གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་ཚོང་འབྲེལ་དང་ ཐིམ་ཕུ་གྲོང་སྡེ་ལས་འཛིན་གྱི་ རྩོད་གཞི་ལོ་ངོ་༥ ལྷག་ཡོདཔ།

༣༠/༡༡/༢༠༡༢   ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ངོ་ཚབ་ཀྱིས་འབད་བ་ཅིན་ ཤུལ་མའི་བདུན་ཕྲག་ནང་ འཁྲུན་ཆོད་གཏོན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་མས།
༉ ཐིམ་ཕུ་གྲོང་སྡེ་ལས་འཛིན་དང་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་བར་ན་ ད་ལྟོའི་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་གི་ སྦོ་ལོགས་ཁར་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་ བདག་དབང་སྐོར་ལས་ རྩོད་བཤེར་མཇུག་མ་བསྡུ་བར་ཡོད་མི་ལུ་བརྟེན་ གླ་འཁོར་བཞག་སའི་ ས་ཁོངས་ཚུལ་ལྡན་ཅིག་ བཟོ་མ་ཚུགས་པར་ ལུས་ཡོད་ཟེར་ གྲོང་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཐིམ་ཕུ་ས་སྣུམ་བླུག་སའི་ ས་ཁོངས་དང་ རྩོད་རྙོགས་ཅན་གྱི་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་མཐོང་སྣང།

སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་ གྱི་གསོབ་སྟེ་ དམར་བསད་འབད་ཡོདཔ།

༣༠/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༢༨ ཀྱི་ ཕྱི་རུའི་ཆུ་ཚོད་༡༡ དེ་ཅིག་ཁར་ སྤ་རོ་ས་མཚམས་མཆོད་རྟེན་ལུ་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་ ཕོ་སྐྱེས་གཞན་མི་ཅིག་གིས་ གྱི་གསོབ་སྟེ་ དམར་བསད་འབད་ཡོདཔ་ཨིན་པས།

འབྲུག་དང་ ཡུ་རོ་པི་ཡན་ཚོགས་སྡེ་བར་ནའི་མཐུན་ལམ་ འཕྲོ་མཐུད་ཡར་དྲག་གཏང་ནི།

༣༠/༡༡/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབྲུག་ལུ་ ཡུ་རོ་པི་ཡན་ཚོགས་སྡེའི་གཞུང་ཚབ་ ཇའོ་ གོམསི་ ཀ་རཱ་བིན་ཧོ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ འབྲུག་ལུ་ ཡུ་རོ་པི་ཡན་ཚོགས་སྡེའི་གཞུང་ཚབ་ ཇའོ་ གོམསི་ ཀ་རཱ་བིན་ཧོ།

ད་རིས་ མདའ་རྩེད་འཕྲོ་མཐུད་ རྩེད་འགྲན་འབད་ནི།

༣༠/༡༡/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་མི་དེ་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།

རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ལུ་ དངུལ་ཀྲམ་གྱི་གནས་གོང་མར་ཉམས།

༣༠/༡༡/༢༠༡༢   ཇའི་སྒང་ལུ་ རྒྱ་གར་གྱི་ཏི་རུ་ རུ་པི་འབག་ནི་མེད་པ་ཅིན་ དངུལ་ཀྲམ་ཐོག་ལུ་སྤྲོདཔ་ད་ འཐུས་བརྒྱ་ཆ་༨ ལེན་དོ་ཡོདཔ་ཨིན་པས།
 ༉ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཡོངས་གྲགས་ཅན་གྱི་ ཤཱཀ་ཏི་སྣུམ་འཁོར་བཅོ་ཁང་ནང་ སྣུམ་འཁོར་བཅོ་ནི་དང་འབྲེལ་བའི་ ཞབས་ཏོག་ཚུ་ ལེན་དགོ་པ་ཅིན་ རྒྱ་གར་གྱི་ཏི་རུ་ རུ་པི་དགོཔ་ཨིནམ་ད་ དེ་མིན་ དངུལ་ཀྲམ་སྤྲོད་པ་ཅིན་ འཐུས་བརྒྱ་ཆ་༨ ལེན་དོ་ཡོདཔ་ཨིན་པས།
འབྲུག་པའི་སྣུམ་འཁོར་ཚུ་ ཇའི་སྒང་ལུ་ ཤཱཀ་ཏི་སྣུམ་འཁོར་བཅོ་ཁང་ནང་ བཅོ་ཁ་རྐྱབ་པའི་བསྒང་།

སྦ་དང་ཚར་གྱིས་བཟོ་མི་ རིག་གསར་ཅ་ཆས་སྣ་ཚོགས་ཀྱི་འགྲེམ་སྟོན།

༣༠/༡༡/༢༠༡༢   ལཱ་ག་ཅི་ར་འབད་རུང་ གཙོ་བོ་ རང་གི་སྤྲོ་བ་ལུ་ རག་ལས་ནི་དེ་གིས་ ཚར་བཟོ་ལུ་བརྟེན་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
༉ ད་ལྟོ་ཚུན་ཚོད་ འབྲུག་མི་ཚུ་གིས་ ཕྱི་རྒྱལ་ལས་ནང་འདྲེན་འབད་མི་ ལྕགས་དང་ གྱིབ་ དེ་ལས་ དཀར་ཡོལ་ལ་སོགས་པའི་ ཅ་ཆས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ རྒྱལ་ཁབ་ནང་འཁོད་ལུ་ སྦ་དང་ཚར་གྱིས་ བཟོ་བཀོད་མ་འདྲཝ་ འཇའ་ཆི་ཆི་སྦེ་བཟོ་མི་ ཅ་ཆས་ཚུ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
སྤག་ཤིང་གིས་བཟོ་མི་ གཟར་རུ་དང་ཟན་སྐྱ་ཚུ།

བཀྲིས་གཡང་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་གསལ་སྟོན་འབད་མི་དང་པ།

༣༠/༡༡/༢༠༡༢   ༉ ལོ་ངོ་༡༦ ལྷགཔ་ཅིག་ སློབ་གྲྭ་ཁག་ཚུ་ནང་ སློབ་དཔོན་དང་ སློབ་དབུ་འཛིན་གྱི་གོ་གནས་ཐོག་ ཕྱག་ཞུ་བའི་ཤུལ་ལུ་ ད་རེས་ ཤེས་རིག་ལྷན་ཁག་གི་ ཤེས་རིག་ལྟ་རྟོག་འགོ་དཔོན་གྱི་ གོ་གནས་ནང་ཡོད་མི་ བཀྲིས་ཕུན་ཚོགས་ཀྱིས་ ཞི་གཡོག་གི་ཞབས་ཏོག་ བློས་བཏང་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ མི་སེར་གྱི་ངོ་ཚབ་སྦེ་ འབྲེལ་གཏོགས་འབད་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།

ཡོང་ཀ་སྐམ་ ཕྱེ་འཐག་ནིའི་འཕྲུལ་ཆས་ མ་ལང་པའི་དཀའ་ངལ།

འབྲུག་ལུ་འཛུགས་སྐྱོང་འབད་མི་ ཡོང་ཀ་དེ་ རྒྱ་གར་ལས་ཐོན་མི་དང་ཕྱདཔ་ད་ སྤུས་ཚད་ལེགས་ཤོམ་ཡོདཔ་ལས་ ཚོང་འབྲེལ་གྱི་གོ་སྐབས་ སྦོམ་ཡོདཔ་ཨིན་པས།
དག་འཕེལ་ལུ་ འཛུགས་སྐྱོང་འབད་མི་ ཡོང་ཀ་ཚུ།
༢༩/༡༡/༡༢།  ༉ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་གི་ དག་འཕེལ་དང་ ཏིང་ཏི་སྦིས་ལུ་ཡོད་མི་ ལྟག་མ་གཡུས་ཚན་གྱི་ ཨམ་སྲུ་ཚོགས་པ་གིས་ ས་ཆ་ཨེ་ཀར་ལས་བཅད་དེ་ ཡོང་ཀ་འཛུགས་སྐྱོང་གི་ ལཱ་འབད་དོ་ཡོདཔ་ཨིན་རུང་ ཕྱེ་འཐག་ནི་གི་ འཕྲུལ་ཆས་ཕུད་རྡོག་༡ ལས་ མེད་པ་ལུ་བརྟེན་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༧༥ ལང་མི་ ཨ་རྒས་ཅིག་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ཕོག་ཡོདཔ།


དེ་ཡང་ ཁོ་གིས་ ལོ་ན་མ་སྨིན་པའི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་ཐོག་ ཨ་ལུ་མཚེ་མ་བཟོ་ཡོདཔ་ཨིན་པས།
 
༢༩/༡༡/༡༢། ༉ སྐྱེས་ལོ་༧༥ ལང་མི་ ཨ་རྒས་ཅིག་གིས་ སློབ་ཕྲུག་བུམོ་ སྐྱེས་ལོ་༡༦ ལང་མི་ཅིག་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ཐོག་ལས་ ཨ་ལུ་མཚེ་མ་བཟོ་བའི་ ཉེས་པ་ལུ་བརྟེན་ ཐིམ་ཕུ་རྫོང་ཁག་ཁྲིམས་ཁྲི་༤ གིས་ ཨ་རྒས་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་བཀལ་ནུག།

དགེ་ལེགས་ཕུག་ལུ་ རྩི་སའི་སྤག་ཅུང་བཟོ་གྲྭ་ཁང་ འགོ་དང་པ་ གཞི་བཙུགས་འབད་ཡོདཔ།

དགེ་ལེགས་ཕུག་ལུ་ རྩི་སའི་སྤག་ཅུང་བཟོ་བའི་བསྒང་།
 ༢༩/༡༡/༡༢། ༉ དགེ་ལེགས་ཕུག་ལུ་ འགོ་དང་པ་ཨིན་མི་ རྩི་སའི་སྤག་ཅུང་བཟོ་གྲྭ་ཁང་ སྒོ་ཕྱེ་ཡོད་མི་དེ་གིས་ བཟོ་གྲྭ་འཕྲུལ་ཁང་ལུ་བརྟེན་ གོང་འཕེལ་སྦོམ་འགྱོ་ནིའི་གོ་སྐབས་སྦོམ་ཡོདཔ་ལས་ བཟོ་སྐྲུན་གྱི་མཁོ་འདོད་འགྲུབ་ནི་དང་ ཉེ་འདབས་ཀྱི་ས་གནས་ཚུ་ནང་ བཀྲམ་སྤེལ་འབད་དེ་ ཕན་ཐོགས་འབྱུང་ཚུགས་པའི་རེ་བ་ཡོདཔ་ཨིན་པས།

སཱུན་ཀོཤི་གློག་མེ་ལས་འགུལ་གྱིས་གནོད་མི་ཚུ་ལུ་ ས་ཚབ་དང་ རྒུད་འཐུས་ ལཱ་གཡོག་གི་གོ་སྐབས་བྱིན་ནི།

གློག་ཤུགས་མེ་ག་ཝཱཊ་༢,༥༦༠ ཐོན་སྐྱེད་འབད་ནི་ཨིན་མི་ སཱུན་ཀོཤི་གཙང་ཆུ།
 ༢༩/༡༡/༡༢། ༉ དུས་ཅིའི་ལོ་མཇུག་དང་ ཡང་ཅིན་ སང་ཕོད་ཀྱི་ལོ་ འགོ་བཙུགས་ཁམས་ཅིག་ལུ་ འགོ་བཙུགས་ནི་ཨིན་མི་ སཱུན་ཀོཤི་གློག་མེ་ལས་འགུལ་དེ་ དར་དཀར་ནང་རྫོང་ཁག་ ལྷ་མོའི་རྫིང་ཁ་ཁྲོམ་ལས་ ཞིང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༡༧ ལྷགཔ་ཅིག་ འགྱོ་དགོ་པའི་ས་གནས་ནང་ བཟོ་བཀོད་འབད་ནི་ཨིན་པས།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

ཁྲིམས་སྲུང་འགག་པ་ཚུ་ བརྟག་ཞིབ་འབད་ནི་དང་འབྲེལ་བའི་ སྦྱོང་བརྡར་འབད་བའི་བསྒང་།
 ༢༩/༡༡/༡༢། ༉ ད་ལས་ཕར་ རྫོང་ཁག་༢༠ ག་རའི་ནང་ ཁྲིམས་འགལ་དང་འབྲེལ་བའི་གནད་དོན་ཚུ་ གཅིག་མཚུམས་དང་ སྙོམས་ཏོག་ཏོ་གི་ཐོག་ལས་ ཞིབ་དཔྱད་འབདཝ་ད་ ཁེ་ཕན་འབྱུང་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་ཚུ་ལུ་ བརྟག་ཞིབ་འབད་ནི་དང་འབྲེལ་བའི་ སྦྱོང་བརྡར་ལས་རིམ་ཅིག་ དབང་འདུས་ཕོ་བྲང་ལུ་སྦེ་ འགོ་འདྲེན་འཐབ་མི་དེ་ འདས་པའི་བདུན་མཐའ་ནང་ མཇུག་བསྡུ་ཡི།

གཞལམ་སྒང་ལུ་ རྒེད་འོག་ལྟེ་བ་༣ ནང་ འཁོར་ལམ་གྱི་ སྦྲེལ་མཐུད་མེདཔ།

༢༨/༡༡/༢༠༡༢   ༉ རྒྱལ་ཁབ་ནང་ རྫོང་ཁག་ཚུ་གི་གྲས་ལས་ གོང་འཕེལ་དུམ་གྲ་ཅིག་ལས་མ་འགྱོ་མི་ གཞལམ་སྒང་རྫོང་ཁག་ནང་ རྒེད་འོག་ལྟེ་བ་༨ ཡོད་ས་ལས་ ལྟེ་བ་༣ ནང་ ད་ཚུན་གྱི་བར་ན་ཡང་ འཁོར་ལམ་བཏོན་མ་ཚུགས་པར་ཡོདཔ་མ་ཚད་ གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ ཁྱབ་ཚད་ཡང་ བརྒྱ་ཆ་༤༠ མ་གཏོགས་མེདཔ་ཨིན་པས།

