི་ལུ་ ངོས་ལེན་ཆུང་སུ།

ཤར་ཕྱོགས་ལུ་ ཆང་འཐུང་ནི་དེ་ ལམ་སྲོལ་བཟུམ་ཅིག་ཨིནམ་ལས་ ཆང་བཀག་འཛིན་གྱི་ གོ་བ་བརྡ་སྤྲོད་འབད་རུང་ ཕན་ཁྱད་གངམ་མི་བྱུང་དོ་ཡོདཔ་ཨིན་པས།

འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ལས་བྱེདཔ་ཚུ་དང་ གསོ་བའི་ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ མོང་སྒར་ཁྲོམ་བདའ་སྟེ་ ཆང་དང་སྨྱོ་རྫས་བཀག་འཛིན་གྱི་ གོ་བ་བརྡ་སྤྲོད་འབད་བའི་བསྒང་།
༢༩/༠༦/༢༠༡༢   ༉ ཤར་ཕྱོགས་རྫོང་ཁག་ མོང་སྒར་བཟུམ་ཅིག་ནང་འབད་བ་ཅིན་ ཆང་འཐུང་མི་ ག་དེམ་ཅིག་ཡོདཔ་ཨིན་ན་ ཁྲོམ་ཁའི་ཆང་ཁང་ཚུ་ནང་ འགྱོ་བལྟ་བ་ཅིན་ ལེགས་ཤོམ་སྦེ་ ཤེས་ཚུགས་ནི་ཨིནམ་ད་ དེ་ཡང་ ཆང་རིགས་ཚུ་ འཐོབ་ཆོག་ཆོ་སྦེ་ ཡོད་མི་ལུ་བརྟེན་ཏེ་ཨིན་པས།
ད་ལྟོ་ཚུན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཆང་བཀག་འཛིན་འབད་ནིའི་དོན་ལུ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ ག་དེམ་ཅིག་ འགོ་འདྲེན་འཐབ་སྟེ་འབད་རུང་ ངོས་ལེན་འབད་མི་དེ་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་པས།


གནས་ཚུལ་མདོར་བསྡུས།

༢༩/༠༦/༢༠༡༢    
ཐིམ་ཕུའི་ཁྲོམ་ལམ་བདའ་སྟེ་ འཁྱམས་སྡོད་མི་ ནོར་ཚུ་ལུ་ ཇོ་བདག་མེདཔ་ཨིན་ན?

རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་གུ་ ཚོགས་ཁང་གོང་འོག་ ལྷན་བཞུགས་ཐོག་ལས་ གསུང་གྲོས་གནང་ནི།

༢༩/༠༦/༢༠༡༢   ༉ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་གི་ དོན་ཚན་༨ ལུ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ ལྷན་བཞུགས་ཐོག་ལས་ གསུང་གྲོས་ཞིབ་ཞིབ་སྦེ་ གནང་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ འདས་པའི་བདུན་ཕྲག་ནང་ རྐྱེན་ངན་འཛིན་སྐྱོང་གི་ དོན་ཚན་༦༡ ལེགས་བཅོས་འབད་མི་དང་ གཞན་མི་ དོན་ཚན་གསརཔ་༥ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་བའི་ཤུལ་ལུ་ ལྷན་བཞུགས་ཀྱི་གསུང་གྲོས་གནང་ནི་ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས། 


ཤེས་རིག་གྲོང་ཁྱེར་བཅའ་ཁྲིམས་༢༠༡༢ ཅན་མ་ ཆ་འཇོག་གྲུབ་ཡོདཔ།

༢༩/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ཕུལ་མི་ ཤེས་རིག་གྲོང་ཁྱེར་འཕྲི་སྣོན་དཔྱད་ཡིག་༢༠༡༢ ཅན་མ་གུ་ གྲོས་བསྡུར་གནང་ཐོག་ལས་ ཆ་འཇོག་གྲུབ་གནང་ཡི།

གནས་ཚུལ་མདོར་བསྡུས།

༢༨/༠༦/༢༠༡༢

༉ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཀོ་རོང་ཆུ་བྲེས་ཏེ་ ཆུ་རུད་ཐོན་མི་ལུ་བརྟེན་ གདུང་བསམ་རྩི་ས་འཕྲུལ་ཁང་དང་ རྒྱ་གར་གྱི་ ས་མཚམས་ཀྱི་བར་ན་ གཞུང་ལམ་ཆ་ཤས་ཅིག་ འཕྱགས་བདའ་ཡོདཔ་མ་ཚད་ ངང་ལམ་དང་ རྒྱལ་པོའི་ཞིང་གི་ ལམ་དེ་ཡང་ ཆད་ཡོདཔ་ཨིན་པས།
ཀོ་རོང་ཆུ་བྲེས་མི་དེ་གིས་ གདུང་བསམ་རྩི་ས་འཕྲུལ་ཁང་ལུ་ མ་ལྷོད་པའི་ མི་ཊར་༦༠༠ དེ་ཅིག་གི་ཧེ་མར་ ལམ་ཆད་འགྱོཝ་དང་གཅིག་ཁར་ ལམ་སེལ་ལས་ཁུངས་ཀྱིས་ གླ་ཁར་ལེན་ཏེ་ ལམ་སེལ་བའི་བསྒང་ཨིན་མི་ སྒེར་གྱི་ས་རྐོ་འཕྲུལ་ཆས་དེ་ཡང་ འཕྱགས་བདའ་སྟེ་ གཙང་ཆུའི་ནང་ ཐིམ་ཡོད་པའི་གནས་ཚུལ།


གནས་ཚུལ་མདོར་བསྡུས།

༢༨/༠༦/༢༠༡༢   
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ བཱ་ར་ཟིལ་ལུ་ རིའོ་+༢༠ ཟེར་མི་ འཛམ་གླིང་སྤྱི་ཚོགས་ཡུན་བརྟན་གོང་འཕེལ་ཞལ་འཛོམས་ནང་ བཅའ་མར་གཏོགས་གནང་པའི་ཤུལ་ལུ་ ཁ་ཙ་ རྒྱལ་ཁབ་ནང་ ལོག་ཕེབས་ཡོདཔ་ད་ ཞལ་འཛོམས་ཀྱི་ གྲོས་བཅུད་ལུ་ སྐྱོན་བརྗོད་འབད་ཡོདཔ་ཨིན་རུང་ གྲོས་ཆོད་ལུ་ མོས་མཐུན་བྱུངམ་ལས་ མཐར་འཁྱོལ་བྱུང་ཡི་ཟེར་ ད་རིས་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་ཏེ་ གྱང་འཁོགས་ཐལ་མི་ ས་ཁོངས་ནང་ གཟིགས་ཞིབ་གནང་པར་ བྱོན་ཡོད་མི་ བློན་ཆེན་མཆོག་གིས་ གསུངསམ་ཨིན་པའི་གནས་ཚུལ།

སྣུམ་འཁོར་ཚུ་ལུ་ ཁྲལ་བརྒྱ་ཆ་༥ ལས་༢༠ ཚུན་བཀལ་ནི།

༢༨/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་གུ་ གྲོས་བསྡུར་ཞིབ་པར་ གནང་པའི་ཤུལ་ལས་ གསང་བའི་ཚོགས་རྒྱན་བཙུགས་ཏེ་ སྣུམ་འཁོར་ལུ་ སྔོ་ལྗང་ཁྲལ་བཀལ་ནི་སྦེ་ གྲོས་ཐག་བཅད་གནང་ཡི།
གྲོས་བསྡུར་ནང་ སྤ་རོའི་འཐུས་མི་ བཙན་སྐྱོགས་རྡོ་རྗེ་གིས་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ བསལ་ནིའི་སྐོར་ལས་ཨིན་རུང་ མི་སེར་ཉམ་ཆུང་ཚུ་གི་དོན་ལུ་ ཁྲལ་དེ་མཐོ་དྲག་ནི་དེ་གིས་ གྲོས་འཆར་ནང་ བརྒྱ་ཆ་༤༠ ཡོད་མི་ལས་ བརྒྱ་ཆ་༢༠ ལུ་མར་ཕབ་འབད་ དགོཔ་འདུག་ཟེར་ཞུ་ཡི།


ཉེན་སྲུང་གི་དོན་ལུ་ འཛུལ་སྒོ་ལུ་ཡོད་པའི་གྱང་ཚུ་ བརྡལ་བཏང་ཡོདཔ།

མེ་བསད་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ འཛུལ་སྒོ་ལུ་ཡོད་པའི་གྱང་ཚུ་ བརྡལ་བཏང་པའི་བསྒང་།
༢༨/༠༦/༢༠༡༢   ༉ ད་ལས་ཕར་ མེ་མཆོད་བཞེས་མི་ དབང་འདུས་ཕོ་བྲང་རྫོང་ནང་ འཚོལ་ཞིབ་ཀྱི་ལཱ་ ལེ་ཤ་ཅིག་ར་ འབད་དགོཔ་ཡོདཔ་ལས་ འཚིགས་ཤུལ་ནང་འཛུལ་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ ཁ་ཙ་ འཛུལ་སྒོ་ལུ་ཡོད་པའི་གྱང་ཚུ་ བརྡལ་བཏང་ཡི།

འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ ཆ་འཇོག་གྲུབ་ཡོདཔ།

༢༨/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༦ ལུ་རྒྱལ་ཡོངས་ཚོགས་འདུ་གིས་ རྩིས་ལོ་༢༠༡༡ དང་༢༠༡༢ ཀྱི་ འཆར་དངུལ་བསྐྱར་བཟོ་འབད་དེ་ མ་དངུལ་ས་ཡ་༤༢,༠༤༧.༡༠༣ རྩིས་ལོ་༢༠༡༡ དང་༢༠༡༢ ཀྱི་དོན་ལུ་དང་ རྩིས་ལོ་༢༠༡༢ དང་༢༠༡༣ གྱི་དོན་ལུ་ འཆར་དངུལ་ས་ཡ་༣༨,༠༤༤.༡༩༦ ཆ་འཇོག་གྲུབ་ཅི།
འཆར་དངུལ་དཔྱད་ཡིག་དེ་ཚུ་ བཅའ་ཁྲིམས་ལུ་ ཆ་འཇོག་མ་གནང་པའི་ཧེ་མར་ ཚོགས་འདུའི་ནང་ གྲོས་བསྡུར་ཞིབ་པར་གནང་ཡོདཔ་མ་ཚད་ འཐུས་མི་ཚུ་གིས་ བསམ་འཆར་དང་ དྲན་ཚོར་སྣ་ཚོགས་བཀོད་ཡོདཔ་ཨིན་རུང་ འཆར་དངུལ་དཔྱ་བགོ་ལུ་ བསྒྱུར་བཅོས་མེད་པར་ ཆ་འཇོག་གནང་ཡི།


ཆོས་སྡེ་དང་ སྲིད་ཚོགས་ཀྱི་འབྲེལ་དོན་ ཁ་གསལ་མེདཔ།

དགེ་རབ་གྲྭ་ཚང་ཁག་གི་ བླ་སློབ་ཚུ་ གྲོས་འཛོམས་གནང་པའི་བསྒང་།
༢༨/༠༦/༢༠༡༢  ༉ མ་གཞི་ ཆོས་དེ་ སྲིད་དོན་ལས་འབྲེལ་བ་མེདཔ་སྦེ་གནས་དགོ་ཟེར་ ཆོས་སྡེ་ལྷན་ཚོགས་ཀྱི་བཅའ་ཁྲིམས་ནང་ བཀོད་དེ་ཡོདཔ་ཨིན་རུང་ ངོ་ཤེས་འདྲིས་ཤེས་ཡོད་མི་ སྲིད་དོན་ཚོགས་པའི་འཐུས་མི་ཚུ་གིས་སྐུལ་བསྒྲགས་ཀྱི་དོན་ལུ་འོང་པའི་སྐབས་ ཁོང་དང་འབྲེལ་བ་འཐབ་ཆོག་ག་ཟེར་ ཁ་ཙ་ གཞུང་གྲྭ་ཚང་གི་ འདུས་ཚོགས་ཞལ་འཛོམས་ནང་ དྲི་བཀོད་འབད་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ རང་སོའི་འབབ་ཁུངས་ཁྲལ་གྱི་ལམ་ལུགས་ བསྐྱར་བཟོ་འབད་དགོ་པའི་གྲོས་འདེབས་ཕུལ་ནི།

ཧེ་མའི་ ཚོགས་ཐེངས་༥ པའི་སྐབས་ལས་ར་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་འདེབས་དེ་ཚུ་ གྲོས་བསྡུར་འབད་དེ་ གཞུང་ལུ་ཕུལ་ཡོད་རུང་ གཞུང་གིས་ ད་ཚུན་ངོས་ལེན་མ་མཛདཔ་ཨིན་པས།
 

 ༢༨/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁྲལ་དང་འབྲེལ་བའི་ སྲིད་བྱུས་ནང་ བསྒྱུར་བཅོས་དང་ བསྐྱར་བཟོ་འབད་དགོ་པའི་གནད་དོན་ ཁག་༤ དེ་ཅིག་ གཞུང་སྐྱོང་ལུ་ གྲོས་འདེབས་ཕུལ་ནི་སྦེ་ ཆ་འཇོག་གྲུབ་ཅི།

གནས་ཚུལ་མདོར་བསྡུས།

འབྲུག་ལུ་ འགོ་དང་པ་ལྷོད་མི་ ལྟ་བཤལཔ་སྡེ་ཚན་ཅིག་གིས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ ཁྲི་མངའ་གསོལ་ མདའ་རྩེད་འགྲན་བསྡུར་འབད་སར་ སྤྲོ་བ་དང་བཅས་པའི་སྒོ་ལས་ ལྟདམོ་ལྟ་སྡོད་པའི་བསྒང་།

ས་རུད་ཀྱིས་ སྣུམ་འཁོར་ཊ་ཊ་ཧའི་ལགསི་ཅིག་ འཕྱགས་བདའ་ཡོདཔ།

ཞིང་ལམ་མི་ཊར་༢༠ དེ་ཅིག་ཆད་དེ་ སྣུམ་འཁོར་ཧའི་ལགསི་ཅིག་ འཕྱགས་བདའ་མི་ བྲག་ཙ་ལོ་གི་མཐོང་སྣང་།
༢༨/༠༦/༢༠༡༢   ༉ ཁ་ཉིནམ་ ཉིན་མའི་ཆུ་ཚོད་༡༠ དེ་ཅིག་ལུ་ ས་གླིང་རྒེད་འོག་ རེ་སར་གཡུས་ཚན་ནང་ ད་ལྟོ་སེལ་བའི་བསྒང་ཡོད་མི་ སོ་ནམ་ཞིང་ལམ་ཁར་ བྲག་ཙ་ལོ་ཟེར་ས་ སྣུམ་འཁོར་ཊ་ཊ་ཧའི་ལགསི་ཅིག་ འཁོར་ལམ་ཟུར་ཁར་ བཀག་བཞག་མི་དེ་ ས་རུད་ཀྱིས་ ལམ་འོག་ལས་མར་ མི་ཊར་༢༠༠ དེ་ཅིག་གི་ས་ཁར་ འཕྱགས་བདའ་ཡོདཔ་ཨིན་པས།

ཨ་པ་ཨིན་མེན་གྱི་ བརྟག་དཔྱད་ཐེངས་༢ པའི་ གྲུབ་འབྲས་ཤེས་མ་ཚུགསཔ།

རི་ནིའུ་གིས་ ཨ་པ་ངོས་འཛིན་དང་འབྲེལ་བའི་ རྩོད་གཞི་༢ ཕྱིར་བཏོན་འབད་མི་ལུ་ དོགས་སྣང་སྦོམ་ཡོདཔ།

༢༨/༠༦/༢༠༡༢   ༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ སྐྱེས་ལོ་༢ ལང་མི་ ཨ་ལུའི་ཨ་པ་ངོས་འཛིན་འབད་ཐབས་ལུ་ ཌི་ཨེན་ཨེ་གི་ ཚན་རིག་བརྟག་དཔྱད་གྲུབ་འབྲས་ཀྱི་ ཡིག་ཤུབས་ཁ་ཕྱེ་ལྟཝ་ད་ ཡི་གུ་ཚུ་ག་ར་ ཚན་རིག་ཐོག་ལུ་ གསལ་བཀོད་འབད་ཡོད་ནི་དེ་གིས་ གྲུབ་འབྲས་ག་ཅི་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགསཔ་ལས་ གྲུབ་འབྲས་གཏན་འཁེལ་གྱི་དོན་ལུ་ ལོག་སྟེ་ར་ ཁྲིམས་སྲུང་འགག་པ་ལུ་ གཏང་ནི་སྦེ་ གྲོས་ཐག་བཅད་ནུག།

མི་འཁྲུགས་པའི་ལྷ་ཁང་ནང་གི་ ནང་རྟེན་མང་ཤོས་ཅིག་ལུ་ ཉམས་སྐྱོན་མེདཔ།

དུས་མཆོད་འབུམ་སྡེ་ཚུ་ གྲྭ་ཤག་གསརཔ་གི་ རྡོ་གཅལ་ནང་ འགོ་འདྲེན་འཐབ་ནི་དང་ རྫོང་ཁག་བདག་སྐྱོང་ཡིག་ཚང་དེ་ བ་འཇོ་ཐང་ཁྲོམ་གྱི་ལྟག་ལུ་ མཆོད་ཁང་ནང་ གཞི་བཙུགས་འབད་ནི།

སྤྱི་ཟླ་༦ པའི་ཚེས་༢༤ གི་ ཕྱི་རུ་ཁམས་ཅིག་ཁར་ དབང་འདུས་ཕོ་བྲང་རྫོང་གི་ དབུ་རྩེ་གུ་ མེ་འབར་བའི་མཐོང་སྣང་།
༢༧/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ མེ་མཆོད་བཞེས་མི་ དབང་འདུས་ཕོ་བྲང་རྫོང་ནང་ ཁ་ཙ་ དམག་མི་ཚུ་གིས་ དབྱེ་ཞིབ་འབད་བའི་སྐབས་ མི་འཁྲུགས་པའི་ལྷ་ཁང་ལུ་ གནོད་སྐྱོན་ག་ཅི་ཡང་ མ་བྱུངམ་སྦེ་ མཐོང་ཡོདཔ་ཨིན་པས།
རབ་སྡེ་གྲྭ་ཚང་གི་ འགོ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ ལྷ་ཁང་དེ་ནང་ལས་ མཆོད་ཆས་དག་པ་ཅིག་ གནོད་སྐྱོན་ག་ཅི་ཡང་མ་བྱུང་པར་ ལོག་ཐོབ་ཡོདཔ་མ་ཚད་ དྭངས་ཆུ་ཁ་ཐུག་ཡོད་མི་ ལྷ་ཁང་དེ་ནང་ མར་ཊིན་ཀེ་ཇི་༢ བཞག་ཡོད་མི་དེ་ཡང་ མ་བཞུ་བར་ ལུས་ཡོདཔ་མཐོང་ཅི་ཟེར་ཨིན་པས།