སྐྱེས་ལོ་༦ ལང་མི་ བུམོ་ཅུང་ཅིག་ བཙན་ཁྲིད་འབད་ཡོདཔ།

༢༨/༡༡/༢༠༡༢  དེ་བཟུམ་སྦེ་ བཙན་ཁྲིད་འབད་མི་ གཡུས་སྒོའི་རྩིསཔ་དེ་ཡང་ ད་ལྟོ་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་ཚུ་ མེདཔ་ཨིན་པས།
༉ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ས་མཚམས་སྒོ་ར་ལས་ གོམ་ཐེངས་དག་པ་ཅིག་ཁར་ སློབ་གྲྭའི་འཛུལ་སྒོ་ཡོད་པའི་ཕྱི་ཁར་ལས་ བཙན་ཁྲིད་འབད་མི་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ བློ་གསར་སློབ་རིམ་ནང་ དཔེ་ཆ་ལྷབ་མི་བུམོ་ སྐྱེས་ལོ་༦ ལང་མི་དེ་ ད་ལྟོའི་བར་ན་ཡང་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་ཚུ་ མེདཔ་ཨིན་པས།

སྐྱེས་ལོ་༦ ལང་མི་ བུམོ་ཅུང་ཅིག་ བཙན་ཁྲིད་འབད་ཡོདཔ།

༢༨/༡༡/༢༠༡༢   དེ་བཟུམ་སྦེ་ བཙན་ཁྲིད་འབད་མི་ གཡུས་སྒོའི་རྩིསཔ་དེ་ཡང་ ད་ལྟོ་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་ཚུ་ མེདཔ་ཨིན་པས།

དངུལ་ཁང་གི་ འཛོལ་བ་ཨིན་རུང་ ཁྲིམས་ཀྱི་འགན་འཁྲི་མེད་པའི་ཉོགས་བཤད།

༢༨/༡༡/༢༠༡༢   ཡོངས་འབྲེལ་ཞབས་ཏོག་ལག་ལེན་ཐོག་ དངུལ་ཀྲམ་ས་ཡ་༢.༢༣ ཚུལ་མིན་ཐོག་ བཏོན་འབག་པའི་རྩོད་གཞི་ ཆེ་མཐོ་ཁྲིམས་འདུན་ལུ་ལྷོད་ནུག།
 ༉ འབྲུག་རྒྱལ་ཁབ་ནང་ དངུལ་ཁང་གི་ ཡོངས་འབྲེལ་ཞབས་ཏོག་ཐོག་ལས་ མི་གཞན་གྱིས་ ཏི་རུ་བཏོན་འབག་པའི་ རྩོད་དོན་འགོ་དང་པ་ཐོན་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་བཞིན་དུ་ ཁ་ཙ་ རྩ་ཕན་ཚུ་གི་ ཁུངས་གསལ་སྙན་གསན་དང་པ་མཛད་པའི་སྐབས་ ཁྲིམས་ཁྲི་དང་པའི་དྲང་དཔོན་གྱིས་ འབྲུག་གི་དངུལ་ཁང་གི་ངོ་ཚབ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགོ་དཔོན་ལུ་ དངུལ་ཁང་གི་ ཁ་ཐུག་ལས་ འགན་འཁྲི་ལུ་ འཐུས་ཤོར་ཡོད་མེད་དབྱེ་ཞིབ་ཐོག་ ཤུལ་མའི་སྙན་གསན་སྐབས་ ཞུ་དགོ་པའི་ བཀའ་རྒྱ་གནང་ཡི།

སྡེ་ཚན་གྱི་བར་ན་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི།

༢༨/༡༡/༢༠༡༢    ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ རང་ལུགས་སྤག་ཤིང་མདའ་གཞུའི་ཐོག་ལས་ སྡེ་ཚན་༤ གི་བར་ན་ འགྲན་བསྡུར་འབདཝ་ད་ ཉིནམ་དང་པའི་ནང་ སྡེ་ཚན་ག་གིས་ཡང་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།

དེང་སང་ལམ་ལུགས་ནང་ ན་གཞོན་གྱི་བློ་སེམས་ འགྱུར་ཐབས་འབད་དགོཔ།

ལས་ཁུངས་གཞན་ཁའི་ ངོ་ཚབ་ཚུ་གིས་ཡང་ གྲོས་འཛོམས་ནང་ བཅའ་མར་གཏོགས་པའི་བསྒང་།
༢༨/༡༡/༢༠༡༢   ༉ འབྲུག་པའི་ན་གཞོན་ཚུ་ ཡིག་ཚང་ནང་གི་ལཱ་གཡོག་འབད་ནི་ལས་ ལུས་སྦྱོང་ ལག་ཤེས་ལཱ་གཡོག་གི་ གོ་སྐབས་ལེན་ཐབས་ལུ་ བློ་སེམས་འགྱུར་ནིའི་ཐབས་ལམ་བཏོན་དགོཔ་དེ་ གལ་གནད་ཅན་ཅིག་ཨིན་ཟེར་བའི་ བརྗོད་དོན་ཐོག་ལུ་ ཁ་ཙ་ དུས་ཡུན་ཆུ་ཚོད་༨ ཀྱི་རིང་ རྒྱལ་ཡོངས་ ལཱ་གཡོག་གྲོས་བསྡུར་ཞལ་འཛོམས་ཅིག་ འཚོགས་ཡོདཔ་ཨིན་པས།

བེར་ཏི་གཡུས་ཚན་ནང་ ཡན་ལག་སློབ་གྲྭ་མེད་པའི་དཀའ་ངལ།

༢༨/༡༡/༢༠༡༢   སང་ཕོད་ཀྱི་ལོ་ནང་ བེར་ཏི་གཡུས་ཚན་ལས་ ཨ་ལུ་༡༠ དེ་ཅིག་ བློ་གསར་སློབ་རིམ་ནང་འཛུལ་ནི་གི་ ལོ་ཚད་ལང་ཡོདཔ་ལས་ ཕམ་ཚུ་ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
 ༉ གཡུས་ཚན་ནང་ ཡན་ལག་སློབ་གྲྭ་ཅིག་ མེད་པ་ལུ་བརྟེན་ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་ བེར་ཏི་གཡུས་ཚན་གྱི་ སློབ་ཕྲུག་ཨ་ལུ་ཚུ་ ཏིང་ཏི་སྦིས་ལུ་འགྱོ་དགོཔ་ལས་ སློབ་ཕྲུག་ཚུ་གི་ཕམ་ལ་ལུ་ཅིག་ ཁྱིམ་འཚོལ་ཏེ་ ཁང་གླར་བཞག་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ལྟག་མ་ལུ་སྡོད་མི་ ཁོང་རའི་ སྤུན་ཆ་ཚུ་དང་གཅིག་ཁར་ བཞག་དོ་ཡོདཔ་ཨིན་པས།
ཏིང་ཏི་སྦིས་ལུ་ ཨ་ལུ་ཕྱད་པར་འགྱོ་མི་ བེར་ཏི་གཡུས་ཚན་ལས་ སྐྱེས་ལོ་༣༢ ལང་མི་ གཅེས་གཅེས་ལ།

དབང་ཚད་ལོག་སྤྱོད་འབད་མི་ལུ་ བཙོན་ཁྲིམས་ལོ་༡ ལས་ ལོ་༢ ལྷགཔ་ཅིག་བཀལ་ཡོདཔ།

༢༨/༡༡/༢༠༡༢   ༉ མོང་སྒར་ལུང་ཕྱོགས་ཀྱི་ འོང་འབབ་དང་བཅའ་དམ་ཡིག་ནང་ ལཱ་འབད་མི་རྩ་ཕན་༣ གྱིས་ ལྷན་བསྡོམས་ཐོག་ལས་ ཡིག་ཆ་བརྫུས་མ་བཟོ་སྟེ་ སྒེར་སྤྱོད་འབད་མི་ཚུ་ལུ་ མོང་སྒར་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་ཡོད་པའི་ཁར་ མ་དངུལ་སྒེར་སྤྱོད་འབད་མི་ཚུ་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།

རྩོད་བཤེར་གྱི་བྱ་རིམ་ སྤྱི་ཟླ་༡༢ པའི་ཚེས་༣ ལས་ འགོ་བཙུགས་ནི།

༢༧/༡༡/༢༠༡༢   ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་འབད་མི་༧༥ ཆ་མཉམ་ར་ ཁྲིམས་འདུན་ལུ་འབོ་ནི།
 ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་ནང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་གྱི་ སྙན་གསན་དེ་ ཤུལ་མའི་བདུན་ཕྲག་ནང་མ་གཏོགས་ འགོ་མི་བཙུགས་ཟེར་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་ཨིན་པས།

འདས་པའི་ཟླཝ་༦ ནང་ ཨེཆ་ཨའི་བི་ནད་འབུབ་ཐོབ་མི་གསརཔ་༦ ངོས་འཛིན།

༢༧/༡༡/༢༠༡༢   ལོ་ངོ་༡༩ འི་ནང་འཁོད་ལུ་ ཨེཆ་ཨའི་བི་ནད་འབུབ་ཐོབ་མིའི་གྱངས་ཁ་༢༩༧ ལུ་ ཡར་འཕར་སོང་ནུག།
 ༉ གསོ་བའི་ལྷན་ཁག་གིས་ སྤྱི་ཟླ་༦ པ་ལས་༡༡ པའི་བར་ན་ དུས་ཡུན་ཟླཝ་༦ གི་ནང་འཁོད་ལུ་ ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའི་བི་ནད་འབུབ་ཐོབ་མི་གསརཔ་༦ ངོས་འཛིན་འབད་ཡི་ཟེར་ ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

འབྲུག་མི་ཅིག་གིས་ ཀ་ར་ཏི་རྩེད་འགྲན་ནང་ལས་ གསེར་གྱི་རྟགས་མ་ཐོབ་ཡོདཔ།

༢༧/༡༡/༢༠༡༢   ༉ འབྲུག་ལུ་ ཀ་ར་ཏི་སློབ་སྟོན་པ་འགོ་དང་པ་ཨིན་མི་ ཨོ་རྒྱན་དབང་ཕྱུག་གིས་ འདས་པའི་བདུན་ཕྲག་ནང་ ཇ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ལུ་ འགོ་འདྲེན་འཐབ་མི་ འཛམ་གླིང་ཀ་ར་ཏི་རྩེད་འགྲན་ནང་ འབྲེལ་གཏོགས་འབད་དེ་ ཕོ་སྐྱེས་གནས་རིམ་ སྐེ་རགས་ནགཔོ་གི་ སྡེ་ཚན་ནང་ལས་ གསེར་གྱི་རྟགས་མ་ཐོབ་ཡོདཔ་ཨིན་པས།

སངས་རྒྱས་མཁའ་འགྲོ་གིས་ འབྲུག་ཕུན་སུམ་ཚོགས་པའི་ཁ་ཐུག་ལས་ར་ དོ་འགྲན་འབད་དགོ་པའི་རེ་བ།

༢༧/༡༡/༢༠༡༢   དེ་འབདཝ་ད་ སྲིད་ཚོགས་གཞན་ཚུ་ལས་ཡང་ མཁོ་འདོད་བཀོད་མི་ ལེ་ཤ་ཐོན་དོ་ཡོདཔ་ལས་ ད་ལྟོ་ ཏན་ཏན་སྦེ་ སླབ་མི་ཚུགས་པས་ཟེར་ཨིན་པས།
༉ བསམ་རྩེ་ལུ་སྡོད་མི་ མང་ཤོས་ཅིག་གིས་ར་ སང་ཕོད་ཀྱི་ སྤྱི་ཚོགས་ཐེངས་༢ པའི་བཙགས་འཐུའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ཁ་ཐུག་ལས་ སིབ་སུ་འདེམས་ཁོངས་ཀྱི་དོན་ལུ་ བསྟན་འབྲུ་ལས་ སྤྱི་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་གིས་ བཅའ་མར་གཏོགས་ནི་སྦེ་ སླབ་དོ་ཡོདཔ་ཨིན་རུང་ སངས་རྒྱས་མཁའ་འགྲོ་གིས་འབད་བ་ཅིན་ མ་གཞི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་དེ་ ངེས་བདེན་ཨིན་རུང་ སྲིད་ཚོགས་ག་ནང་ འཛུལ་ཞུགས་འབད་ནི་ཨིན་ན་ སེམས་ཐག་མ་བཅད་པར་ ཡོད་ཟེར་ཨིན་པས།

ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ལོ་༣ དང་༦ གི་བར་ན་བཀལ་ཡོདཔ།

༢༧/༡༡/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༡ གི་ དྲོ་པ་ཁམས་ཅིག་ཁར་ ཐིམ་ཕུ་མུ་ཏིག་ཐང་ལུ་ ཨ་མཱན་ཀོ་ར་བཟའ་ཁང་ལས་ འཕྲོག་བཅོམ་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༦ དང་ གཞན་མི་དེ་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།

ལོ་ན་རྒས་རུང་ རྐྱང་ཕྱག་འཚལ་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ།

༢༧/༡༡/༢༠༡༢   ༉ དད་དམ་ཅན་གྱི་ཕོ་སྐྱེས་གཅིག་གིས་ ཐིམ་ཕུ་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ལས་ རྟ་མགོ་ཚུན་ཚོད་ རྐྱང་ཕྱག་འཚལ་ཏེ་ འགྱོ་བའི་བསྒང་ཡོདཔ་ད་ བདུན་ཕྲག་༡ དེ་ཅིག་ལུ་ ཁོ་གིས་ རྟ་མགོ་ལུ་ ལྷོད་ཚུགས་ནི་ཨིན་པས། 

དུས་ཅི་ ཚལ་ལུའི་གོང་ཚད་ མར་བབས་སོང་ཡོདཔ།

༢༧/༡༡/༢༠༡༢   ཚལ་ལུ་ཌི་སི་ཨེམ་ཊཱག་༡ ལུ་ ཉུང་ཤོས་དངུལ་ཀྲམ་༣༥,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༦༧,༠༠༠ དེ་ཅིག་ལས་ ཐོབ་མི་ཚུགས་དོ་ཡོདཔ་ཨིན་པས།
༉ ད་རེས་ནངས་པ་ དགེ་ལེགས་ཕུག་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་གདོང་ཁར་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་མི་ ཚལ་ལུའི་རིན་བསྡུར་ འགོ་བཙུགས་ཡོདཔ་ཨིན་རུང་ འདས་པའི་ལོ་དང་ཕྱདཔ་ད་ ཚལ་ལུའི་གོང་ཚད་ཚུ་ ལེ་ཤ་གིས་ མར་བབས་སོང་ཡོདཔ་ལས་ ཚལ་ལུ་བཀྲམ་སྤེལ་བ་ཚུ་ སེམས་ཕམ་བྱུང་སྟེ་ཡོདཔ་ཨིན་པས།