སྤུ་ན་གཙང་ཆུ་དང་ དྭངས་ཆུ་གཉིས་འཛོམས་པའི་སྦུག་ལུ་ གླངམོ་ཆེ་ཉལ་འདྲ་བའི་ ལྟག་ལྐོག་གུ་བཞེངས་མི་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་པའི་བསྒང་།
མེ་མཆོད་བཞེས་པའི་ཤུལ་ལུ་ གྱང་འཁོགས་སྦེ་མཇལ་མི་ དབང་འདུས་ཕོ་བྲང་རྫོང་།

རྒྱལ་ཁབ་ནང་འཁོད་ལུ་ འཁོར་ལམ་ལེ་ཤ་ཆད་ཡོདཔ།

ཁ་ཙ་ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་ཁར་ ཆུ་རུད་ཐོན་ནུག།

སྲོག་སྐྱབས་འབད་མི་ཚུ་གིས་ མི་ཚུ་ ཆུ་རུད་ཐོན་ས་ནང་ལས་ བཏོན་པའི་བསྒང་།
༢༧/༠༦/༢༠༡༢   ༉ འདས་པའི་ཉིནམ་༢ ཀྱི་རིང་ལུ་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་གནས་ལེ་ཤ་ཅིག་ནང་ འཁོར་ལམ་ཚུ་ཆད་དེ་ སྐྱེལ་འདྲེན་དང་ རྒྱུན་འབྲེལ་ཚུ་ལུ་ བར་ཆད་རྐྱབ་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་རེས་གཟའ་པ་སངས་ལུ་ ཆུ་རུད་དང་ ས་རུད་ཀྱིས་ སྤུ་ན་ཁ་དང་ མགར་སའི་བར་ན་ ལམ་བཀག་བསུབས་འབད་དེ་ཡོད་མི་གིས་མ་ཚད་པར་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ སྣུམ་འཁོར་ཚུ་ མ་ཐལ་བར་ཡོདཔ་ཨིན་པས།


འབྲུག་གི་ བུ་ལོན་གྱི་གནས་སྟངས་ ཡར་སེང་འགྱོ་ནི།

དེ་ཡང་ གློག་མེ་ལས་འགུལ་ལ་སོགས་པའི་ ལཱ་བྱ་སྣ་ཚོགས་ཀྱི་དོན་ལུ་ མ་རྩ་བཙུགས་མི་ལུ་བརྟེན་ཨིན་པས།

༢༧/༠༦/༢༠༡༢   ༉ འབྲུག་གིས་ ན་ཧིང་ དངུལ་ཀྲམ་དུང་ཕྱུར་༣.༡ དེ་ཅིག་ གློག་མེ་ལས་འགུལ་ཚུ་དང་ གདུང་བསམ་རྩི་ས་ལས་འགུལ་གྱི་ སྐྱིན་འགྲུལ་བཏབ་ནི་ དེ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་གཞུང་ལས་ ལེན་ཡོད་པའི་ སྐྱིན་འགྲུལ་ཚུ་གི་དོན་ལུ་ བུ་ལོན་བཏབ་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༦ པའི་ཚེས་༢༤ ལུ་ མེ་གིས་ཐལ་བར་བརླགས་བཏང་མི་ དབང་འདུས་ཕོ་བྲང་རྫོང་གི་ ལྷོ་ཕྱོགས་ཁ་ཐུག་ལུ་ སྤོ་ཏོག་གཟར་དྲགས་གུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བདེ་སྲུངཔ་ཚུ་དང་ ལྷན་བཞུགས་གནང་ཡོདཔ་ད་ བདེ་སྲུངཔ་༡༡༣ དེ་ཅིག་གིས་ མེ་རྐྱེན་གྱི་སྐབས་ལུ་ མེ་བསད་ནི་གི་ ཆ་རོགས་འབད་ཡོདཔ་མ་ཚད་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་བདེ་སྲུངཔ་ཐེབས་འོང་སྟེ་ ནང་རྟེན་རྩ་ཅན་ཚུ་ ཉེན་སྲུང་ཅན་གྱི་ ས་ཁོངས་ནང་ བཏོན་ནི་ལུ་ ཆ་རོགས་འབད་ཡོད་པའི་གནས་ཚུལ།

མོང་སྒར་ཆ་གླིང་ལུ་ ད་ལྟོའི་བར་ན་ཡང་ ལྕང་ལཱ་འགོ་བཙུགས་མ་ཚུགས་པར་ཡོདཔ།

ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཆུ་གཡུར་ཉམས་བཅོས་འབད་བའི་བསྒང་།
༢༧/༠༦/༢༠༡༢   ༉ གནམ་འབྱ་གི་དུས་ཚོད་ འ་ནེམ་ཅིག་ཁར་ ལོ་ཐོག་བྱཱ་འཚོ་སའི་ ལུང་ཕྱོགས་མང་ཤོས་ཅིག་ནང་ ལྕང་ལཱ་གི་ འུར་བྱེལ་འཐབ་པའི་བསྒང་ཡོདཔ་ཨིན་རུང་ མོང་སྒར་རྫོང་ཁག་ ཆ་གླིང་གཡུས་ཚན་གྱི་ མི་སེར་སོ་ནམ་པ་ཚུ་ དུས་ཅི་ ལྕང་ལཱ་རྐྱབ་ནི་དེ་ ད་ལྟོའི་བར་ན་ཡང་ འགོ་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

སྣུམ་འཁོར་གྱི་ལྗིད་འཇལ་ཟམ་ ས་གོ་སོ་སོའི་ནང་ སྤོ་བཤུད་འབད་དགོཔ་ཡོདཔ།

སྣུམ་འཁོར་ཊཱག་ཚུ་ དོས་ཚད་འཇལ་ནིའི་དོན་ལུ་ ལྗིད་འཇལ་ཟམ་ཁ་ཐུག་ལུ་ གྱལ་བསྣར་ཏེ་འགྱོ་བའི་བསྒང་།
༢༧/༠༦/༢༠༡༢   ༉ འདས་པའི་ཟླ་ངོ་དག་པ་ཅིག་ལས་ སྣུམ་འཁོར་ཚུ་གི་ ལྗིད་འཇལ་ཚད་ཟམ་དེ་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གི་དོན་ལུ་ དཀའ་ངལ་ཅན་གྱི་ ཡུལ་ཅིག་ལུ་ གྱུར་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་གྱིས་ དཀའ་ངལ་བསལ་ནིའི་དོན་ལུ་ ཐབས་ལམ་གང་མགྱོགས་བཏོན་དགོཔ་འདུག་ཟེར་ སླབ་ཨིན་པས།
དེ་ཡང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ཕུན་ཚོགས་གླིང་ལས་ སྤུ་ན་ཁ་གིས་གཙོས་པའི་ རྫོང་ཁག་གཞན་ཚུ་ནང་དང་ དཔག་བསམ་ཁ་བཟོ་གྲྭའི་ ས་ཁོངས་ཚུ་ནང་ དོས་འབག་འགྱོ་མི་ སྣུམ་འཁོར་ཊཱག་ཚུ་ དོས་དང་སྦྲགས་ ལྗིད་ཚད་ངེས་པར་དུ་འཇལ་དགོཔ་ བཟོ་མི་ལུ་བརྟེན་ ཉིན་མར་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་ལུ་ ལྷན་ཐབས་འབད་དེ་ ཧིང་སྐལ་བཟོཝ་མས་ཟེར་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ ཉོགས་བཤད་བཀོདཔ་ཨིན་པས།


དབང་རྫོང་མེ་མཆོད་བཞེས་སྐབས་ རྒྱབ་སྐྱོར་འབད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར།

དམག་སྡེ་ཚུ་དང་ བདེ་སྲུངཔ་ཚུ་ལུ་ ཉིན་མའི་ལྟོ་བྱིན་པའི་བསྒང་།
༢༧/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་པའི་སྐབས་ གྲོགས་རམ་དང་ རྒྱབ་སྐྱོར་འབད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཚུ་ཞུ་ཡི།

རྫོང་ཁག་༣ ནང་ ཧང་སྟོང་མར་ཞིབ་དཔྱད་འབད་བའི་ཤུལ་ལུ་ ཁྲིམས་འགལ་འབད་མི་ལུ་ ཉེས་བྱ་བཀལ་ཡོདཔ།

༢༧/༠༦/༢༠༡༢   ༉ ཏམ་ཁུ་འཐུང་མ་ཆོག་པའི་ བཅའ་ཁྲིམས་ཆ་འཇོག་གྲུབ་སྟེ་ ལག་ལེན་འཐབ་པའི་ཉིནམ་ལས་འགོ་བཙུགས་ འབྲུག་སྨྱོ་རྫས་བཀག་སྡོམ་ལས་སྡེའི་འགོ་དཔོན་ཚུ་གིས་ ཏམ་ཁུ་འཐུང་མ་ཆོག་པའི་ བརྡ་བྱང་མ་སྦྱར་མི་ལུ་བརྟེན་ ད་ཚུན་ ཡིག་ཚང་༨ དང་ ཟ་ཁང་༧ གླ་འཁོར་ས་ཁོངས་ དེ་ལས་ མི་གྲངས་༨ ལུ་ ཉེས་བྱ་བཀལ་ཡོདཔ་ཨིན་པས།

མེ་རྐྱེན་གྱི་རྒྱུ་རྐྱེན་ ད་ལྟོའི་བར་ན་ཡང་ ཤེས་མ་ཚུགས་པར་ཡོདཔ།

ནང་རྟེན་ཚུ་ ཉམས་སྐྱོན་ག་ནི་ཡང་མེད་པར་ ཉེན་སྐྱོབ་འབད་དེ་ གྲྭ་ཤག་ནང་ བཞུགས་སུ་གསོལ་ཡོདཔ།

དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་མིའི་ནང་ལས་ཐོབ་མི་ ནང་རྟེན་ཚུ་ལུ་ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཁྲུས་གསོལ་གནང་པའི་བསྒང་།
༢༦/༠༦/༢༠༡༢   ༉ འབྲུག་རྒྱལ་ཁབ་ཀྱི་ རྫོང་གཞིས་རྙིང་ཤོས་༣ པ་ དབང་འདུས་ཕོ་བྲང་རྫོང་དེ་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ མེ་རྐྱེན་གྱིས་ ཐལ་བར་བརླགས་བཏང་པའི་ མེ་རོ་ལྷག་ལུས་ཚུ་ ཁ་ཙ་ ཧ་ལམ་ རྩ་བ་ལས་ བསད་ཚར་ཡོདཔ་ཨིན་རུང་ དུ་པ་དུམ་གྲ་རེ་ཐོན་པའི་ མཐོང་གསལ་བྱུངམ་མས།
འབྲུག་གི་བསྟན་སྲུང་དམག་མི་དང་ བདེ་སྲུངཔ་ཚུ་གིས་ ནང་རྟེན་ཅིག་ རྫོང་གི་ཕྱི་ཁར་ གྲྭ་ཤག་གསརཔ་ནང་ ཞུ་སྐྱེལ་བའི་བསྒང་།

བློན་ཆེན་མཆོག་གིས་ འབྲུག་མི་ཚུ་ལུ་གནང་མི་གསུང་འཕྲིན།

༢༦/༠༦/༢༠༡༢   ༉ ད་རེས་ འབྲུག་མི་ཚུ་ག་ར་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་མི་ལུ་བརྟེན་ བཟོད་མ་ཚུགས་པའི་མྱ་ངན་དང་ སྡུག་བསྔལ་ཚད་མེད་བྱུང་སྟེ་ཡོད། ང་བཅས་རའི་ ཚེ་སྲོག་དང་ དེའི་རྣམ་སྤྲུལ་ཚུ་ མི་རྟག་པ་ཨིན་པའི་ དྲན་ཚོར་འབད་མི་ མེ་རྐྱེན་ཚུ་གི་ནང་ལས་ ཧེ་མ་ བྱིན་ཅན་གྱི་གནས་ སྤ་རོ་སྟག་ཚང་ལྷ་ཁང་ མེ་མཆོད་བཞེས་པའི་སྐབས་ལུ་ཡང་ ཆ་མཉམ་གྱི་སེམས་ཁར་ འདི་བཟུམ་མའི་ སྡུག་བསྔལ་སྦོམ་བྱུང་བཅུག་ཡི།

དགེ་ལེགས་ཕུག་དང་ རྩི་རང་གི་བར་ན་ ས་རུད་ཆད་མི་གིས་ སྣུམ་འཁོར་ལམ་ བཀག་བསུབས།

རཱག་ཤ་ཌང་ར་ལུ་ ས་རུད་ཀྱིས་ འཁོར་ལམ་བསུབས་མིའི་མཐོང་སྣང་།
༢༦/༠༦/༢༠༡༢   ༉ ཁ་ཙ་ ཆརཔ་ཤུགས་ཅན་སྦེ་རྐྱབ་མི་ལུ་བརྟེན་ དགེ་ལེགས་ཕུག་རྫོང་ཁག་གི་ གཞུང་ལམ་ཁག་༢ དེ་ཅིག་གི་ ས་ཁོངས་ནང་ ས་རུད་ཆད་དེ་ སྣུམ་འཁོར་ལམ་བཀག་ཡོདཔ་ཨིན་པས།
དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ས་གནས་ཁར་ ཡོངས་གྲགས་ལུ་ བོགསི་ཀཊ་ཊིང་ཟེར་ས་དང་  རྩི་རང་དང་ དགེ་ལེགས་ཕུག་གི་བར་ན་ འགྲམ་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་ཁར་ རཱག་ཤ་ཌང་ར་ལུ་ས་རུད་ཆད་མི་གིས་ འགྲོ་འགྲུལ་འབད་མི་ འགྲུལ་འཁོར་དང་ འགྲུལ་མི་མང་རབས་ཅིག་ ཐོགས་ལུས་ཡོདཔ་ཨིན་པས།


ཕོ་སྐྱེས་ཅིག་གི་ཕུངམ་ མཐོང་ཡོདཔ།

༢༦/༠༦/༢༠༡༢   ༉ ཐིམ་ཕུའི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༦ པའི་ཚེས་༢༤ གི་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ ཐིམ་ཕུ་མུ་ཏིག་ཐང་ ས་སྣུམ་བཀྲམ་སྤེལ་ཁང་ནང་འགྱོ་སའི་ལམ་ཁར་ ཕོ་སྐྱེས་ཅིག་གི་ཕུངམ་ མཐོང་ཡོདཔ་ཨིན་པས།

མཐའ་ཟུར་གྱི་ སློབ་ཕྲུག་ཚུ་ལུ་ སློབ་གྲྭ་ཐག་རིང་བའི་དཀའ་ངལ།

ཨ་ལུ་ཚུ་གི་དོན་ལུ་ བཞེས་སྒོ་འབད་སྡོད་མི་ ཨང་རྒས་སྲམ་ཅུམ་དང་ སློབ་ཕྲུག་ཨ་ལུ་ཚུ།
༢༦/༠༦/༢༠༡༢   ༉ སྤུ་ན་ཁ་ལས་ མགར་ས་ལུ་བལྟ་སྟེ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ སྣུམ་འཁོར་ནང་འགྱོ་བའི་ལམ་ཁར་ དགོན་ཤར་རི་ལུ་ མི་སྡེ་སློབ་གྲྭ་ཆུང་བ་ཅིག་ ཆགས་ཡོད་མི་དེ་ སྤུ་ན་ཁ་དང་ མགར་ས་རྫོང་ཁག་༢ ཀྱི་འོག་ལུ་ཡོད་མི་ གཡུས་ཚན་དག་པ་ཅིག་གི་དོན་ལུ་ གལ་ཅན་ཅིག་ཨིན་མས།

སྟང་རྒེད་འོག་ལས་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་ ལགཔ་སྟོངམ་སྦེ་ལོག་ཡོདཔ།

བདུན་ཕྲག་ལས་བཅད་དེ་ དྲོ་པ་ལས་ ཕྱི་རུ་ཚུན་ དབྱར་རྩྭ་དགུན་འབུབ་འཐུ་ནི་ལུ་ སེམས་ཤུགས་བསྐྱེད་རུང་ མཐའན་མཇུག་ཁར་ དབྱར་རྩྭ་དགུན་འབུབ་ ཕུད་རྡོག་༡ ཡང་ ཐོབ་མ་ཚུགས་པར་ ལོག་འོང་དགོཔ་བྱུང་ནུག།

བདུན་ཕྲག་ལས་བཅད་དེ་ དྲོ་པ་ལས་ ཕྱི་རུ་ཚུན་ དབྱར་རྩྭ་དགུན་འབུབ་འཐུ་ནི་ལུ་ སེམས་ཤུགས་བསྐྱེད་རུང་ མཐའན་མཇུག་ཁར་ དབྱར་རྩྭ་དགུན་འབུབ་ ཕུད་རྡོག་༡ ཡང་ ཐོབ་མ་ཚུགས་པར་ ལོག་འོང་དགོཔ་བྱུང་ནུག།
༢༦/༠༦/༢༠༡༢   ༉ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནི་གི་ ལམ་ལུགས་འགོ་བཙུགས་པའི་ཤུལ་ལས་ ད་ལྟོ་ཚུན་ ས་ཁ་མཐོ་སར་སྡོད་མི་ མི་སེར་ཚུ་ལུ་ འོང་འབབ་ལེགས་ཤོམ་བཟོ་ནི་གི་ ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ དུས་ཅི་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་བར་འགྱོ་མི་ མང་ཤོས་ར་ ལགཔ་སྟོངམ་སྦེ་ ལོག་དགོཔ་བྱུང་ཡོདཔ་ཨིན་པས།

མགར་ས་རྫོང་ཁག་ནང་ ཆར་ཤུགས་ཀྱི་གནོད་སྐྱོན་གྱིས་ སྤྱི་ཟླ་༦ པའི་རྩིས་ཁྲ་ དུས་ཚོད་ཁར་མཇུག་བསྡུ་མི་ཚུགས་ནི།

༢༦/༢༠༡༢   ༉ མགར་ས་རྫོང་ཁག་ནང་ འཕྲལ་ཁམས་ཅིག་ཁར་ ཆུ་རུད་ཀྱིས་ གློག་མེ་ཀཝ་མང་ཤོས་ཅིག་ འཕྱགས་བདའ་མི་ལུ་བརྟེན་ དགོན་ཁ་སྟོད་རྒེད་འོག་དང་ འདམ་སྦྱིས་གཡུས་ཚན་༢ ནང་ གློག་མེ་མེད་མི་ལུ་བརྟེན་ དུས་ཅིའི་ སྤྱི་ཟླ་༦ པའི་ རྩིས་ཁྲ་ཁ་བསྡམ་ནི་ཚུ་ དུས་ཚོད་ཁར་ འབད་མི་ཚུགས་ནི་མས་ཟེར་ རྫོང་ཁག་གི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ཚོགས་སྡེ་གིས་ ཤེས་རིག་གྲོང་ཁྱེར་དཔྱད་ཡིག་༢༠༡༢ ཅན་མ་ ཆ་འཇོག་གྲུབ་ཡོདཔ།

༢༦/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ འབྲུག་གི་ཤེས་རིག་གྲོང་ཁྱེར་དཔྱད་ཡིག་༢༠༡༢ ཅནམ་དེ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཚོགས་རྒྱན་བཙུགསཔ་ད་ འཐུས་མི་༢༢ ལས་ དགོ་ཟེར་མི་༡༧ དང་ མི་དགོ་ཟེར་མི་༢ དེ་ལས་ བཏང་སྙོམ་ཐོག་ལུ་འཐུས་མི་༣ ཐོན་ཡོདཔ་ལས་ སྤྱིར་བཏང་ དཔྱད་ཡིག་༢༠༡༢ ཅན་མ་དགོ་ཟེར་མི་ མང་སུ་ཡོད་མི་ལུ་བརྟེན་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།

ལོ་ངོ་༣༧༤ ལང་མི་ དབང་འདུས་ཕོ་བྲང་རྫོང་ མེ་གིས་འཚིགས་ཡོདཔ།


རྒྱལ་ཡོངས་ཀྱི་ ནང་གཏེར་ལུ་ རྐྱེན་ངན་བྱུང་མིའི་ མྱ་ངན་བརྩི་སྲུང་གི་དོན་ལུ་ གཞུང་གིས་ ད་རིས་ རྒྱལ་ཡོངས་ངལ་གསོ་སྦེ་ གསལ་བསྒྲགས་གནང་ཡོདཔ་ཨིན།


ཁ་ཙ་ནུབ་མོར་ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་པའི་བསྒང་།
 
 




















༉ ཁ་ཙ་ཕྱི་རུའི་ ཆུ་ཚོད་༤ དེ་ཅིག་ལས་ རྒྱལ་ཁབ་ནང་ རྫོང་གཞིས་རྙིང་ཤོས་༣ པ་ཨིན་མི་ དབང་འདུས་ཕོ་བྲང་རྫོང་ལུ་ མེ་རྐྱེན་བྱུང་སྟེ་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ རྫོང་དེ་ རྩ་བ་ལས་ འཚིགས་ཡོདཔ་ཨིན་རུང་ ནང་རྟེན་ཚུ་ག་ར་ ཉེན་སྐྱོབ་འབད་ཚུགས་ནུག།

རྫོང་གཞིས་རྙིང་ཤོས་༣ པ་ དབང་འདུས་ཕོ་བྲང་གི་ཆགས་རབས།

སྤྱི་ལོ་༡༦༣༧ ལུ་ མེ་མཆོད་བཞེས་ཏེ་ ལོག་གསར་བཞེངས་འབད་དེ་ མི་ལོ་༦༠ གི་ཤུལ་ལས་ སཡོམ་གྱིས་ གནོད་སྐྱོན་རྐྱབ་ནུག།

ཁ་ཙ་ མེ་རྐྱེན་མ་ཤོར་བའི་ཧེ་མར་མཇལ་ཚུགས་མི་ དབང་འདུས་ཕོ་བྲང་རྫོང་གི་མཐོང་སྣང་།

༉ སྤུ་ན་གཙང་ཆུ་དང་ དྭངས་ཆུ་འཛོམས་སའི་ སྒང་ཏོག་གུ་ཆགས་མི་ དབང་འདུས་ཕོ་བྲང་རྫོང་དེ་ སྤྱི་ལོ་༡༦༣༨ ལུ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཤར་དར་བརྒྱད་ཀྱི་ རྫོང་ཁག་ལྟེ་བ་སྦེ་ བཞེངས་གནང་ཡོདཔ་ལས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ཤུལ་ལུ་ རྫོང་གཞིས་༣ པ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ཞབས་དྲུང་རིན་པོ་ཆེ་མཆོག་ སྤུ་ན་ཁ་ ཁྱི་མེད་ལྷ་ཁང་ནང་ བཞུགས་པའི་སྐབས་ ཨ་རྒས་ཁམས་ལོག་སི་སི་ཅིག་གིས་ ད་ལྟོའི་ དབང་འདུས་ཕོ་བྲང་གི་ རི་གླངམོ་ཆེ་ཉལ་སྡོད་སྡོདཔ་བཟུམ་མའི་གུ་ རྫོང་ཅིག་བཞེངས་པ་ཅིན་ རྒྱལ་ཁབ་དབང་དུ་འདུ་ནི་གི་ ཐུགས་རེ་ཡོད་མི་དེ་ འགྲུབ་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

བ་རཱ་ཟིལ་ལུ་སྦེ་འཚོགས་མི་ རིའོ་+༢༠ ཟེར་མི་ ཡུན་བརྟན་གོང་འཕེལ་ཞལ་འཛོམས་ ཀྱི་ཟླ་༦ པའི་ཚེས་༢༢ ལུ་ མཇུག་བསྡུ་བའི་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཞི་བདེ་དང་ བརྩེ་གདུང་གི་དྲིལ་བུ་ བརྡུང་གནང་ཡོདཔ་ད།
བློན་ཆེན་མཆོག་གིས་ ཞལ་འཛོམས་སྐབས་ལུ་ རྒྱ་གར་གྱི་སྲིད་བློན་ ཌོག་ཊར་ མཱན་མོ་ཧཱན་སིང་དང་ མཱལ་དིབསི་གི་སྲིད་འཛིན་ ཌོག་ཊར་ མོ་ཧ་མེཌ་ ཝ་ཧིཌ་ ཧ་སཱན་ མ་ནིག་ ཤྲི་ལངྐའི་སྲིད་འཛིན་ མ་ཧིན་ཌ་ ར་ཇ་པག་ས་ དེ་ལས་ རྒྱལ་ཁམས་དང་ གཞུང་གི་དབུ་ཁྲིད་ ལེ་ཤ་ཅིག་དང་གཅིག་ཁར་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

སྤྱི་ཟླ་༧ པ་ལས་ ནང་སྡོད་སློབ་ཕྲུག་ཚུ་གི་ ལྟོ་ཕོགས་ཡར་སེང་རྐྱབ་ནི།


༉ རྒྱལ་ཡོངས་ཚོགས་སྡེ་ནང་ ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་དང་གཅིག་ཁར་ དྲི་བཀོད་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ བློན་པོ་གིས་འབད་བ་ཅིན་ སྤྱི་ཟླ་༧ པ་ལས་ འགོ་བཙུགས་ཏེ་ ནང་སྡོད་སློབ་ཕྲུག་རེ་ལུ་ ལྟོ་ཕོགས་དངུལ་ཀྲམ་༣༠༠ རེ་ ཡར་སེང་རྐྱབ་ནི་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གི་ཁྲི་འཛིན་ ཌོག་ཊར་ རྒྱ་གར་རྡོ་རྗེ་གིས་ ཤེས་རིག་བློན་པོ་ལུ་ དྲི་བཀོད་འབད་མིའི་ནང་ མཐའ་ཟུར་གྱི་ སློབ་གྲྭ་ཚུ་ནང་ སློབ་དཔོན་མ་ལང་པའི་དཀའ་ངལ་སྦོམ་ཡོདཔ་ལས་ སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ སློབ་ཁང་གཅིག་ནང་བཞག་སྟེ་ སློབ་སྟོན་འབད་དགོཔ་ཐོན་མི་དེ་གིས་ ཤེས་རིག་གི་སྲིད་བྱུས་དང་ ཤེས་རིག་ལྷན་ཁག་གི་ དམིགས་ཡུལ་ཚུ་ འགྲུབ་ཚུགས་ག་ཟེར་ཞུ་ཡི།

ཆུ་རུད་ཀྱིས་མེདཔ་བཏང་མི་ འཁོར་ལམ་བསལ་ནི་ལུ་ དུས་ཡུན་འགོར་ནི་བཟུམ་ཅིག་ཡོདཔ།

ཀ་སྦིས་ནང་ལུ་ འཁོར་ལམ་ཆད་མི་དེ་ སེལ་བའི་བསྒང་།
༉ ཉིནམ་དག་པ་ཅིག་གི་ཧེ་མར་ མགར་ས་རྫོང་ཁག་ནང་ ཆུ་རུད་ལུ་བརྟེན་ ས་གནས་ཁག་མང་རབས་ཅིག་ནང་ ས་རུད་ཆད་ཡོདཔ་མ་ཚད་ འཁོར་ལམ་བསུབས་མི་ཚུ་གི་གྲས་ལས་ ས་གནས་ཀ་སྦིས་ནང་ལུ་ འཁོར་ལམ་མི་ཊར་༡༥༠ དེ་ཅིག་ ས་རུད་ཆད་མི་དེ་ ད་རིས་ ཧ་ལམ་བསལ་ཚར་ནི་ཨིནམ་ལས་ ནངས་པར་ལས་ སྣུམ་འཁོར་ཚུ་ ཐལ་ཚུགས་ནི་མས་ཟེར་ མགར་ས་རྫོང་ཁག་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

དུས་ཚོད་ཁར་མ་ལྷོད་ནི་དེ་གིས་ ཐབ་ཐོབ་སྡེ་ཚན་ བཏོན་བཏང་ཡོདཔ།


མདའ་རྩེདཔ་ཚུ་ བཀག་རེག་ཕོག་པའི་
 མདའ་འཆམ་རྐྱབ་པའི་བསྒང་།
༉ ཁ་ཙ་ཉིན་མར་ ཐབ་ཐོབ་སྡེ་ཚན་དང་ ཨེ་བི་ཊི་ཨོ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་རུང་ ཐབ་ཐོབ་སྡེ་ཚན་གྱིས་ དྲོ་པའི་དུས་ཚོད་ཁར་ རྩེད་འགྲན་འབད་བར་འོང་ནི་མེད་མི་ལུ་བརྟེན་ ཨེ་བི་ཊི་ཨོ་སྡེ་ཚན་དེ་ རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་འབད་ཡོདཔ་ཨིན་པས།

རུ་པིའི་དཀའ་ངལ་ལེགས་འགྱུར་འགྱོ་རུང་ སྐྱིན་འགྲུལ་གྱི་ གནས་སྟངས་སྐྱོ་དྲགས་སྦེ་གནས་ནི།