ཡིག་ཆ་བརྫུས་བཟོ་ཐོག་ རང་སོའི་འབབ་ཁུངས་ཀྱི་ཁྲལ་ སྒེར་སྤྱོད་འབད་བའི་ཉེས་ཁྲིམས།

༢༧/༡༡/༢༠༡༢   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་ལས་ རྩོད་ཟླ་ཟླ་བ་ཚེ་རིང་གིས་ ཡིག་ཚང་གི་ལཱ་འབདཝ་ད་ འབྲུག་གཞུང་གི་ རང་སོའི་འབབ་ཁུངས་ཀྱི་ ཁྲལ་རིགས་ལས་བྱུང་བའི་ འོང་འབབ་ཚུ་ དྲན་ཤེས་ཀྱི་སྒོ་ལས་ མི་ངོ་བརྫུས་མ་བཟོ་སྟེ་ སྒེར་སྤྱོད་འབད་ཡོདཔ་ལས་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༦ བཀལ་ཡོདཔ་མ་ཚད་ ལྐོག་ཟ་འབད་མི་ཏི་རུ་ཚུ་ གཞུང་ལུ་ སོར་ཆུད་འབད་དགོཔ་ཨིན་པས།

མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ལཱ་ཚུ་ ལེགས་ཤོམ་འགྱོ་དོ་ཡོདཔ།

༢༦/༡༡/༢༠༡༢   ༉ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ལཱ་འགོ་བཙུགས་ཏེ་ ཟླཝ་༦ དེ་ཅིག་ལས་ མ་ལང་རུང་ ལཱ་ཚུ་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།

སོ་ནམ་པ་ཅིག་ལུ་ ཉེས་ཆད་དངུལ་ཀྲམ་༧༠,༠༠༠ བཀལ་ཡོདཔ།

༢༦/༡༡/༢༠༡༢   ༉ དབང་འདུས་ཕོ་བྲང་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ རུས་སྦིས་རྒེད་འོག་ལས་ཨིན་མི་ སོ་ནམ་པ་ཅིག་གིས་ ཚུལ་མིན་ཐོག་ལས་ དྲ་ཤིང་བཏོན་མི་ལུ་བརྟེན་ ཉེས་ཆད་དངུལ་ཀྲམ་༧༠,༠༠༠ བཀལ་ཡོདཔ་ཨིན་པས།

འབྲུག་དབང་རྒྱལ་རྩེད་འགྲན་ནང་ རྒས་རིམ་སྡེ་ཚན་གཉིས་ཀྱིས་ དཔེ་སྟོན་དང་ ཤུལ་བཞག།

༢༦/༡༡/༢༠༡༢   ༉ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ སྤ་རོ་རྫོང་ཁག་ཤ་རི་རྒེད་འོག་ལས་ གཡུས་སྒོའི་མི་གནགཔ་ སྐྱེས་ལོ་༥༠ ལས་༧༠ ཀྱི་བར་ན་ འབད་མི་རྒས་ཤོས་ ཀརྨ་སྣུམ་འཁོར་བཅོས་ཁང་སྡེ་ཚན་ཚུ་གིས་ རང་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་འབད་ནིའི་ནང་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ རྩེད་འགྲན་འབད་མི་དེ་གིས་ མ་འོངས་ན་གཞོན་ཚུ་ལུ་ ག་ཅི་དེ་ དཔེ་སྟོན་བཟང་པོ་ཅིག་ཨིན་པས།

དགྲ་འདུལ་གྱིས་ ཕུཊ་བཱོལ་རྩེད་འགྲན་ཐེངས་༣ པ་ལས་ ཨང་དང་པ།

༢༦/༡༡/༢༠༡༢   ༉ ཐིམ་ཕུ་ཁྲིམས་སྲུང་འགག་སྡེའི་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ ཁ་ཙ་ དགྲ་འདུལ་དང་ ཨེ་བི་སི་ལྟ་བཤལ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་རྩེད་འགྲན་འབདཝ་ད་ དགྲ་འདུལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ཨང་དང་པ་ཐོན་ཡོདཔ་ཨིན།

སྤྱི་ལོ་༢༠༡༣ གྱི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མིའི་ཚོད་རྩིས།

༢༦/༡༡/༢༠༡༢   ༉ འབྲུག་གི་སྲིད་ཚོགས་ཚུ་གིས་ མ་དངུལ་གྱི་ གནས་སྟངས་དང་བསྟུན་པའི་ སྐུལ་བསྒྲགས་འགོ་འདྲེན་འཐབ་ནིའི་དོན་ལུ་ གཙོ་བོ་ར་ ཚོགས་རྒྱན་བཙུགས་མི་གི་ མི་རློབས་ཀྱི་ཚད་གཞི་ལུ་ གཞི་བཞག་སྟེ་འབད་བ་ཅིན་ སྐུལ་བསྒྲགས་དོན་སྨིན་ཅན་ཅིག་ འབྱུང་ཚུགས་པའི་འོས་འབབ་དང་བསྟུན་ ཚོགས་རྒྱན་བཙུགས་མིའི་ མི་རློབས་ཀྱི་ཚོད་རྩིས་དེ་ མཐོ་ཤོས་ར་ ཤར་ཕྱོགས་ཀྱི་ ལུང་ཕྱོགས་ཚུ་ནང་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།

དཔལ་ལྡན་ལྷ་མོའི་བླ་མཚོ་ སྐམ་འགྱོ་བའི་ཚ་གྱང་།

 ༢༦/༡༡/༢༠༡༢   མཚོ་མཇལ་བར་འགྱོ་མི་ཚུ་གིས་ ཕྱགས་སྙིགས་རག་རོག་ཚུ་ མཚོ་ནང་བཀོག་མི་ལུ་བརྟེན་ གྲིབ་ཞུགས་ཏེ་ སྐམ་འགྱོ་དོ་ཡོདཔ་འོང་ནི་མས་ཟེར་ཨིན་པས།
 ༉ ལྷ་མོའི་རྫིང་ཁ་ཁྲོམ་ལས་ གནམ་བྱཱར་གྱི་དུས་ཚོད་ལུ་ཐོན་མི་ ཆུ་ལམ་བདའ་སྟེ་ དུས་ཡུན་སྐར་མ་༤༥ དེ་ཅིག་ འགྲུལ་བསྐྱོད་འབད་དགོ་པའི་ ས་གནས་ནང་ དཔལ་ལྡན་ལྷ་མོའི་བླ་མཚོ་ཡོད་མི་དེ་ འདས་པའི་ལོ་ཚུ་ནང་ རྒྱ་ཆེ་དྲགས་སྦེ་ར་ སྐམ་འགྱོ་དོ་ཡོདཔ་སྦེ་ མི་སེར་ཚུ་གིས་ སླབ་ཨིན་པས།

བེར་ཏི་གཡུས་ཚན་ནང་ བླམ་ཆོསཔ་མེད་པའི་དཀའ་ངལ།

༢༦/༡༡/༢༠༡༢   གསོན་གཤིན་གྱི་ རིམ་གྲོ་ཚུ་འབད་བའི་སྐབས་ལུ་ བླམ་ཆོསཔ་ཚུ་ ཐག་རིང་ས་ལས་ འཚོལ་བར་འགྱོ་དགོ་ནི་དེ་གིས་ དཀའ་སྡུག་བྱུངམ་མས་ཟེར་ཨིན་པས།
༉ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་གི་ བེར་ཏི་གཡུས་ཚན་ནང་ བླམ་ཆོསཔ་ ཕུད་རྡོག་༡ ཡང་མེད་ནི་དེ་གིས་ གཡུས་ཁའི་མི་ཚུ་ ལོ་ཆོག་གཏང་ནི་དང་ གཡུས་ཚན་ནང་ ན་ཚ་རེ་འབྱུང་པའི་སྐབས་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།

དབང་ཆེན་སྐབས་ལུ་ ཉེ་བར་མཁོ་བའི་ཞབས་ཏོག་མཐུན་རྐྱེན་ཚུ་ ལེགས་ཤོམ་བྱིན་ནི།

༢༦/༡༡/༢༠༡༢   དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་དེ་ སྤུ་ན་ཁ་ལུ་སྦེ་ གནང་དགོ་མི་དེ་ཡང་ བདེ་མཆོག་འཁོར་ལོ་སྡོམ་པའི་ གནས་ཡོད་ནི་དེ་གིས་ཨིན་པས།
༉ དུས་ཅི་ སྤུ་ན་ཁ་ལུ་སྦེ་ འགོ་དང་པ་ མི་མང་ལུ་ གནང་ནི་ཨིན་མི་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ བཀའ་དབང་གི་དོན་ལུ་ བཅའ་སྒྲིག་རྐྱབ་པའི་བསྒང་ཡོད་མིའི་གྲུབ་འབྲས་ ལྟ་རྟོག་འབད་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག་གིས་གཙོས་པའི་ ལྷན་ཁག་དང་ ལས་སྡེའི་ ཆེ་མཐོའི་འགོ་དཔོན་སྡེ་ཚན་ཚུ་གི་བར་ན་ སྤུ་ན་ཁ་ ཁུ་རུ་ཐང་ དམ་ཆེན་བཟའ་ཁང་ནང་སྦེ་ ཞལ་འཛོམས་ཅིག་འཚོགས་ཅི།

ཆར་ཆུ་བསྡུ་གསོག་གིས་ ཆུའི་དཀའ་ངལ་སེལ་ཡོདཔ།

༢༦/༡༡/༢༠༡༢   ༉ ལོ་༨ དེ་ཅིག་གི་ཧེ་མར་ པདྨ་དགའ་ཚལ་དགོན་པ་སིང་མ་འབྲིང་རིམ་སློབ་གྲྭའི་ ཕྱི་སྡོད་སློབ་ཕྲུག་ཚུ་ དྲོ་པ་སློབ་གྲྭ་ནང་འགྱོཝ་ད་ སློབ་དེབ་རྐྱངམ་གཅིག་མིན་པར་ སློབ་ཕྲུག་རེ་གིས་ འཐུང་ཆུ་ལི་ཊར་༥ རེ་ འབག་དགོཔ་ཨིན་པས།

མོང་སྒར་ལུ་ ཁྲོམ་ས་བགོ་བཀྲམ་གྱི་སྙན་གསན་ རེས་གཟའ་ལྷག་པ་ལུ་ འགོ་བཙུགས་ནི།

༢༤/༡༡/༢༠༡༢   འདི་དང་གཅིག་ཁར་ ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ཀྱི་ དགོངས་ཕོག་བཀའ་རྒྱ་དང་འབྲེལ་བའི་ གྲོས་ཆོད་ཡང་ འཕྲལ་མགྱོགས་ར་ བཏོན་ནི་ཨིན་རུང་ དེ་གི་བར་ན་ ཆེ་མཐོ་ཁྲིམས་འདུན་གྱི་ གནས་སྐབས་བཀའ་རྒྱ་ལུ་ ཆ་གནས་འབད་དགོཔ།
༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཚུ་ལས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་རྙོགས་ནང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ དགོངས་ཕོག་བཏོན་དགོཔ་དང་ བཏོན་མ་དགོ་པའི་ ཁུངས་གསལ་སྙན་གསན་ཐེངས་༢ པ་མཛདཔ་དང་འབྲེལ་ དེ་གི་གྲོས་ཆོད་ འཕྲལ་མགྱོགས་ར་ བཏོན་འོང་ཟེར་ ཁྲིམས་སྤྱི་ངོ་ཚབ་ སངས་རྒྱས་མཁའ་འགྲོ་གིས་ བཤད་ཅི།

དབང་བཙོང་ལུས་འབྲེལ་འབད་ནི་ལུ་ དཔའ་བཅམ་པའི་དོགས་པ།

༢༤/༡༡/༢༠༡༢   ༉ དགེ་ལེགས་ཕུག་ལུ་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་མི་ དོགས་པ་ཡོད་མི་ ན་ཆུང་བུཚ་ཅིག་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

འབྲུག་ཕུཊ་བཱོལ་ལིག་གི་འགྲན་བསྡུར་དང་ གཞི་རིམ་ཆུང་བའི་ སློབ་སྦྱོང་འགོ་བཙུགས་ནི།

༢༤/༡༡/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་ཇི་ཇི་ འབྲུག་ཕུཊ་བཱོལ་ཚོགས་ཁང་ནང་སྦེ་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་གཙོ་འཛིན་དང་ དྲུང་ཆེན་ དེ་ལས་ བརྡ་བརྒྱུདཔ་ཚུ་གི་བར་ན་ གྲོས་བསྡུར་ཞལ་འཛོམས་འཚོགས་མིའི་ནང་ རྒྱལ་ཁབ་ནང་ འགོ་ཐོག་ རྒྱལ་ཡོངས་ཕུཊ་བཱོལ་འགྲན་བསྡུར་འབད་ནི་དང་ གཞི་རིམ་ཕུཊ་བཱོལ་སློབ་སྦྱོང་བཙུགས་ནིའི་སྐོར་ལས་ གྲོས་བསྡུར་བྱུང་ཡོདཔ་ཨིན་པས།

སྲིད་ཚོགས་ཀྱིས་ ཡུན་བརྟན་ཐོག་ མ་འོངས་རྒྱུན་སྐྱོང་ལུ་ ཚ་གྱང་མེདཔ།

༢༤/༡༡/༢༠༡༢   ༉ དམངས་གཙོའི་རིང་ལུགས་ནང་ སྲིད་ཚོགས་ཚུ་གིས་ བཙག་འཐུ་འགོ་བཙུགས་ཞིནམ་ལས་ མཇུག་བསྡུཝ་ད་ སྲིད་ཚོགས་ཀྱི་འགན་འཁྲི་མཇུག་བསྡུཝ་མེན་པར་ སྲིད་ཚོགས་ཐོ་བཀོད་གྲུབ་ཞིནམ་ལས་ འགན་ལེན་ཐོག་ ཡུན་བརྟན་གནས་དགོཔ་དེ་ གལ་ཆེ་ནི་ཨིན་པས།