༉ གནང་བྱིན་མ་དངུལ་དང་ གློག་མེ་ལས་འགུལ་ཚུ་གིས་སྦེ་ གློག་མེ་ཐོན་བསྐྱེད་གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ལུ་བརྟེན་ རུ་པི་མ་ལང་པའི་གནས་སྟངས་ལེགས་འགྱུར་འགྱོ་དོ་ཡོདཔ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རུ་པི་དང་འབྲེལ་བའི་ བཀག་ཆ་འབད་ཡོད་མི་ལ་ལུ་ཅིག་ ད་ལས་ཕར་ ཡངས་ཆག་འབད་ནི་ཨིན་པས།

དགེ་ལེགས་ཕུག་གི་ གནམ་ཐང་བཟོ་སྐྲུན་གྱི་ལཱ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ།

མཇུག་བསྡུ་རན་ཁར་ལྷོད་མི་ དགེ་ལེགས་ཕུག་གི་གནམ་ཐང་།

༉ རིང་ཚད་མི་ཊར་༡,༥༠༠ འབད་མི་ དགེ་ལེགས་ཕུག་གི་ གནམ་ཐང་དེ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ཨིན་རུང་ གནམ་འབྱ་གི་ཆརཔ་རྐྱབ་ནིའི་དུས་ཚོད་ རྫོགས་ཞིནམ་ལས་མ་གཏོགས་ འགོ་འབྱེད་མི་འབད་ཟེར་ མཁའ་འགྲུལ་ལས་ཁུངས་ཀྱི་ འགོ་དཔོན་གྱིས་བཤདཔ་ཨིན་པས།
གནམ་ཐང་འགོ་འབྱེད་འབད་ནིའི་དོན་ལུ་ དང་པ་ གནམ་གཤིས་གནས་སྟངས་དང་ གཉིས་པ་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ ཐེངས་གཉིས་རེ་ ཕར་འགྱངས་འབད་དགོཔ་བྱུང་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་པའི་ རྒྱལ་ཡོངས་མྱ་ངན་བརྩི་སྲུང་ཞུ་ནིའི་དོན་ལུ་ ནངས་པར་ངལ་གསོ་བཞག་ནི།


༉ ནང་སྲིད་ལྷན་ཁག་གིས་ ད་ལྟོ་ ནུབ་མོའི་ཆུ་ཚོད་༩ དང་སྐར་མ་༣༠ ལུ་ རྒྱལ་ཡོངས་ཀྱི་ ནང་གཏེར་བཟུམ་ཅིག་ཨིན་མི་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་པའི་ རྒྱལ་ཡོངས་མྱ་ངན་བརྩི་སྲུང་ཞུ་ནིའི་དོན་ལུ་ ནངས་པར་ རྒྱལ་ཡོངས་ངལ་གསོ་བཞག་ནི་སྦེ་ གསལ་བསྒྲགས་གནང་ཡི། 

བ་རཱ་ཛིལ་ལུ་ ཞལ་འཛོམས་ནང་བྱོན་མི་ བློན་ཆེན་འཇིགས་མེད་འོད་ཟེར་མཆོག་ལུ་ རྐྱེན་ངན་དེ་གི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ད་ བློན་ཆེན་གྱི་འགན་འཛིན་པ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་འབད་བ་ཅིན་ ད་ལས་ཕར་ ཉེན་སྲུང་གི་དོན་ལུ་ རྫོང་གཞིས་ཚུ་ནང་ མེ་བསད་སྣུམ་འཁོར་འགྱོ་སའི་ལམ་དང་ ཆུ་མཛོད་ཀྱི་ ཞབས་ཏོག་མཐུན་རྐྱེན་ཚུ་ བཟོ་ནི་དེ་ གལ་ཆེཝ་སྦེ་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།

བློན་པོ་ཡེ་ཤེས་སྦྱིན་པ་གིས་ དབང་འདུས་རྫོང་དེ་ རྩ་བ་ལས་ར་ མེ་མཆོད་བཞེས་རུང་ ནང་རྟེན་རྩ་ཅན་ཚུ་ག་ར་ ཐོབ་ཚུགས་ནི་དེ་གིས་ ཁ་རྗེ་བཟང་ཡི་ཟེར་ཨིནམ་ད་ རྫོང་དེ་ ལོག་ སྒྲིང་སྒྲིང་སྦེ་ར་ ཉམས་གསོ་ཞུ་ནི་ཟེར་ བཤདཔ་ཨིན་པས།

མེ་རྐྱེན་དེ་ རྫོང་ཁག་བདག་སྐྱོང་གི་ ཡིག་ཚང་ནང་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ ད་ལྟོ་ ཏན་ཏན་སྦེ་ མ་ཤེསཔ་ཨིན་པས།

ལྷ་ཁང་ཚུ་ནང་ སྨན་སྐུ་སྦོམ་ཡོད་མི་ཚུ་རྐྱངམ་གཅིག་ ཉེན་སྲུང་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།






གཉིས



གཅིག

དབང་འདུས་རྫོང་ མེ་མཆོད་བཞེས་ཡོདཔ།

ད་ཅི་ ཆུ་ཚོད་༦ དེ་ཅིག་ལུ་ དབང་འདུས་རྫོང་མེ་མཆོད་བཞེས་པའི་བསྒང་ཡོད་མི་དེ་ གནས་སྟངས་དེ་བཟུམ་ཅིག་སྦེ་ གནས་ཡོདཔ་ད་ དེ་ལས་ རྫོང་གི་དབུ་རྩེ་ཡང་ ཉེན་སྲུང་འབད་མ་ཚུགསཔ་མ་ཚད་  མི་༢ ལུ་ རྨ་སྐྱོན་བྱུང་ཡོད་མི་ཚུ་ སྨན་བཅོས་འབད་དོ་ཡོདཔ་ད་ མེ་རྐྱེན་དེ་ཕྱི་རུའི་ཆུ་ཚོད་༤ དང་༥ གི་བར་ན་བྱུང་ཡོདཔ་ཨིན་པའི་གནས་ཚུལ།

གནས་ཚུལ་མདོར་བསྡུས།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བ་རཱ་ཟིལ་གྱི་ཁྲོམ་སྡེ་ རིའོ་ ཌི་ ཇེ་ནི་རོ་ལུ་སྦེ་ རིའོ་+༢༠ ཟེར་མི་ ཞལ་འཛོམས་ཀྱི་ཞོར་ཁར་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ རྒྱ་ནག་གི་སྲིད་བློན་ ཝེན་ཇི་བཱའུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡི།གཞུང་༢ ཀྱི་ དབུ་ཁྲིད་ཚུ་གི་བར་ན་ གསུང་གྲོས་འགོ་དང་པ་གནང་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་པས།དབུ་ཁྲིད་༢ ཀྱིས་ སྤྱི་ལོ་༢༠༡༣ དང་༢༠༡༤ ལོའི་ གནས་ཡུན་གྱི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ཉེན་སྲུང་ཚོགས་སྡེའི་ གཏན་འཇགས་མིན་པའི་ སྡོད་ཁྲིའི་བཙག་འཐུ་ནང་ དུས་ཅི་ འབྲུག་གིས་ ཕན་ཚུན་མཐའ་དོན་དང་ ཟུང་ཕྱོགས་མཉམ་འབྲེལ་གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོད་པའི་གནས་ཚུལ།

གྱངས་ཁ་ཚངམ་རྐྱངམ་གཅིག་གིས་ མི་བཏུབ་ནི།

༢༣/༠༦/༢༠༡༢   ༉ ད་རེས་ནངས་པ་ གཞི་བཙུགས་འབད་བའི་བསྒང་ཡོད་མི་ སྲིད་དོན་ཚོགས་པ་ཚུ་ རང་སོའི་འདེམས་ངོ་འཚོལ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་བཞིན་དུ་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྲིད་ཚོགས་ཚུ་ལུ་ འདེམས་ངོ་༤༧ ཆ་མཉམ་ཚང་དགོ་མི་གིས་མ་ཚད་པར་ གལ་སྲིད་ བཙག་འཐུ་གྲུབ་སོ་པ་ཅིན་ རྒྱལ་ཡོངས་གནས་རིམ་གྱི་ དབུ་ཁྲིད་མཛད་ཚུགས་པའི་ ལྕོགས་གྲུབ་ཡོད་མི་ཚུ་ཡང་ཡོདཔ་ ངེས་བརྟན་བཟོ་དགོ་ཟེར་ཨིན་པས།

ཤིང་དུམ་ཚུ་ བསྡུ་བསྒྱོམ་འབད་ནི་ལུ་ ཆོག་ཐམ་དགོཔ།

མི་ཚུ་གིས་ བསྡུ་བསྒྱོམ་འབད་མི་ ཤིང་དུམ་ཚུ།
༢༣/༠༦/༢༠༡༢   ༉ མགར་ས་ལུ་ ཆུ་རུད་ཐོན་མི་ལུ་བརྟེན་ སྤུ་ན་ཁའི་ གཙང་ཆུའི་མཐའམ་བདའ་སྟེ་ ཤིང་དུམ་རག་རོ་མང་རབས་ཅིག་ བརྟེན་བཞག་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ དེ་ཁ་ལས་ རང་དབང་གི་ཐོག་ལུ་ བསྡུ་བསྒྱོམ་འབད་མ་ཆོགཔ་ཨིན་པས།

དར་དཀར་ནང་ལུ་ ནང་འཁོད་ཚོད་བསྲེ་ཚོང་བསྒྱུར།

སོ་ནམ་འགོ་དཔོན་ཚུ་གིས་ ཚོད་བསྲེ་གི་གོང་ཚད་ ཐོ་བཀོད་འབད་བའི་བསྒང་།
༢༣/༠༦/༢༠༡༢   ༉ འདས་པའི་བདུན་ཕྲག་ནང་ དར་དཀར་ནང་ལུ་ ཚོད་བསྲེ་ཁྲོམ་འགོ་འབྱེད་འབད་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་གིས་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ བཙོང་ཐོག་ལས་ འོང་འབབ་བཟོ་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།

མདའ་རྩེད་ལུ་བརྟེན་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་དང་གནོད་སྐྱོན།

༢༣/༔༦/༢༠༡༢   ༉ ད་རེས་ཁམས་ཅིག་ཁར་ ཐིམ་ཕུ་དཀར་སྦྱིས་ས་ལུ་ མདའ་ཕོག་སྟེ་ མདའ་རྩེདཔ་ཅིག་ལུ་ ཤི་རྐྱེན་བྱུང་མི་དེ་ མདའ་རྩེད་ནང་ གནད་དོན་གསརཔ་ཅིག་མེན་རུང་ མི་མང་ཤོས་ཅིག་གིས་ རྒྱལ་ཁབ་ནང་ མདའ་རྩེད་དེ་ ཉེན་ཁག་ཅན་སྦེ་མཐོང་གསལ་ཡོད་པའི་ བསམ་འཆར་ཚུ་ བཀོདཔ་ཨིན་པས།
དེ་བཟུམ་སྦེ་ འདས་པའི་ལོ་ཚུ་ནང་ཡང་ དེ་བཟུམ་མའི་ རྐྱེན་ངན་ཚུ་ ལེ་ཤ་ཅིག་ར་ བྱུང་ཡོདཔ་ཨིན་རུང་ ཐོ་བཀོད་བཞག་མི་ ལས་སྡེ་ ག་ཡང་མེདཔ་ལས་ ཀུན་གསལ་གྱིས་ རྐྱེན་ངན་ཚུ་གི་སྐོར་ལས་ གནས་ཚུལ་བྲིས་ཡོད་པའི་ ཐོ་དང་འཁྲིལཝ་ད་ སྤྱི་ལོ་༡༩༨༦ ལས་ ད་ཚུན་ལུ་ མི་ལུ་ མདའ་གིས་ གནོད་སྐྱོན་དང་ ཤི་རྐྱེན་བྱུང་མིའི་གྱངས་ཁ་༡༥ དེ་ཅིག་འདུག།

བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ ལམ་བཀག་བསུབ་ཀྱི་དཀའ་ངལ།

བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༤ གི་ས་གནས་ པིན་ཆི་ནང་ ཞིབ་དཔྱད་སྒོ་རའི་ སྦོ་ལོགས་ཁར་ ས་རུད་ཀྱིས་ ལམ་བསུབས་མི་དེ་ གི་རིཕ་གི་ ལས་མི་ཚུ་གིས་ སེལ་བའི་བསྒང་།
༢༣/༠༦/༢༠༡༢   ༉ འཕྲལ་ཁམས་ཅིག་ལས་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ གཞུང་ལམ་བདའ་སྟེ་ ས་གནས་ཁག་ལེ་ཤ་ཅིག་ནང་ ལམ་བཀག་བསུབས་ཀྱི་ དཀའ་ངལ་བྱུང་མི་ལུ་བརྟེན་ ཕར་ཚུར་ལམ་འགྲུལ་འབད་མི་ཚུ་ རང་འགྱོ་སའི་ ས་གོ་ནང་ལྷོད་ཚུགས་ནི་ལུ་ དུས་ཡུན་ལེ་ཤ་འགོར་ནི་དེ་གིས་ འུ་སྡུག་ ཐང་ཆད་པའི་ ཉམས་སྣང་བྱུང་དོ་ཡོདཔ་ཨིན་པས།

འབྲུག་གོང་འཕེལ་དངུལ་ཁང་ གྲོང་གསེབ་གོང་འཕེལ་ དངུལ་ཁང་ལུ་ཁ་སྒྱུར།

༢༣/༠༦/༢༠༡༢   ༉ འབྲུག་གོང་འཕེལ་ལས་འཛིན་ལས་ འབྲུག་གོང་འཕེལ་དངུལ་ཁང་དང་ ད་ལྟོ་ འབྲུག་ཚོང་འབྲེལ་ལས་དོན་ལས་ གྲོང་གསེབ་གོང་འཕེལ་ལས་དོན་ལུ་ གཙོ་རིམ་བཟུང་སྟེ་ དངུལ་འབྲེལ་གཙུག་སྡེ་ཅིག་ལུ་ ཁ་འགྱུར་འབད་དེ་ མིང་ཡང་ གྲོང་གསེབ་གོང་འཕེལ་དངུལ་ཁང་ཟེར་ བསྒྱུར་བཅོས་འབད་ནི་ཨིན་པས།

གནས་ཚུལ་མདོར་བསྡུས།

(གཡོན་ཁ་ཐུག་ལས་)  འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བཱན་ཀི་ མཱུན་དང་ ཊར་ཀིཤ་གི་སྲིད་བློན་ རི་ཀེཔ་ ཏ་ཡིབ་ ཨར་ཌོ་གཱན་ དེ་ལས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ ཊར་ཀི་ ཨིས་ཏཱན་བཱུལ་ལུ་སྦེ་ འཛམ་གླིང་འགྲོ་བ་མིའི་ གོང་འཕེལ་གྲོས་འཛོམས་ཅིག་ འཚོགས་མི་དེ་གི་ རྗེས་དཔྱད་བཟུམ་ཅིག་སྦེ་ ད་རེས་ རིའོ་ ཌི་ ཇེ་ནི་རོ་ལུ་ འདྲ་མཉམ་དང་ ཡུན་བརྟན་གྱི་ བརྗོད་དོན་ཐོག་ལུ་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

ས་གནས་གཞུང་གི་ ཐོབ་ཁུངས་དཔྱད་ཡིག་དགོ་པའི་སྐོར་ལས་ གྲོས་བསྡུར།

༢༣/༠༦/༢༠༡༢   ༉ ས་གནས་གཞུང་གི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༥ པའི་ནང་ལས་ར་ ཐོབ་ཁུངས་དཔྱད་ཡིག་དགོ་པའི་སྐོར་ གཞུང་ལུ་ཞུ་བ་འབད་ཡོད་རུང་ ད་ལྟོ་ཡང་ དཔྱད་ཡིག་ཟིན་བྲིས་གྲོས་བསྟུན་གྱི་དོན་ལུ་ ཚོགས་ཁང་ནང་ བཙུག་ནི་མེདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་དེ་ ཤུལ་མའི་ཚོགས་ཐེངས་ ཡང་ན་ ད་ལྟོའི་ཚོགས་ཐེངས་ཀྱི་མཇུག་ལུ་ ཉེར་མཁོའི་དཔྱད་ཡིག་སྦེ་ བཙུག་ནི་ལུ་ གཞུང་སྐྱོང་ཚོགས་པ་ལུ་ དྲན་བསྐུལ་འབད་ནི་ཨིན་པས།

མའི་ཀོ་རོ་སཱོཕཊི་གི་ འཐུས་མི་སྡེ་ཚན་གྱིས་ འབྲུག་ལུ་ལྟ་སྐོར་འབད་ནི།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རིའོ་ ཌི་ ཇེ་ནི་རོ་ལུ་སྦེ་ མའི་ཀོ་རོ་སཱོཕཊི་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ ཕེ་རེནཀི་ མེག་ཀཱོསི་ཀར་དང་གཅིག་ཁར་ གྲོས་བསྟུན་འབད་བའི་བསྒང་།
༢༣/༠༦/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༩ པའི་ནང་ མའི་ཀོ་རོ་སཱོཕཊི་ལས་སྡེའི་ ཆེ་རིམ་གནས་ཚད་ཅན་གྱི་ འཐུས་མི་སྡེ་ཚན་ཅིག་གིས་ མཉམ་འབྲེལ་གནད་དོན་གྱི་ ལས་སྣ་ཚུ་གི་སྐོར་ལས་ འབྲུག་གཞུང་དང་ དམིགས་བསལ་དུ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་གཅིག་ཁར་ གྲོས་བསྟུན་འབད་ནིའི་དོན་ལས་ འབྲུག་ལུ་ འོང་ནི་ཨིན་པས།

ས་གནས་གཞུང་གི་ ཐོབ་ཁུངས་དཔྱད་ཡིག་དགོ་པའི་སྐོར་ལས་ གྲོས་བསྡུར།

༉ ས་གནས་གཞུང་གི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༥ པའི་ནང་ལས་ར་ ཐོབ་ཁུངས་དཔྱད་ཡིག་དགོ་པའི་སྐོར་ གཞུང་ལུ་ཞུ་བ་འབད་ཡོད་རུང་ ད་ལྟོ་ཡང་ དཔྱད་ཡིག་ཟིན་བྲིས་གྲོས་བསྟུན་གྱི་དོན་ལུ་ ཚོགས་ཁང་ནང་ བཙུག་ནི་མེདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་དེ་ ཤུལ་མའི་ཚོགས་ཐེངས་ ཡང་ན་ ད་ལྟོའི་ཚོགས་ཐེངས་ཀྱི་མཇུག་ལུ་ ཉེར་མཁོའི་དཔྱད་ཡིག་སྦེ་ བཙུག་ནི་ལུ་ གཞུང་སྐྱོང་ཚོགས་པ་ལུ་ དྲན་བསྐུལ་འབད་ནི་ཨིན་པས།