ཁྲོ་མང་ལྷ་ཁང་ཉམས་སྐྱོན་ཤོར་དོ་ཡོདཔ།

༢༤/༡༡/༢༠༡༢   ༉ བཀྲིས་སྒང་རྫོང་ཁག་ གཤོང་ཕུག་རྒེད་འོག་ནང་ མི་ལོ་༡༠༧༠ ལང་མི་ ཁྲོ་མང་ལྷ་ཁང་དེ་ རམ་འགྱོ་ནི་གི་ གནས་སྟངས་གུ་ ཐུག་ཡོད་མི་གིས་མ་ཚད་པར་ ཆོས་འབུམ་པོ་ཏི་༡༦ ཡོད་མི་ཚུ་ཡང་ ཉམས་སྐྱོན་ཤོར་དོ་ཡོདཔ་ཨིན་པས།
ཁྲོ་མང་ལྷ་ཁང་གི་དཀོན་གཉེར་ བཀྲིས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཆོས་པོ་ཏི་༡ གི་ དཔེ་ཆ་ཤོག་གྲངས་༥༢ ལྷགཔ་ཅིག་ ཆརཔ་གིས་ མེདཔ་བཏང་ཡོདཔ་མ་ཚད་ དཔེ་ཆ་གཞན་ཚུ་ཡང་ ཉམས་སྐྱོན་ཤོརཝ་མས་ཟེར་ཨིན་པས།


བཙག་འཐུའི་ཁྲིམས་དོན་ལ་ལུ་ཅིག་ སྲིད་ཚོགས་ཡུན་བརྟན་གྱི་དོན་ལུ་ བསྒྱུར་བཅོས་འབད་དགོཔ།

༢༤/༡༡/༢༠༡༢   སྲིད་ཚོགས་ཀྱི་འཐུས་མི་ཚུ་ ཚོགས་སྡེ་དང་ ས་གནས་གཞུང་གི་བཙག་འཐུ་ཚུ་ནང་ འབྲེལ་གཏེགས་འབད་ནིའི་དོན་ལུ་ སྲིད་ཚོགས་ལས་དགོངས་ཞུ་འབད་དེ་ ལོ་༡ ལང་དགོ་ཟེར་མི་དེ་ འོས་འབབ་མིན་འདུག་ཟེར་ཨིན་པས།
༉ ཁ་ཙ་མཇུག་བསྡུ་མི་ དམངས་གཙོའི་རིང་ལུགས་ནང་ སྲིད་ཚོགས་གཞི་བཀོད་དང་འབྲེལ་བའི་ རིག་རྩལ་གོང་འཕེལ་སྦྱོང་བརྡར་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་མི་དེ་ནང་ དང་འདོད་ཅན་གྱི་ སྲིད་ཚོགས་ཀྱི་འཐུས་མི་ཚུ་གིས་ འབྲུག་ལུ་ སྲིད་ཚོགས་ཚུ་གིས་ འཐུས་མི་འདེམས་ངོ་འཐོབ་ནིའི་ནང་ དོ་འགྲན་སྦོམ་བྱུང་མི་དེ་ གཙོ་བོ་ར་ ཁྲིམས་ལུགས་དམ་དམ་ཡོད་མི་ལུ་བརྟེན་ཨིནམ་སྦེ་བཤད་ཅི།

ན་གཞོན་ཅིག་ལུ་ བཙོན་ཁྲིམས་ལོ་༡༠ དང་ ཉེས་རོགས་ལུ་ ལོ་༣ བཀལ་ཡོདཔ།

༢༤/༡༡/༢༠༡༢   ༉ ལོ་ན་མ་སྨིན་པའི་ ན་གཞོན་༢ ཀྱིས་ ཕོ་སྐྱེས་ཅིག་ བརྡུང་རྫོབ་འབད་ཞིནམ་ལས་ ཏི་རུ་འཕྱོགས་འབག་པའི་ ཁྲིམས་འགལ་བྱ་ངན་འབད་མི་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།

འབྲུག་པའི་ས་ཁོངས་ནང་ ཧམ་འཛུལ་ཐོག་ ལམ་བཏོན་མི་ལུ་ བདེ་སྒྲིག་བཟོ་ནི།

༢༤/༡༡/༢༠༡༢  ༉ རྒྱ་གར་གྱི་མངའ་སྡེ་ ཨ་རུ་ན་ཅཱལ་པར་དེཤ་ ཏ་ཝང་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ བཀྲིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་ གདོང་ཤིང་མ་ལུ་ ཚུལ་མིན་ཐོག་ འཁོར་ལམ་བཏོན་མི་དེ་ བསྒྱུར་བཅོས་ཐོག་ ལམ་གྱི་དཔག་ཚད་སོ་སོ་ལས་ བཏོན་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ལུ་ ད་རུང་ རྫས་བམ་གས་ཡོདཔ།

༢༣/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ ཕྱི་རུའི་ཆུ་ཚོད་༡༠.༡༥ དེ་ཅིག་ཁར་ དགེ་ལེགས་ཕུག་གི་ས་གནས་ བཱུར་ལུ་ རྫས་བམ་ཅིག་གས་ཡོདཔ་ད་ རྫས་བམ་གྱི་གས་རྐྱེན་དེ་ དགེ་ལེགས་ཕུག་ལུ་ ཟླཝ་ལྷགཔ་ཅིག་ནང་ ཐེངས་༣ པ་ཨིན་པས།

རྩ་ཁྲིམས་ཅན་གྱི་ གཙུག་སྡེ་༢ ཀྱིས་ དགོངས་ཕོག་བཀའ་རྒྱ་ཚུ་གི་ བདེན་ཁུངས་བཟང་ནི།

༢༣/༡༡/༢༠༡༢   ༉ ད་རིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འཐུས་ཚབ་ཚུ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ དགོངས་ཕོག་བཏོན་ནི་གི་ འོས་འབབ་ཡོད་ལུགས་དང་ ཕྱོགས་གཞན་གྱི་ ཁ་ཐུག་ལས་ དགོངས་ཕོག་བཀའ་རྒྱ་བསྟར་སྤྱོད་འབད་དགོ་པའི་ ཁུངས་གསལ་ཞུ་ནི་ཨིན་པས།

གྲོགས་པོ་༡༣ གྱིས་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་ལས་རྒྱལ་ཁ།

༢༣/༡༡/༢༠༡༢   ༉ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ ད་ལྟོ་རྩེད་འགྲན་འབད་བའི་བསྒང་ཡོད་མི་ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ ཁ་ཙ་ གྲོགས་པོ་༡༣ དང་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ གྲོགས་པོ་༡༣ གྱིས་ སྐུགས་ཆོད་དཔ་ལས་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཅི།

གྱི་གསོབ་མི་ཕོ་སྐྱེས་ འཛིན་བཟུང་འབད་ཡོདཔ།

༢༣/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ ཐིམ་ཕུ་གླ་འཁོར་བཞག་སའི་ ས་ཁོངས་ཀྱི་སྦོ་ལོགས་ཁར་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་༡ ལུ་ གྱི་གསོབ་བྱིན་མི་ ཉེས་ཅན་ཕོ་སྐྱེས་དེ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ ཁོ་རའི་ ཉེ་ཚན་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཞིནམ་ལས་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

འཆར་གཞི་༡༡ པའི་ནང་ ལཱ་གཡོག་གི་གོ་སྐབས་༡༤༠,༠༠༠ དེ་ཅིག་བཟོ་ནིའི་དམིགས་ཡུལ།

༢༣/༡༡/༢༠༡༢   ༉ ལཱ་གཡོག་ལྷན་ཁག་གི་ གསལ་སྟོན་འབད་མི་ འཆར་ལོ་༢༠༡༡ དང་༢༠༡༢ པའི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ འཆར་གཞི་༡༡ པའི་ནང་ ལཱ་གཡོག་གི་གོ་སྐབས་༡༤༠,༠༠༠ དེ་ཅིག་བཟོ་དགོཔ་སྦེ་ ཡོདཔ་ཨིན་པས།

སོྲས་རྒེད་འོག་ནང་ སྨན་པ་ཐེབས་དགོ་པའི་གྲོས་བསྡུར།

༢༣/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༡༩ ལས་༢༠ ཚུན་ ཐིམ་ཕུ་རྫོང་ཁག་གི་ རྫོང་ཁག་ཚོགས་འདུ་ཐེངས་༣ པ་ འཚོགས་པའི་སྐབས་ སོྲས་རྒེད་འོག་གིས་ སྲོས་གཞི་རྟེན་སྨན་ཁང་ནང་ སྨན་པ་ཐེབས་དགོ་པའི་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༣/༡༡/༢༠༡༢
ཀྲོང་གསར་ལུ་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ས་དོང་སྤེད་ནིའི་ལཱ་ འགོ་བཙུགས་པའི་བསྒང་།
 

འཆར་གཞི་དང་འཁྲིལ་ ལཱ་མཇུག་བསྡུ་མ་ཚུགས་པའི་ཚ་གྱང་།

༢༣/༡༡/༢༠༡༢   ༉ ད་ཚུན་གྱི་རིང་ གཞལམ་སྒང་རྫོང་ཁག་ནང་ གློག་མེའི་ཁྱབ་ཚད་དེ་ བརྒྱ་ཆ་༤༠ རྐྱངམ་གཅིག་ཨིནམ་ལས་ གཞུང་གིས་ སྤྱི་ལོ་༢༠༡༣ ལུ་ གློག་མེ་ཁྱབ་ཚུགསཔ་བཟོ་ནི་གི་ དམིགས་གཏད་བསྐྱེད་མི་དེ་ལུ་ ཐོ་ཕོག་ནི་གི་ ཚ་གྱང་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།

ནགས་ཚལ་མེ་རྐྱེན་ནང་ སྟོང་ཕུ་ཤིང་གི་ས་ཆ་ ཨེ་ཀར་༣༠ དེ་ཅིག་ འཚིགས་ཡོདཔ།

༢༣/༡༡/༢༠༡༢   ༉ སྤུ་ན་ཁ་ མགུ་མ་རྒེད་འོག་ ལཱ་ཁུ་གཡུས་ཚན་ནང་ ནགས་ཚལ་མེ་རྐྱེན་ཤོར་མི་ལུ་བརྟེན་ སྟོང་ཕུ་ཤིང་ཨེ་ཀར་༣༠ དེ་ཅིག་ མེདཔ་བཏང་ཡོདཔ་ད་ ནགས་མེ་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ལུ་ བསད་ཚུགས་ནུག།
ནགས་མེ་ཤོར་བའི་བསྒང་།

སྒྲོམ་མཆོད་མཇལ་མི་ ཉུང་སུ་ཅིག་ལས་མེདཔ།

༢༢/༡༡/༢༠༡༢   ༉ དུས་ཅི་ རྫོང་ཁག་གཞན་ཚུ་ནང་བཟུམ་སྦེ་ ཀྲོང་གསར་རྫོང་ཁག་ནང་ཡང་ ལོ་བསྟར་གྱི་ སྒྲོམ་མཆོད་སྐབས་ལུ་ སྒྲོམ་མཆོད་མཇལ་མི་ ཉུང་སུ་ཅིག་ལས་བརྒལ་ མེདཔ་ཨིན་པས།
ཀྲོང་གསར་རབ་སྡེའི་སྐུ་དྲུང་ ཨོ་རྒྱན་དོན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིན་གྲངས་༣ གྱི་ སྒྲོམ་མཆོད་སྐབས་ལུ་ ཉིནམ་དང་པའི་ནང་ ཞྭ་ནག་འཆམ་དང་ དམངས་འཆམ་ མགོནམ་སྡེ་བརྒྱད་ཀྱི་འཆམ་ཚུ་ མཇལ་ཁ་གནང་པའི་ཁར་ ཉིནམ་༢ པའི་ནང་ གཤིན་རྗེ་ཡབ་ཡུམ་དང་ སྒོ་འཆམ་ དེ་ལས་ ལས་མགོན་གྱི་སྐུ་འཆམ་ཚུ་ རྐྱབ་ནི་ཡོད་ཟེར་ཨིན་པས།

ཀྲོང་གསར་རྫོང་གི་ རྡོ་གཅལ་ནང་ ཞྭ་ནག་འཆམ་རྐྱབ་པའི་བསྒང་།

གྲོང་གཡུས་ལས་ཁྲོམ་སྡེ་ནང་ གནས་སྤོ་འགྱོ་མིའི་གྱངས་ཁ་ ཡར་འཕར།

༢༢/༡༡/༢༠༡༢   སྙན་ཞུ་དང་འཁྲིལཝ་ད་ དུས་ཅིའི་ལོ་ནང་ གྲོང་གཡུས་མི་སེར་༤,༡༦༠ དེ་ཅིག་འབདཝ་ད་ བརྒྱ་ཆ་ལས་༠.༦ དེ་ཅིག་གིས་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
༉ ལས་གཡོག་ལྷན་ཁག་གིས་ གསར་བཏོན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ གྲོང་གཡུས་མི་སེར་ཚུ་ ཁྲོམ་སྡེ་ནང་ གནས་སྤོ་འོང་མི་ལུ་བརྟེན་ རྒྱལ་ཁབ་ནང་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་པའི་ཁར་ དབུལ་ཕོངས་ཀྱི་དཀའ་ངལ་དེ་ བྱུང་བཞིན་དུ་སྡོད་ནི་མས་ཟེར་ཨིན་པས།