ཀརྨ་ཆོས་གླིང་ལྷ་ཁང་ལུ་ གསེར་ཏོག་ཕུལ་ཡོདཔ།

༢༣/༠༦/༢༠༡༢   ༉ དུས་རབས་༡༤ པའི་ནང་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་༣ པ་དཔལ་རང་བྱུང་རྡོ་རྗེ་མཆོག་གིས་ ལུང་བསྟན་དང་འཁྲིལ་ མོང་སྒར་རྫོང་ཁག་ ཆ་གླིང་གཡུས་ཚན་གྱི་མགུ་ལུ་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ཚུགས་མི་ ཀརྨ་ཆོས་གླིང་ལྷ་ཁང་དེ་ ཆ་གླིང་གཡུས་ཚན་གྱི་མི་སེར་ཚུ་གིས་ སྐྱབས་འཚོལ་སའི་ལྷ་ཁང་རྩ་ཅན་ཅིག་ཨིནམ་བཞིན་དུ་ གཡུས་ཚན་གྱི་ ཞི་གཡོགཔ་དང་ ཚོང་པ་ མི་སེར་ དེ་ལས་ དད་ཅན་ཕོ་མོ་ཚུ་གིས་འབད་ ཁ་ཙ་ གསེར་ཏོག་བཀལ་ཡོདཔ་ཨིན་པས།

གློག་ཤུགས་ཀྱི་ གླ་འཁོར་སྦེ་ འགོ་བཙུག་ནི།

གླ་འཁོར་བཟོ་ནི་ཨིན་མི་ གློག་ཤུགས་སྣུམ་འཁོར་ཚུ་ རིན་གོང་དངུལ་ཀྲམ་འབུམ་༤ སྦེ་ བཙོང་ནི་ཨིནམ་བཞིན་དུ་ འཕྲུལ་ལྟོ་ཚུ་ གླ་ཁར་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

བཟོ་སྐྲུན་འབད་བའི་བསྒང་ཡོད་པའི་ གློག་ཤུགས་སྣུམ་འཁོར་ཚུ།
༢༣/༠༦/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༩ པ་ འགོ་བཙུགས་ཁམས་ཅིག་ལས་ ཐིམ་ཕུ་ཁྲོམ་ཁར་ གློག་ཤུགས་ཀྱི་ སྣུམ་འཁོར་༡༠ དེ་ཅིག་ གླ་འཁོར་སྦེ་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ གློག་ཤུགས་བཟོ་སྐྲུན་ལས་སྡེ་ ཐཱན་ཌར་མོ་ཊོརསི་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།

རྒྱ་གར་ བི་ཧར་གྱི་ཁྲིམས་བཟོ་ལྷན་སྡེའི་འཐུས་མི་གིས་ འབྲུག་ལུ་ལྟ་སྐོར།

༢༣/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ རྒྱ་གར་བི་ཧར་གྱི་ ཁྲིམས་བཟོ་ལྷན་སྡེ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ཤྲི་ཨུ་དྷེ་ནཱ་ར་ཡཱན་ཅའུ་དཱ་རི་གིས་ འགོ་ཁྲིད་ཐོག་ལས་ འཐུས་མི་བཅུ་ཐམ་འབད་མི་ཅིག་གིས་ འབྲུག་ལུ་ལྟ་སྐོར་ལུ་འོང་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ལུ་ ལས་སྡེ་ཚུ་ལུ་ ཉེས་བྱ་བཀལ་ཡོདཔ།

ཞིབ་དཔྱད་སྡེ་ཚན་གྱིས་ ལས་འཛིན་གྱི་ ཡིག་ཚང་ཅིག་ནང་ ཉེས་བྱ་བཀལ་བའི་བསྒང་།
༢༣/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ཕུན་ཚོགས་གླིང་ལུ་ གཞུང་གི་ལས་སྡེ་༡ དང་ ཕུན་ཚོགས་གླིང་གི་ ཁྲོམ་སྡེ་ཡིག་ཚང་ བརྡ་བརྒྱུད་ལས་སྡེ་༢ གློག་མེ་ལས་འགུལ་ཡིག་ཚང་གི་ ལཱ་འབད་མི་ རྒྱ་གར་གྱི་ བཟོ་སྐྲུན་ལས་སྡེ་༡ དེ་ལས་ ཟ་ཁང་༧ དང་ མི་༢ ལུ་ ཏམ་ཁུའི་བཅའ་ཡིག་དང་ སྒྲིག་གཞི་ཚུ་ལས་འགལ་བའི་ ཉེས་བྱ་བཀལ་ཡོདཔ་ཨིན་པས།

གཡང་སྦ་རིའི་ ས་ཁོངས་ནང་ ཉ་བཟུང་ནི་བཀག་དམ།

༢༣/༠༦/༢༠༡༢   ༉ པདྨ་དགའ་ཚལ་ངང་ལམ་ཁྲོམ་ལས་ ཉིན་གྲངས་༢ ལམ་འགྱོ་དགོ་པའི་ས་གནས་ གཡང་སྦ་རིའི་ འོག་ལུ་ཚུད་མི་ སྒར་པོ་ལ་དང་ ཀི་རུང་གི་ ས་ཁོངས་ཚུ་ནང་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་ ཉ་བཟུང་མ་ཆོགཔ་ བཟོ་ཡོདཔ་ཨིན་པས།

ས་རུད་དང་ ཆུ་རུད་ཀྱིས་ མགར་སའི་གཞུང་ལམ་ཆད་ཡོདཔ།

སྤུ་ན་ཁ་དང་ མགར་སའི་བར་ན་ སྤྲིངས་ཟམ་༡ རྩིས་ཏེ་ ཟམ་༣ འཕྱགས་བདའ་ཡོདཔ།

སྤུ་ན་ཁ་དང་ མགར་སའི་བར་ན་ སྤྲིངས་ཟམ་༡ རྩིས་ཏེ་ ཟམ་༣ འཕྱགས་བདའ་ཡོདཔ།
༢༢/༠༦/༢༠༡༢   ༉ ཁ་ཙ་དྲོ་པར་ཆུ་ཚོད་༣ དེ་ཅིག་ཁར་ སྤུ་ན་ཁ་དང་ མགར་སའི་གཞུང་ལམ་བདའ་སྟེ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ས་རུད་ཆད་ཡོདཔ་མ་ཚད་ གཙང་ཆུ་དང་ རོང་ཆུ་ཚུ་ བྲེས་ནི་དེ་གིས་ རྩི་སའི་ཟམ་༢ དང་ སྤྲིངས་ཟམ་༡ དེ་ལས་ འཁོར་ལམ་འཕྱགས་བདའ་མི་ལུ་བརྟེན་ མགར་ས་དེ་ རྫོང་ཁག་གཞན་དང་ རྒྱུན་འབྲེལ་འཐབ་མ་ཚུགསཔ་ ཐལ་ཡོདཔ་ཨིན་པས།

དབང་འདུས་ལུ་ ཉ་སྟོང་ཕྲག་མང་རབས་ཅིག་ སྲོག་སྐྱབས་འབད་ཡོདཔ།

ཨིན་རུང་ ཆུ་བྲེས་མིའི་གོ་སྐབས་ལེན་ཏེ་ ཉ་བཟུང་མི་ཡང་ ལེ་ཤ་ཐོན་ཡོདཔ་ཨིན་པས།

༢༢/༠༦/༢༠༡༢   ༉ ཁ་ཙ་དྲོ་པར་ སྤུ་ན་གཙང་ཆུ་བྲེས་མི་དེ་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་གི་ ལུང་གཤོང་ནང་ སྡོད་མི་ཚུ་གི་དོན་ལུ་ ཉ་བཟུང་ནི་དང་ ཉ་ཤི་མི་ཚུ་ བསྡུ་བསྒྱོམ་འབད་ནི་གི་ གོ་སྐབས་ཅིག་ཨིན་པས།
དེ་ཡང་ གཙང་ཆུ་བྲེས་མི་ལུ་བརྟེན་ ཉ་སྣུམ་འཁོར་ཊཱག་དོས་ལས་བཅད་དེ་ ཤི་རྐྱེན་བྱུངཡོདཔ་མ་ཚད་ ཉ་ཚུ་ གཙང་ཆུའི་མཐའ་མར་ཐོན་པའི་སྐབས་ མི་ཚུ་གིས་ ཙེའུ་འབག་སྟེ་ ཉ་བཟུང་བའི་ཁར་ ལ་ལུ་གིས་ ཉ་ཤི་མི་ཚུ་ བསྡུ་བསྒྱོམ་འབད་བའི་ མཐོང་གསལ་བྱུང་ཡི།
ཆུ་བྲེས་པའི་སྐབས་ གཙང་ཆུའི་མཐའ་མར་ བཏོན་བཞག་མི་ ཉ་ཤི་ཤིཝ་ཚུ་ མི་ཚུ་གིས་ བཟའ་ནིའི་དོན་ལུ་ ལག་ལེན་འཐབ་པའི་བསྒང་།

དགའ་སྐྱིད་དང་ཕན་བདེ་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་གལ་ཆེཝ།

༢༢/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ བ་རཱ་ཟིལ་ལུ་ རིའོ་+༢༠ ཟེར་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་འགོ་འབྱེད་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁམས་དང་ གཞུང་གི་དབུ་ཁྲིད་༡༠༠ ལྷགཔ་ཅིག་ འཛོམས་མི་ཚུ་ལུ་ འགྲོ་བ་མིའི་དོན་ལུ་ ཚུལ་ལྡན་དང་ ཉེན་སྲུང་ཅན་ དེ་ལས་ ཡུན་བརྟན་གོང་འཕེལ་གྱི་ ལམ་ཕྱོགས་ལུ་ ཞུགས་ནི་གི་ ཕྱག་ལཱ་མཛད་དགོ་པའི་ ཞུ་སྐུལ་གནང་ནུག།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བ་རཱ་ཟིལ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་འགོ་འབྱེད་ནང་ གསུང་བཤད་གནང་པའི་བསྒང་།