སོ་ནམ་ཐོན་སྐྱེད་ཚུ་ལུ་བརྟེན་ དངུལ་ཀྲམ་དང་ རུ་པི་བརྗེ་སོར་ལུ་ཕན་ཁྱད།

༢༢/༡༡/༢༠༡༢   ༉ འབྲུག་ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ཐོན་མི་ སོ་ནམ་ཐོན་སྐྱེད་ཚུ་གི་ནང་ལས་ཡང་ དམིགས་བསལ་དུ་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཚོང་སྒྱུར་ཁང་ལས་ ཀེ་བ་ཉོ་མི་ རྒྱ་གར་གྱི་ ཚོང་པ་ཚུ་གི་དོན་ལུ་ ཀེ་བ་དེ་ རུ་པི་དང་ འབྲུག་གི་དངུལ་ཀྲམ་བརྗེ་སོར་ནང་ ལྷན་ཐབས་འབད་མི་ ཚོང་འབྲེལ་ལེགས་ཤོམ་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
འབྲུག་ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ཉོ་ཚོང་རྐྱབ་སའི་ ཚོང་འབྲེལ་ལྟེ་བ་གཙོ་ཅན་ཅིག་ཨིན་མི་ དཱ་རང་ག་ མེ་ལ་བཱ་ཛར་གྱི་ཁྲོམ།

ཌཱནསི་ཁོ་རེ་ཌཱནསི་གི་ འགོ་འདྲེན་པ་ ལོ་༢ ཀྱི་རིང་ ལས་རིམ་འགོ་འདྲེན་འཐབ་མ་ཆོག་པའི་ བཀའ་རྒྱ་བཏོན་ཡོདཔ།

༢༢/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ ཌཱནསི་ཁོ་རེ་ཌཱནསི་ཟེར་མི་ལས་རིམ་འགོ་འདྲེན་འཐབ་མི་འགོ་དཔོན་གྱིས་ དྲག་ཤོས་ཐོན་མི་ཚུ་ལུ་ གསོལ་རས་ཚུ་  འབྲུག་བརྡ་དོན་རྒྱུན་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ནང་ གྲོས་འཆར་བཙུགས་མི་དང་འགལ་སོཔ་ལས་ གསོལ་རས་ཚུ་ བྱིན་དགོ་པའི་ཁར་ ལོ་༢ ཚུན་ དེ་བཟུམ་མའི་ལས་རིམ་འགོ་འདྲེན་འཐབ་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་པས།

མི་མང་ཤོས་ཀྱིས་ ཕྱགས་སྙིགས་བཀག་འཛིན་དང་ འཛིན་སྐྱོང་སྒྲིག་གཞི་ལུ་ གནས་དོ་ཡོདཔ།

༢༢/༡༡/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༤ པའི་ནང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༢ ཅན་མའི་ ཕྱགས་སྙིགས་བཀག་འཛིན་དང་ འཛིན་སྐྱོང་སྒྲིག་གཞི་གི་ ལག་ལེན་འཐབ་ནི་ འགོ་བཙུགས་ཞིནམ་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཉེས་བྱ་བསྡོམས་ དངུལ་ཀྲམ་༤༣༤,༤༠༠ བཀལ་མི་ལས་ དངུལ་ཀྲམ་༧༨,༧༠༠ བསྡུ་ལེན་འབད་ནུག།
མི་མང་གི་ས་ཁོངས་ཚུ་ནང་ ག་ལྷོད་བཀོག་བཞག་མི་ ཕྱགས་སྙིགས་རག་རོ་ཚུ།
རུལ་བཏུབ་དང་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ བཀོ་སའི་ཧོད།

དགེ་ལེགས་ཕུག་ལུ་ བཀའ་དབང་དང་ ལྗགས་ལུང་གནང་པའི་བསྒང་ཡོདཔ།

༢༢/༡༡/༢༠༡༢   ༉ ཨ་རྟག་འབད་བ་ཅིན་ དགེ་ལེགས་ཕུག་ཁྲོམ་དེ་ ཁུ་སིམ་སིམ་དང་ སྐྱིད་ཏོང་ཏོ་ཅིག་ཨིན་རུང་ འཕྲལ་ཁམས་ཅིག་ཁ་ལས་ སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་པོ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་གི་ མི་མང་རྩེད་ཐང་ནང་ སྟོན་པའི་སྐུ་འདྲའི་ ཉེ་འདབས་ལུ་ རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་བཀའ་འབུམ་གྱི་ བཀའ་དབང་གནང་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཆོས་ཀྱི་སྒྲ་ཚུ་ བག་ཕེབས་ཏོག་ཏོ་སྦེ་ གོཝ་མས།
སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་པོ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ 
རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་ བཀའ་འབུམ་གྱི་ ལྗགས་ལུང་གནང་པའི་བསྒང་།

འབྲུག་ལུ་ བསྐོ་བཞག་འབད་ནི་ཨིན་མི་ རྒྱ་གར་གྱི་གཞུང་ཚབ་གསརཔ་ གཙོ་རིམ་ཅིག་ལུ་གྱུར་ཡོདཔ།

༢༢/༡༡/༢༠༡༢   ༉ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རྩོམ་འབྲི་མཁས་མཆོག་ པ་བཱན་ ཀེ་བར་མ་དེ་ དུས་ཅིའི་ལོ་ མཇུག་བསྡུ་ཁམས་ལས་ དགོངས་ཞུ་འགྱོ་ནི་ཨིནམ་ལས་ འབྲུག་ལུ་ རྒྱ་གར་གཞུང་གི་གཞུང་ཚབ་གསརཔ་ ག་འོང་ནི་ཨིན་ན་ མ་ཤེསཔ་ཨིན་རུང་ རྒྱལ་སྤྱིའི་གནས་ཚུལ་ལས་ཁང་ཚུ་གིས་འབད་བ་ཅིན་ རྒྱ་གར་གྱིས་ འབྲུག་གི་དོན་ལུ་ གཞུང་ཚབ་གསར་བསྐོ་འབད་ནིའི་ཐད་ཀར་ འབྲུག་དང་རྒྱ་ནག་གི་བར་ན་ འཕྲལ་ཁམས་ཀྱི་ ཆེ་རིམ་གཞུང་འབྲེལ་གྱི་ གནས་སྟངས་སེམས་ཁར་བཞག་སྟེ་ བསྐོ་བཞག་འབད་ནི་ཟེར་ཨིན་པས།

བཙན་ཁྲིད་འབད་དེ་ ཉིནམ་༥ ལང་རུང་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་མེདཔ།

༢༡/༡༡/༢༠༡༢   ༉ གསར་སྤང་རྫོང་ཁག་ དགའ་སྐྱིད་གླིང་རྒེད་འོག་ནང་ལས་ ད་རུང་ ཕོ་སྐྱེས་ཅིག་ བཙན་ཁྲིད་འབད་དེ་ ཞག་གྲངས་༥  དེ་ཅིག་ ལང་ཡོདཔ་ཨིན་རུང་ ད་ལྟོ་ཡང་ ཉམས་རྒུདཔ་དེ་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་མེདཔ་ཨིན་པས།

ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ དགོངས་ཕོག་འགྱོ་མ་དགོཔ།

༢༡/༡༡/༢༠༡༢   རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་བ་ཕུལ་མི་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་གྱིས་ དགོངས་ཕོག་བཀའ་རྒྱ་ གནས་སྐབས་ཅིག་ བསྟར་སྤྱོད་འབད་མ་དགོ་པའི་ བཀའ་རྒྱ་གནང་ནུག།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུལ་མིན་བགོ་བཀྲམ་དང་འབྲེལ་བའི་ ཉེས་འཛུགས་འབད་མི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ལུ་ དགོངས་ཕོག་གི་ བཀའ་རྒྱ་བཏོན་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ གནས་སྐབས་ཅིག་ མཚམས་འཇོག་བཞག་དགོ་པའི་ བཀའ་རྒྱ་བཏོན་ནུག།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ཨང་དང་པའི་ གསོལ་རས་ཐོབ་ཡོདཔ།

༢༡/༡༡/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢༩ ལས་འགོ་བཙུགས་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ ཀོལ་བཱར་འཛིན་སྐྱོང་གིས་ འགོ་འདྲེནའཐབ་མི་ ལས་ཁུངས་ཁག་གི་བར་ནའི་ ཕུཊ་བཱོལ་རྩེད་འགྲན་དེ་ ཁ་ཙ་ མཐའ་བཅད་འགྲན་བསྡུར་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ གཱོལ་༢ བཙུགས་ཏེ་ ཤེས་རིག་ལྷན་ཁག་ལས་ རྒྱལ་ཁ་ཐོབ་ཅི།
རྒྱལ་ཁ་ཐོབ་མི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྡེ་ཚན།

སྣུམ་འཁོར་གྱི་རྐྱེན་ངན་ནང་ ཕོ་སྐྱེས་ཅིག་ལུ་ཤི་རྐྱེན།

༢༡/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ ཀྲོང་གསར་ཁྲོམ་ལས་ ཀི་ལོ་མི་ཊར་༢༠ ལྷགཔ་ཅིག་ལུ་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་འོག་ལུ་ སྣུམ་འཁོར་ཊུག་སཱན་ཅིག་ ལམ་འོག་ལས་མར་ མི་ཊར་༡༠༠ དེ་ཅིག་ རྦོབ་རིལ་མིའི་ རྐྱེན་ངན་ནང་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་ སྨན་ཁང་ནང་ འབག་སྐྱེལ་བའི་ལམ་ཁར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

གློག་མེ་བཀྲུམ་སྤེལ་གྱི་ལཱ་ མཇུག་བསྡུ་མ་ཚུགས་པར་ལུས་ཡོདཔ།

༢༡/༡༡/༢༠༡༢
 ༉ པདྨ་དགའ་ཚལ་རྫོང་ཁག་ ཕྱི་མུང་རྒེད་འོག་ནང་ སྤྱི་ལོ་༢༠༡༠ གྱི་ལོ་ཕྱེད་ལས་ གྲོང་གསེབ་གློག་མེའི་ ལཱ་འབད་ནི་འགོ་བཙུགས་ཡོད་རུང་ ད་ལྟོའི་བར་ན་ཡང་ ག་ཅི་སྦེ་ ལཱ་མཇུག་མ་བསྡུཝ་ཨིན་ན་ཟེར་ མི་ཚུ་གིས་ བཤདཔ་ཨིན་པས།

སྔར་ཁྱུན་ལམ་སྲོལ་ གློག་རིག་ཡོངས་འབྲེལ་ནང་ བཙུགས་ནིའི་དོན་ལུ་ ཞིབ་འཚོལ་ལས་རིམ།

༢༡/༡༡/༢༠༡༢   ༉ ཀྲོང་གསར་རྫོང་ཁག་གི་ རྒེད་འོག་ཚུ་གི་ ལྷ་ཁང་དང་དགོན་སྡེ་ ལམ་ལུགས་སྲོལ་ གནས་རྩ་ཅན་ཚུ་ རྒྱུན་སྐྱོང་འབད་བཞག་ནིའི་དོན་ལུ་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ཚུ་གིས་ ཞིབ་འཚོལ་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

དབང་ཆེན་གྱི་བཅའ་སྒྲིག་ ཟླཝ་འདི་ནང་མཇུག་བསྡུ་ནི།

དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་དེ་ མ་གཞི་ གྲྭ་ཚང་ཚུ་ལུ་ ཧེ་མ་ལས་ གནང་ཡོདཔ་ཨིན་རུང་ དུས་ཅི་ མི་མང་གི་དོན་ལུ་ གནང་ནི་ཨིན་མི་དེ་ འགོ་དང་པ་ཨིན་པས།


༢༡/༡༡/༢༠༡༢   ༉ དུས་ཅི་ འབྲུག་རྒྱལ་ཁབ་ནང་ འགོ་དང་པ་ འགོ་འདྲེན་འཐབ་ནི་ཨིན་མི་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་གྱི་དོན་ལུ་ སྤུ་ན་ཁ་ལུ་ བཅའ་སྒྲིག་རྐྱབ་པའི་བསྒང་ཡོད་མི་དེ་ སྤྱི་ཟླ་༡༡ པའི་ཟླ་མཇུག་ལུ་ མཇུག་བསྡུ་ནི་ཨིན་པས།


སྤུ་ན་ཁ་ ཐང་བཟང་ནང་ དཀྱིལ་འཁོར་དང་ དབང་ཁང་གི་ བཅའ་སྒྲིག་རྐྱབ་པའི་བསྒང་།

མདའ་རྩེད་འགྲན་བསྡུར་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི།

༢༠/༡༡/༢༠༡༢   ༉ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ འགོ་འདྲེན་ཐོག་ལས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ རང་ལུགས་སྤག་ཤིང་གི་མདའ་གཞུའི་ཐོག་ལུ་སྦེ་ འབྲུག་དབང་རྒྱལ་ མདའ་རྩེད་འགྲན་བསྡུར་རྩེད་འགྲན་ འབད་དོ་ཡོདཔ་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་བློན་པོ་ ནཱན་ད་ལཱལ་ རའེ་དང་ སྡེ་ཚན་གྱི་ ཆ་རོགས་ཚུ་ མདའ་འཆམ་རྐྱབ་པའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༠/༡༡/༢༠༡༢
མི་གིས་ ལེགས་སེམས་བསྐྱེད་དེ་ བཞེས་སྒོ་མ་བྱིན་རུང་ ཁོང་ར་གིས་ གོ་སྐབས་ལེན་ཏེ་ ལྟོ་ཟ་མི་ སྤྱང་ཁྱི་ཚུ།
 

ཏི་རུ་ལེ་ཤ་ཡོད་རུང་ མ་དངུལ་གནམ་མེད་ས་མེད་ གཏང་མ་དགོཔ།

༢༠/༡༡/༢༠༡༢   ༉ དངུལ་ཁང་ལ་ལུ་ཅིག་ ཏི་རུ་མ་ལང་པའི་དཀའ་ངལ་ཐོནམ་དང་བསྟུན་ རྒྱལ་ཡོངས་དགོངས་ཞའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཡིག་ཚང་གིས་ འདས་པའི་རྩིས་ལོ་ནང་ མ་དངུལ་ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས། 

དམངས་གཙོའི་རིང་ལུགས་ནང་ ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་ཤེས་དགོཔ་གལ་ཆེཝ།

༢༠/༡༡/༢༠༡༢    ༉ སྤྱི་ལོ་༢༠༠༨ ལུ་ འགོ་འདྲེན་འཐབ་མི་ སྤྱི་ཚོགས་ཀྱི་ འགོ་ཐོག་བཙག་འཐུའི་སྐབས་ འོས་འབབ་ཅན་གྱི་ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་ རང་སོའི་ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་མ་ཤེས་མི་ལུ་བརྟེན་ ལུས་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ བསམ་རྩེ་ལུ་ མི་རྩིས་ཀྱི་སྐྱིད་སྡུག་གནང་ཡོདཔ།

༡༩/༡༡/༢༠༡༢   ༉ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སྦྱོང་བརྡར་བ་ པདྨ་དབང་མོ་གིས་ སླབ་མིའི་ནང་ ད་ཚུན་གྱི་རིང་ མོ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་མེད་མི་ལུ་བརྟེན་ མི་ཚུ་གིས་ ཉེ་རིང་ཕྱེད་ཡོདཔ་མ་ཚད་ གཞན་ཡང་ དཀའ་ངལ་ལེ་ཤ་ཅིག་ར་ བྱུང་ཡོདཔ་ཨིན་རུང་ ད་ལས་ཕར་ སེམས་ལུ་དགའ་བ་དང་ ཉེན་སྲུང་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།

མེ་རྐྱེན་ཁག་༢ བྱུང་མི་དེ་གིས་ ནགས་ཚལ་ཨེ་ཀར་༧ ལྷགཔ་ཅིག་འཚིགས་ཡོདཔ།

༡༩/༡༡/༢༠༡༢ ༉ ཁ་ཙ་ ཐིམ་ཕུ་རྟ་མགྲིན་གནས་ཀྱི་མཇུག་ལུ་ ནགས་ཚལ་མེ་རྐྱེན་ཤོར་ཏེ་ ནགས་ཚལ་ཨེ་ཀར་༡ ལྷགཔ་ཅིག་ འཚིགས་ཡོད་མི་དེ་ དུས་ཚོད་འདི་ནང་ ཐིམ་ཕུ་རྫོང་ཁག་ནང་ ཐེངས་༢ པ་ཨིནམ་ད་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ ཐིམ་ཕུ་སྡེབ་སི་ལུ་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་གིས་ ནགས་ཚལ་ཨེ་ཀར་བསྡོམས་༦ ལྷགཔ་ཅིག་ འཚིགས་ཡོདཔ་ཨིན་པས།
ཐིམ་ཕུ་ རྟ་མགྲིན་གནས་ཀྱི་མཇུག་ལས་ ནགས་མེ་ཤོར་བའི་བསྒང་།

བསྐྱིན་འགྲུལ་མ་དངུལ་ ཡར་སེང་འབད་བའི་མངོན་གསལ།

༡༩/༡༡/༢༠༡༢   ༉ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱིས་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ ལོ་བསྟར་སྙན་ཞུ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ དུས་ཅི་ རྒྱལ་ཁབ་ནང་ མ་དངུལ་དང་འབྲེལ་བའི་དཀའལ་ངལ་བྱུང་མི་ལུ་བརྟེན་ ལས་སྡེའི་བསྐྱིན་འགྲུལ་ཞབས་ཏོག་ཚུ་ ཚད་འཛིན་དང་ མཚམས་འཇོག་འབད་དགོཔ་བྱུང་ཡོད་རུང་ སྤྱིར་བཏང་བསྐྱིན་འགྲུལ་ལུ་བརྟེན་པའི་ གྲུབ་འབྲས་ལེགས་ཤོམ་བྱུང་ཡོདཔ་སྦེ་བཀོད་ནུག།

གནས་ཡུན་ཚང་མི་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ པ་ཝཱན་ཀེ་བར་མ་དང་གཅིག་ཁར་ དྲི་བ་དྲིས་ལན།

༡༩/༡༡/༢༠༡༢   ༉ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་དང་ ཡོངས་གྲགས་ཅན་གྱི་ རྩོམ་སྒྲིག་མཁས་མཆོག་ཅིག་ཨིན་མི་ པ་ཝཱན་ཀེ་བར་མ་གིས་ དུས་ཅི་གི་ ལོ་མཇུག་བསྡུཝ་ད་ འབྲུག་ལས་ གནས་ཡུན་མ་ཚངམ་ལས་ར་ དགོངས་ཞུ་ཐོག་འགྱོ་ནི་ཨིན་པས།
པ་ཝཱན་ཀེ་བར་མ་གིས་ འབྲུག་ལུ་ ལོ་༤ རྒྱ་གར་གྱི་གཞུང་ཚབ་སྦེ་སྡོད་པའི་ཤུལ་ལུ་ ད་རེས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་དེ་ སྲིད་དོན་ནང་འབྲེལ་གཏོགས་འབད་ནི་གི་ འོས་འབབ་ཡོདཔ་ད་ གཞུང་ཚབ་ཀྱིས་ འབྲུག་ལུ་སྡོད་པའི་རིང་ གནད་དོན་ཁག་མ་འདྲཝ་ཚུ་ནང་ ཉམས་མྱོང་བྱུང་མི་ཚུ་ ཀུན་གསལ་ལུ་ བརྗེ་སོར་འབདཝ་ཨིན་པས།

གཞུང་ཚབ་ པ་ཝཱན་ཀེ་བར་མ།

སློབ་དཔོན་ཚུ་ལུ་ རྒྱབ་སྐྱོར་དང་ངོས་འཛིན་ གང་དྲག་འབད་ནི་ཨིནམ།

༡༧/༡༡/༢༠༡༢   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བསམ་རྩེ་ལུ་ ཕེབས་གནང་པའི་ཤུལ་ལས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་དཔོན་སློབ་སྦྱོང་འབད་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་སྐབས་ རྒྱལ་ཁབ་ཀྱི་ མ་འོངས་པའི་དོན་ལུ་ ཁག་ཆེ་ཤོས་དེ་ར་ ན་གཞོན་ཚུ་ལུ་ ཤེས་ཡོན་ལེགས་ཤོམ་བྱིན་ནི་དེ་ཨིན་ཟེར་ གསུངས་གནང་ཡི།
ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་དཔོན་སློབ་སྦྱོང་འབད་མི་ཚུ་ལུ་ གསུང་བཤད་གནང་པའི་བསྒང་།

འཐུས་ཤོར་བྱུང་མི་ལུ་ ངོས་ལེན་མེད་པའི་སྐྱོན་བསུབ།

༡༧/༡༡/༢༠༡༢   ༉ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ བརྡ་བརྒྱུད་ཀྱི་ ཞལ་འཛོམས་ཐེངས་༢༣ པའི་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་དབུ་གཙོས་པའི་ གཞུང་སྐྱོང་ཚོགས་པ་གིས་འབད་བ་ཅིན་ གཞུང་གིས་ འཛམ་གླིང་སྤྱི་ཚོགས་སྲུང་སྐྱོབ་ཚོགས་སྡེའི་ འཐུས་མི་གི་དོན་ལུ་ དོ་འགྲན་འབད་མི་དེ་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ འཐུས་ཤོར་ཨིན་པའི་ བསམ་ཚུལ་བཀོད་མི་དེ་ ཉམས་མྱོང་མེད་པའི་ཁར་ རྒྱལ་ཁབ་ལུ་ ཤ་ཚ་མེད་པའི་གནད་དོན་ཅིག་ཨིནམ་སྦེ་ སླབ་ནི་དེ་གིས་ སེམས་ཕམ་བྱུང་ཡི་ཟེར་ ཁ་ཙ་ ལྡོག་ཕྱོགས་ཚོགས་པ་གིས་ བརྡ་བརྒྱུད་ལུ་ གསལ་བཤད་འབད་ཡི།

ས་སྣུམ་པེ་ཊཱོལ་གྱི་ གོང་ཚད་མར་བབས།

༡༧/༡༡/༢༠༡༢   ༉ ཁ་ཙ་ལས་ རྒྱལ་སྤྱིའི་ས་སྣུམ་གོང་ཚད་ མར་བབས་སོང་མི་ལུ་བརྟེན་ འབྲུག་ལུ་ཡང་ ས་སྣུམ་པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༠.༩༥ རེ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།

ཉིནམ་༡ གིས་ ཁྱད་པར་ག་དེམ་ཅིག་ བཟོཝ་ཨིན་ན?

༡༧/༡༡/༢༠༡༢   ༉ སྤྱི་ལོ་༢༠༠༩ ལུ་ ཝམ་རོང་ཁྲོམ་གྱི་མེ་རྐྱེན་ལས་ ཉམས་རྒུད་བྱུང་མི་ཅིག་གིས་ ལོག་ཁྱིམ་རྐྱབ་ནིའི་དོན་ལུ་ འབྲུག་གོང་འཕེལ་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༠.༥ བསྐྱིན་འགྲུལ་ལེན་མི་དེ་ འཛོལ་ཏེ་བྱིན་ཡོད་མི་ལུ་བརྟེན་ དངུལ་ཚུ་ ལོག་དངུལ་ཁང་ལུ་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཝམ་རོང་ཁྲོམ་ཁར་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྒྲིང་ཁྱིམ་ཚུ།

མི་དབང་མཆོག་གིས་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ བཀའ་སློབ་གནང་ཡོདཔ།

༡༦/༡༡/༢༠༡༢   ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ འགྱུར་བ་ལེ་ཤ་བྱུང་མི་དང་འཁྲིལ་ཏེ་ ལཱ་གཡོག་གི་གནས་སྟངས་དེ་ཡང་ དོ་འགྲན་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ལས་ ན་གཞོན་ཚུ་གིས་ གནས་སྟངས་དང་བསྟུན་ ལྕོགས་གྲུབ་ཅན་སྦེ་ སྡོད་དགོཔ་ཁག་ཆེ་ཟེར་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕུན་ཚོགས་གླིང་ རིན་ཆེན་སྡིངས་ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ གསུངས་གནང་ཡི།
ཁ་ཙ་ ཕུན་ཚོགས་གླིང་ལུ་ མི་དབང་རྒྱལ་བཙུན་རྣམ་༢ མཆོག་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།

ནགས་ཚལ་མེ་རྐྱེན་ཁྲིམས་ལུགས་ ཆ་འཇོག་འབད་ཡོདཔ།

༡༦/༡༡/༢༠༡༢   ཁྲིམས་ལུགས་དང་འཁྲིལཝ་ད་ ནགས་ཚལ་མེ་བཏང་མི་ཚུ་གིས་ ཉེས་བྱ་མཐོ་ཤོས་དངུལ་ཀྲམ་༥༠,༠༠ དང་ དམའ་ཤོས་དངུལ་ཀྲམ་༡༠,༠༠༠ དང་གཅིག་ཁར་ རྒུད་འཐུས་དང་ མེ་བསད་ཀྱི་ཟད་འགྲོ་ཚུ་ཡང་ སྤྲོད་དགོཔ་ཨིན་པས།

༉ ནགས་ཚལ་མེ་རྐྱེན་གྱི་ ཁྲིམས་ལུགས་ཟིན་བྲིས་དེ་ སོ་ནམ་དང་ནགས་ཚལ་བློན་པོ་གིས་ ཆ་འཇོག་འབད་ཡོདཔ་ལས་ ད་ལས་ཕར་ ནགས་ཚལ་མེ་རྐྱེན་བྱུང་བའི་སྐབས་ལུ་ ཁྲིམས་ལུགས་དེ་ ལག་ལེན་འཐབ་ནི་ཟེར་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་ནུག།

སློབ་གྲྭའི་སློབ་དཔོན་ཚུ་ལུ་ གཡོག་གི་མདུན་ལམ་ ལེགས་ཤོམ་འོང་ནི།

༡༦/༡༡/༢༠༡༢   ༉ ཤེས་རིག་ལྷན་ཁག་གིས་ སློབ་གྲྭའི་སློབ་དཔོན་ཚུ་གི་དོན་ལུ་ མི་སྟོབས་ཀྱི་སྲིད་བྱུས་དང་ ཚེ་གཡོག་གི་མདུན་ལམ་སྲིད་བྱུས་ སོ་སོ་ཅིག་ བསྐྱར་ཞིབ་འབད་དེ་ གཞི་བཙུགས་འབད་ནིའི་ གྲོས་འཆར་གྱི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས། 

རྐང་པ་ར་གི་ མི་སེར་སོ་ནམ་པ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༡༦/༡༡/༢༠༡༢   ༉ བཀྲིས་སྒང་ཝམ་རོང་གི་ ཚོང་ཁང་ཚུ་གི་གདོང་ཁར་བཙོང་མི་ རྐང་པ་ར་གི་ཨེ་མ་དང་ ཚར་བཟོའི་ཅ་ཆས་ཚུ་ གཡུས་མི་ཚུ་གི་དོན་ལུ་ འོང་འབབ་ངོ་མ་ཅིག་ཨིན་པས།
ཨིན་རུང་ ཧེ་མ་དང་ཕྱདཔ་ད་ ཐོན་སྐྱེད་ཚུ་ ཉམས་འགྱོ་མི་ལུ་བརྟེན་ འོང་འབབ་ཡང་ མར་ཉམས་འགྱོ་བའི་ ཚ་གྱང་དང་འདྲོག་བྱེལ་འཐབ་དོ་ཡོདཔ་ཨིན་པས།

རྐང་པ་ར་གིས་ ཧེ་མ་ ཚར་བཟོའི་ཅ་ཆས་དང་ ཨེ་མ་སྐམ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ ཐོན་སྐྱེད་འབདཝ་ཨིན་རུང་ ད་རེས་ནངས་པ་ དཀོན་དྲགས་ཅིག་ལུ་ གྱུར་ཡོདཔ་ཨིན་མས།

གློ་བུར་ཉེན་སྐྱོབ་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ མཁོ་སྒྲུབ་འབད་དགོཔ་གལ་ཆེཝ།

༡༦/༡༡/༢༠༡༢    ༉ འཕྲལ་ཁམས་ཅིག་ཁར་ ལྟ་བཤལ་དོན་ལུ་ སུ་ཡི་ཛར་ལེནཌི་ལས་འོང་མི་ བཟའ་ཚང་༡ གླིང་བཞི་ལུ་ལྷོདཔ་ད་ ནདཔ་ཐོན་ནི་དེ་གིས་ ཉེན་སྐྱོབ་འབད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༢༤ འགོར་མི་དེ་གིས་ འབྲུག་གི་ལཱ་བཤལ་ལམ་ལུགས་ནང་ ཉེན་སྐྱོབ་དང་འབྲེལ་བའི་ གྲ་སྒྲིག་གི་མཐུན་རྐྱེན་ཚུ་མེད་པའི་ གནད་དོན་གསལ་སྟོན་འབད་ཡོདཔ་ཨིན་པས།

ཡ་ཁྲ་འཐག་སྟེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

༡༦/༡༡/༢༠༡༢   ༉ ཆུ་སྨད་རྒེད་འོག་གི་ ཅུང་འཕེལ་ གཞུ་རེ་ སྐེར་ཚོ་ སྦིམ་དང་ཡིད་རང་སྦིས་གཡུས་ཚན་ལྔ་གི་ ཨམ་སྲུ་ཚུ་ དུས་ཚོད་འ་ནེམ་ཅིག་ཟེར་མེད་པར་ ཨ་རྟག་ར་ ཡ་ཁྲ་ཐགས་སྡོད་སར་ མཐོང་གསལ་བྱུངམ་ཨིན་པས།
བུམ་ཐང་གཞུ་རས་ལས་ ཡ་ཁྲ་འཐག་མི་ མགོནམ་བཟངམོ།

རྒྱལ་པོའི་ཞིང་གི་ ཁྲོམ་སའི་རྩོད་རྙོགས་ ཐོ་བཀོད་འབད་ཡོདཔ།

༡༥/༡༡/༢༠༡༢   ༉ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་རྙོགས་ཚུ་ ཁ་ཙ་ མོང་སྒར་རྫོང་ཁག་ཁྲིམས་འདུན་ནང་ སྣ་ཚོགས་སྙན་གསན་འབད་བའི་ཤུལ་ལས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་གྱི་མཐོང་སྣང་།

ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ།

༡༥/༡༡/༢༠༡༢   ༉ ཨ་རྟག་འབད་བ་ཅིན་ རྒས་ཤོས་ཚུ་གི་གྲས་ལས་ རང་སྲོག་བཅད་མི་དེ་ དཀོན་དྲགས་ཅིག་ཨིན་རུང་ བདུན་ཕྲག་འདི་ནང་ དགེ་ལེགས་ཕུག་དྲུང་ཁག་ བསམ་གཏན་གླིང་རྒེད་འོག་ མོང་གར་ག་འུན་གཡུས་ཚན་ནང་ སྐྱེས་ལོ་༦༨ ལང་མི་ ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ་ཨིད་པས།

བྱ་རིགས་ཀྱི་ གནས་སྡུད་བསྡུ་ལེན།

༡༥/༡༡/༢༠༡༢    ༉ བླམ་དཔལ་རི་གི་ རྒྱལ་གཞུང་སྐྱེ་ལྡན་གླིང་ཁ་དེ་ནང་ འབྲུག་མི་དང་ ཕྱིའི་ལྟ་བཤལཔ་ དེ་ལས་ སློབ་ཕྲུག་ཚུ་གིས་ རང་བཞིན་གྱི་ཆོས་ཚན་དང་འབྲེལ་བའི་ ལྟ་སྐོར་འབད་སའི་ ས་ཁོངས་ཅིག་ཨིནམ་བཞིན་དུ་ གླིང་ཁ་དེ་ནང་ བྱ་རིགས་སྣ་ཚོགས་ཡོད་པའི་ ངོས་འཛིན་བྱུང་ནུག།

བུམ་ཐང་གི་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ ལོག་འགོ་བཙུགས་ཡོདཔ།

༡༥/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༡༣ ལས་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ བུམ་ཐང་དང་ སྤ་རོ་གི་བར་ན་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་དེ་ སླར་ལོག་འགོ་བཙུགས་ཡོདཔ་ཨིན་པས།
སླར་ལོག་འགོ་བཙུགས་ཀྱི་འཕུར་འགྲུལ་སྐབས་ སྤ་རོ་ལས་གནམ་གྲུ་ནང་ འགྲུལ་པ་མི་༡ ལས་མེདཔ་ད་ བུམ་ཐང་ལས་ ལོག་འོངམ་ད་ འགྲུལ་མི་༢༡ སྡོད་ཡོདཔ་ཨིན་པས།

ལོག་སྟེ་ མཁའ་འགྲུལ་ཞབས་ཏོག་འགོ་བཙུགས་མི་ བུམ་ཐང་གི་ ནང་འཁོད་གནམ་ཐང་།

དཔལ་འབྱོར་གོང་འཕེལ་འགྱོ་དགོ་པ་ཅིན་ ཚོང་འབྲེལ་ཁག་ཆེཝ་ཨིནམ།

༡༥/༡༡/༢༠༡༢   ༉ ད་རེས་ནངས་པ་ ཐིམ་ཕུ་ བློ་ལྡན་གཞི་ཚོགས་ཀྱི་ ཤེས་ཡོན་ལྟེ་བ་ནང་སྦེ་ ཚོང་འབྲེལ་གྱི་སྐོར་ལས་ ངོ་སྤྲོད་སློབ་སྦྱོང་བྱིན་དོ་ཡོདཔ་ཨིན་པས།
ཚོང་འབྲེལ་གྱི་ ངོ་སྤྲོད་སློབ་སྦྱོང་འབད་མི་ཚུ།

ནང་རྟེན་ཨར་རྐུན་འབད་མི་ཚུ་ འཚོལ་བའི་བསྒང་ཡོདཔ།

༡༥/༡༡/༢༠༡༢   ༉ བུམ་ཐང་དང་ ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཆུ་སྨད་རྒེད་འོག་ སྤྲ་མཁར་གཡུས་ཚན་གྱི་ ལྟག་ལུ་ཡོད་མི་ རྡོར་གདན་ལྷ་ཁང་གི་ ནང་རྟེན་ཨར་རྐུན་འབད་མི་ཚུ་ འཚོལ་བའི་བསྒང་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ དུང་ཆ་ཅིག་ལས་ ལོག་མ་ཐོབ་ཨིན་པས།
བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་རབས་༡༧ མཇུག་བསྡུ་ཁམས་ལུ་ བཞེངས་ཡོད་པའི་ ལོ་རྒྱུས་ཡོད་མི་ལྷ་ཁང་དེ་ སྤྲ་མཁར་གཡུས་ཚན་ལས་ རྐང་སྟོང་འབད་འགྱོཝ་ད་ དུས་ཡུན་སྐར་མ་༤༥ དེ་ཅིག་ འགོར་སའི་ས་གནས་ནང་ ཆགས་ཡོད་པའི་ཁར་ མི་ག་ཡང་ སྡོད་མི་མིན་འདུག་ཟེར་ཨིན་པས།


རྐུ་ཇག་འཕྲོག་༣ འབད་མི་ཉེས་ཅན་༣ ལུ་ བཙོན་ཁྲིམས་ལོ་༡༢ ལས་༡༣ གྱི་བར་ན་བཀལ་ཡོདཔ།

༡༥/༡༡/༢༠༡༢   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༢ པའི་ཚེས་༡༣ དང་༡༤ ལུ་ སྐྱེས་ལོ་༢༠ ལང་མི་ ན་གཞོན་༣ གྱིས་ རྐུ་ཇག་འཕྲོག་༣ འབད་མི་ལུ་ བཙོན་ཁྲིམས་ལོ་༥ དང་ ཟླ་༣ རེ་བཀལ་ཡོད་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བསྒྱུར་བཅོས་འབད་དེ་ བཙོན་ཁྲིམས་ལོ་༡༢ ལས་༡༣ གྱི་བར་ན་ བཀལ་ཡོདཔ་ཨིན་པས།

བློན་ཆེན་མཆོག་གིས་ བོང་མགོ་རྒེད་འོག་ནང་ གཟིགས་སྐོར་གནང་དོ་ཡོདཔ།

༡༤/༡༡/༢༠༡༢   ༉ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཆུ་ཁ་རྫོང་ཁག་ བོང་མགོ་རྒེད་འོག་ ཀེ་ཏོ་ཁ་གཡུས་ཚན་ནང་ གཟིགས་སྐོར་གནང་པའི་སྐབས་ལུ་ དམ་སྦྱིས་དང་ འབྱུང་ལེགས་ དེ་ལས་ ཀེ་ཏོ་ཁ་གཡུས་ཚན་ལས་ ཁྱིམ་གུང་༩༠ དེ་ཅིག་གི་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་གནང་ཡི།
རྩོམ་འབྲི་ལས་བྱེདཔ།

གུ་རམ་གྱི་ནད་གཞི་ མགྱོགས་དྲགས་སྦེ་ ཡར་སེང་འགྱོ་དོ་ཡོདཔ།

༡༤/༡༡/༢༠༡༢    ༉ འཛམ་གླིང་ནང་ གུ་རམ་གྱི་ནད་གཞི་ ཌའི་བེ་ཊིསི་ཐོབ་མིའི་གྱངས་ཁ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དང་བསྟུན་ འབྲུག་ལུ་ཡང་ དཀའ་ངལ་དེ་ མགྱོགས་དྲགས་སྦེ་ར་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།

རྐང་འགྲུལ་པའི་ཉིནམ་ བསྒྱུར་བཅོས་འབད་ཡོདཔ།

༡༤/༡༡/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༢ ལས་ འགོ་བཙུགས་ཏེ་ རྐང་འགྲུལ་པའི་ཉིནམ་དེ་ ཟླ་རིམ་བཞིན་དུ་ རེས་གཟའ་ཟླ་བ་ དང་པ་ཚུ་གི་སྐབས་ལུ་ བརྩི་སྲུང་འབད་ནི་སྦེ་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༡༤༦ པ་ འཚོགས་པའི་སྐབས་ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས།

བརྩི་སྲུང་གི་དོན་ལུ་ རྒྱུ་མཚན་ལེ་ཤ་ཡོདཔ།

༡༤/༡༡/༢༠༡༢    ༉ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ པདྨ་དགའ་ཚལ་གྱི་ མཐའ་ཟུར་ས་གནས་ཅིག་ཨིན་མི་ ཕྱི་མོང་སློབ་གྲྭ་ནང་ མི་དབང་འབྲུག་རྒྱལ་༤ པའི་ འཁྲུངས་སྐར་དུས་སྟོན་དང་ རྩ་ཁྲིམ་ཆེན་མོའི་ ཉིནམ་བརྩི་སྲུང་འབད་ཡོདཔ་ཨིན་རུང་ བརྩི་སྲུང་འབད་དགོ་མི་ལུ་ གཞན་ཡང་ རྒྱུ་མཚན་ལེ་ཤ་ཅིག་ ཡོདཔ་ཨིན་པས།
ཕྱི་མོང་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་གིས་ དུས་སྟོན་བརྩི་སྲུང་འབད་བའི་བསྒང་།

བཟའ་ཁང་ཆེ་ཆུང་༥༥ དེ་ཅིག་གིས་ ཁྱིམ་ནང་ལག་ལེན་འཐབ་མི་ མེ་རླུང་རྒྱ་རྫི་སྤྱོད་པའི་ངོས་འཛིན།

༡༤/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ ཐིམ་ཕུའི་བཟའ་ཁང་ཚུ་ནང་ ཞིབ་དཔྱ་འབད་བའི་སྐབས་ བཟའ་ཁང་ཆེ་ཆུང་༥༥ དེ་ཅིག་གིས་ ཁྱིམ་ནང་ལག་ལེན་འཐབ་མི་ མེ་རླུང་རྒྱ་རྫི་ཚུ་ སྤྱོད་དོ་ཡོད་པའི་ ངོས་འཛིན་བྱུང་ནུག།
བཟའ་ཁང་ཚུ་གི་དོན་ལུ་ བཀྲམ་སྤེལ་འབད་མི་ མེ་རླུང་རྒྱ་རྫི་དཀརཔོ་ཚུ།

ཁྲུང་ཁྲུང་སྐེ་གནག་ལྟ་མིའི་གྱངས་ཁ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ།

༡༤/༡༡/༢༠༡༢    ཁྲུང་ཁྲུང་སྐེ་གནག་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ ཡར་དྲག་འགྱོ་མི་ལུ་ལྟཝ་ད་ ལྷ་བྱ་ངོ་མ་ཨིན་མས་ཟེར་ཨིན་པས།སྒང་སྟེང་ལས་ བསྟན་འཛིན་རྣམ་རྒྱལ།

༉ གནམ་དགུན་གྱི་ དུས་ཚོད་འ་ནེམ་ཅིག་ཁར་ དབང་འདུས་ཕོ་བྲང་ སྒང་སྟེང་དགོན་པ་དང་ ཕོབ་སྦྱིས་ཁའི་ལུང་གཤོང་ནང་ གནམ་གཤིས་བསིལ་ཏོང་ཏོ་ཡོད་རུང་ ལྟ་བཤལཔ་མང་ཤོས་ར་ ཟླཝ་འདི་ནང་འོང་མི་དེ་ དགོན་པ་ལུ་ ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དགའ་སྟོན་བརྩི་བའི་དུས་ཚོད་དང ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་ཆགས་པའི་དུས་ཚོད་ཨིནམ་ལས་བརྟེན་ཨིན་པས།
ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དུས་སྟོན་བརྩི་སྲུང་ནང་ལྷོད་མི་ ལྟ་བཤལཔ་ཚུ།

དཔལ་འབྱོར་གནས་སྟངས་ ཨ་རྟག་ཧར་ལུགས་ བཟོ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥.༥ དགོཔ།

༡༣/༡༡/༢༠༡༢    འབྲུག་གི་གསོག་འཇོག་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༧༣༦ ཡོད་ས་ལས་ ས་ཡ་༥༠༠ རྩ་ཁྲིམས་ཅན་གྱི་ དགོས་མཁོའི་དོན་ལུ་ བཞག་ཞིནམ་ལས་ ལྷག་ལུས་ཚུ་ རྒྱ་གར་ལུ་བཙོང་སྟེ་ འབྲུག་པའི་དངུལ་ཁང་ཚུ་ནང་ བཙུགས་ནི་ཟེར་ཨིན་པས།

༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ འཕྲལ་ཁམས་ཅིག་ཁར་ ཞིབ་འཚོལ་ཅིག་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་དེ་ ལོག་ཨ་རྟག་ཧར་ལུགས་ བཟོ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥.༥ དེ་ཅིག་ དངུལ་ཁང་ཚུ་ནང་ བཙུགས་དགོ་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

ཟླ་རིམ་བཞིན་དུ་ རེས་གཟའ་ཟླ་བ་ དང་པ་ལུ་ཨིན་ན?

༡༣/༡༡/༢༠༡༢    ༉ གཞུང་གིས་ འདས་པའི་བདུན་མཐའ་ལུ་ རྐང་འགྲུལ་པའི་ཉིནམ་གི་ དགོས་ཁུངས་སྐོར་ལས་ ནན་བསྐྱར་བཤད་མི་དང་འཁྲིལཝ་ད་ སྒེར་སྡེ་ཚུ་གིས་ གསལ་ཞུ་འབད་མི་ གནད་དོན་ཚུ་ ཤུལ་མའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ནང་ གྲོས་བསྟུན་འབད་ནི་ཟེར་ཨིན་པས།

རྒྱ་གར་ལུ་ འབྲུག་པའི་ནགས་ཚལ་འགོ་དཔོན་ཅིག་ དམར་བསད་འབད་མི་ ཕོ་སྐྱེས་༤ འཛིན་བཟུང་།

༡༣/༡༡/༢༠༡༢   ༉ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་ རྒྱ་གར་ ནུབ་བེང་གཱོལ་གྱི་ས་གནས་ ཏོ་ཏ་པཱ་ར་ལུ་ སྐྱེས་༣༣ ལང་མི་ འབྲུག་པའི་ ནགས་ཚལ་འགོ་དཔོན་༡ དམར་བསད་འབད་བའི་ འབྲེལ་གནད་ལུ་བརྟེན་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཕོ་སྐྱེས་༤ འཛིན་བཟུང་ འབད་ཡོདཔ་ཨིན་པས།

དོག་མ་པ་ནེ་བཟའ་ནི་གི་ ལམ་སྲོལ་དེ་ ཉམས་མེད་གནས་པའི་མངོན་གསལ།

༡༣/༡༡/༢༠༡༢   དོག་མ་བཟའ་མི་ཚུ་གིས་ གྱང་དང་ གསང་སྤྱོད་ཚུ་ནང་ དམར་འཚེར་ཚེ་སྦེ་ ཚིལ་མ་བཀོག་མི་ལུ་བརྟེན་ གཙང་སྦྲ་འཕྲོད་བསྟེན་དང་འབྲེལ་བའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
༉ སྤྱི་ལོ་༢༠༡༠ གྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ དོག་མ་པ་ནེ་གི་ ལག་ལེན་དེ་ འབྲུག་གི་ལམ་སྲོལ་ནང་ དུས་རྒྱུན་གྱི་འབྲེལ་བ་ཅན་ཅིག་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་རུང་ འགྲོས་ཀྱིས་སྦེ་ དོག་མ་ལག་ལེན་འཐབ་མིའི་ གནས་སྟངས་དེ་ མར་འབབ་འགྱོ་དོ་ཡོད་པའི་ མངོན་གསལ་ཡང་ བྱུང་ཡོདཔ་ཨིན་པས།
དྲག་ཞན་ཆེ་ཆུང་མེདཔ་ ཆ་མཉམ་གྱིས་ བཟའ་དོ་ཡོད་མི་ དོག་མ།

ནཱ་རོ་ཕོ་བྲང་གི་ རྒྱབ་ཁུངས་མདོར་བསྡུས།

༡༣/༡༡/༢༠༡༢   ཐུགས་སྲས་རིན་པོ་ཆེ་དང་ ཁམས་སྤྲུལ་རིན་པོ་༢ ཀྱི་ བཞུགས་གནས་ཡང་ ནཱ་རོ་ཕོ་བྲང་ནང་ཨིན་པས།

༉ རྒྱ་གར་གྱི་མངའ་སྡེ་ ལ་དྭགས་ཀྱི་ས་གནས་ཤེ་ལུ་ འབྲུག་པདྨ་དཀར་པོ་སློབ་གྲྭའི་ལྟག་ལུ་ འབྲུག་གི་ རྫོང་གཞི་བཟུམ་སྦེ་མཐོང་མི་ ནཱ་རོ་ཕོ་བྲང་དེ་ ག་ནི་བ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ མཇལ་ཚུགསཔ་ཨིན་པས།
ཕོ་བྲང་དེ་གི་ ཉེ་འདབས་ལས་ཕར་ སྔོ་ཤིང་ཚུ་ དུམ་གྲ་རེ་ སྐྱེས་ཏེ་ཡོདཔ་ཨིན་པས།

གཟི་བརྗིད་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་མི་ ནཱ་རོ་ཕོ་བྲང་།

ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དུས་སྟོན་བརྩི་སྲུང་འབད་ཡོདཔ།

༡༣/༡༡/༢༠༡༢   ཁྲུང་ཁྲུང་སྐེ་གནག་གི་ དུས་སྟོན་བརྩི་སྲུང་འབད་མི་ལུ་ལྟཝ་ད་ བྱ་དང་ མི་གི་བར་ན་ འདུ་ཤེས་ལེགས་ཤོམ་ཡོད་པའི་ བརྡ་མཚོན་ཅིག་ཨིན་མས་ཟེར་ ལྟ་བཤལཔ་ཚུ་གིས་ སླབ་ཨིན་པས།

༉ ཁྲུང་ཁྲུང་སྐེ་གནག་ཚུ་ འཛམ་གླིང་ནང་ དཀོན་དྲགས་ཅན་གྱི་ བྱ་རིགས་ཅིག་ཨིནམ་བཞིན་དུ་ ཉམས་སྲུང་འབད་ནིའི་དོན་ལུ་ ཐབས་ཤེས་མང་སུ་ བཏོན་མིའི་གྲས་ལས་ སྒང་སྟེང་དགོན་པའི་ལྷ་ཁང་ནང་ འགོ་འདྲེན་ཐབས་སྲོལ་ཡོད་མི་ ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དགའ་སྟོན་དེ་ཨིན་པས།
སྒང་སྟེང་དགོན་པའི་ལྷ་ཁང་ནང་ ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དུས་སྟོན་བརྩི་སྲུང་འབད་བའི་བསྒང་།

དཔལ་འབྱོར་ཡར་དྲག་གཏང་ནི་དང་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ནི།

༡༣/༡༡/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་ ཨ་ཞེ་བདེ་སྐྱིད་དབྱངས་འཛོམས་དབང་ཕྱུག་མཆོག་གིས་ འཛམ་གླིང་ཚོང་རིག་བདུན་ཕྲག་ འགོ་འབྱེད་གནང་ཡི།

ཁ་ཙ་ ཨ་ཞེ་བདེ་སྐྱིད་དབྱངས་འཛོམས་དབང་ཕྱུག་མཆོག་གིས་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་ འཛམ་གླིང་ཚོང་རིག་བདུན་ཕྲག་ འགོ་འབྱེད་གནང་པའི་བསྒང་།

རྒྱ་འབྲུག་གི་མཐུན་ལམ་ མི་སེར་དང་ མི་སེར་གྱི་བར་ན་ གནས་བཞིན་དུ་ཡོདཔ།

༡༢/༡༡/༢༠༡༢   ༉ ཁ་ཙ་ དགེ་ལེགས་ཕུག་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༥༧ བཞེས་པའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུཝ་དང་འབྲེལ་ འབྲུག་ཨོ་ལིམ་པིག་ཚོགས་པའི་ སྤྱི་དོན་ཁང་ནང་སྦེ་ པར་གྱི་འགྲེམས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ཚུ་གིས་ མི་དབང་ཡབ་སྲས་རྣམ་༢ སྐུ་ཚེ་ཞབས་པད་བརྟན་ནིའི་དོན་ལུ་ དཀར་མེ་ཕུལ་ཐོག་ལས་ སྨོན་ལམ་བཏབ་པའི་བསྒང་།

མི་སྡེའི་དཔེ་མཛོད་དང་ ཨ་ལུའི་གླིང་ཁ་ འགོ་འབྱེད་འབད་ཡོདཔ།

༡༢/༡༡/༢༠༡༢   ༉ གྲོང་གསེབ་ཤེས་ཡོན་དང་གོང་འཕེལ་ལྟེ་བ་གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་དང་ མཉམ་རུབ་ཐོག་ལུ་ ཐིམ་ཕུ་ ལྕང་ཇི་ཇི་ལུ་ མི་སྡེའི་དཔེ་མཛོད་དང་ ཨ་ལུའི་གླིང་ཁ་ གཞི་བཙུགས་འབད་མི་དེ་ ཁ་ཙ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།

འབྱུང་བཞི་སྡེ་ཚན་གྱིས་ ཨང་དང་པའི་གསོལ་རས་ཐོབ་ཡོདཔ།

༡༢/༡༡/༢༠༡༢   ༉ ཁ་ཙ་ མི་དབང་འབྲུག་རྒྱལ་༤ པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུཝ་དང་འབྲེལ་ ཐིམ་ཕུ་ ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ འགོ་འདྲེན་འཐབ་མི་ ཐིམ་ཕུ་ཕུཊ་སཱལ་རྩེད་འགྲན་ནང་ལས་ འབྱུང་བཞི་སྡེ་ཚན་གྱིས་ ཨང་དང་པའི་ གསོལ་རས་ཐོབ་ཅི།
འབྱུང་བཞི་སྡེ་ཚན་གྱིས་ རྒྱལ་རྟགས་ལེན་པའི་བསྒང་།

དགའ་སྐྱིད་ལུ་ གཙོ་རིམ་བཟུང་བའི་གོང་འཕེལ་ལྟ་བ་དེ་ འཛམ་གླིང་ནང་ འབྲུག་གི་ ཤུལ་བཟང་འོས་འབབ།

༡༢/༡༡/༢༠༡༢   ༉ འབྲུག་གིས་ གོང་འཕེལ་གྱི་སྲིད་བྱུས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ གཞི་བཞག་པའི་ལམ་ལུགས་ གཞི་བཙུགས་ཐོག་ལས་ འཛམ་གླིང་ནང་ དགའ་སྐྱིད་ལུ་ གཙོ་རིམ་ཅན་གྱི་ གོང་འཕེལ་གྱི་སྲིད་བྱུས་གསརཔ་ ཁྱབ་སྤེལ་ཐོག་ འགོ་ཁྲིད་འབད་དེ་ཡོདཔ་ཨིན་རུང་ ལྟ་བ་དེ་ཐོག་གི་ ལམ་ལུགས་རྒྱ་བསྐྱེད་ནང་ འབྲུག་གིས་ ཡུན་བརྟན་འགོ་ཁྲིད་ ག་དེ་སྦེ་ འབད་ཚུགས་ག་ཟེར་ ལ་ལུ་ཅིག་གིས་ དྲི་བཀོད་འབདཝ་ཨིན་པས།

ལ་དྭགས་ལུ་ རང་ལུགས་ཀྱི་གསང་སྤྱོད་ནང་ལས་ ལུད་བཏོན་དོ་ཡོདཔ།

༡༢/༡༡/༢༠༡༢  རང་ལུགས་ཀྱི་ གསང་སྤྱོད་ལག་ལེན་འཐབ་དགོ་མི་དེ་ཡང་ ས་གནས་ནང་ ཆུ་འབོལ་དྲགས་སྦེ་ མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།

༉ དུས་ཚོད་འ་ནེམ་ཅིག་ཁར་ རྒྱ་གར་གྱི་ས་གནས་ ལ་དྭགས་ལུ་ ཕྱི་རྒྱལ་གྱི་བཟོ་བཀོད་ཅན་གྱི་ གསང་སྤྱོད་ཚུ་ སྒོ་བསྡམས་ཐོག་ལས་ རང་ལུགས་ཀྱི་གསང་སྤྱོད་ཚུ་ ལག་ལེན་འཐབ་དོ་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།
ལུད་བཟོ་བཏུབ་མི་ རང་ལུགས་ཀྱི་གསང་སྤྱོད།

རྒྱ་གར་གྱི་ བཟོ་རིག་འགོ་དཔོན་ཅིག་ལུ་ཤི་རྐྱེན།

༡༢/༡༡/༢༠༡༢   ༉ སྐྱེས་ལོ་༢༦ ལང་མི་ རྒྱ་གར་གྱི་ བཟོ་རིག་འགོ་དཔོན་ཅིག་ ཀྲོང་གསར་ཀུན་དགའ་རབ་བརྟན་ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ས་དོང་རྐོ་བའི་བསྒང་ཡོད་མི་ནང་ ས་ཆད་འོང་སྟེ་ བསད་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༡༠/༡༡/༢༠༡༢
ལྷོ་ཨེ་ཤི་ཡ་གླིང་ཕྲན་ལུང་ཕྱོགས་ཀྱི་ དཔལ་འབྱོར་མཐུན་འབྲེལ་ཞལ་འཛོམས་འཚོགས་པའི་བསྒང་།

ཁྲིམས་ལས་འགལ་བའི་ལཱ་ འབད་འབདཝ་མེདཔ་སྦེ་ གྲོས་ཐག་བཅད་ཡོདཔ།

༡༠/༡༡/༢༠༡༢   ༉ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་ནང་ལས་ གནས་ཚུལ་གསར་བཏོན་ཅིག་ ལྷོད་མི་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དབྱེ་ཞིབ་དང་ བསམ་སྤྱོད་ལེགས་ཤོམ་འབད་བའི་ཤུལ་ལུ་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་གྱི་གནད་དོན་ནང་ ཁྲིམས་ལས་འགལ་བའི་ལཱ་ ག་ཅི་ཡང་ འབད་འབདཝ་མེདཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།

གློག་ཤུགས་དང་ ཚོང་འབྲེལ་ འཁོར་ལམ་ཚུ་ ལེགས་ལྡན་བཟོ་ནིའི་འཆར་གཞི།

༡༠/༡༡/༢༠༡༢    ༉ ཁ་ཙ་ བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་བསོད་ནམས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལུ་ ཐའི་ལེནཌི་གི་རྒྱལ་ས་ བེང་ཀོག་ལུ་སྦེ་ རྒྱ་གར་དང་ འབྲུག་ ནེ་པཱལ་ དེ་ལས་ བང་ལ་དེཤ་རྒྱལ་ཁབ་ཚུ་གི་བར་ན་ ལྷོ་ཨེ་ཤི་ཡ་གླིང་ཕྲན་ལུང་ཕྱོགས་ཀྱི་ དཔལ་འབྱོར་མཐུན་འབྲེལ་ཞལ་འཛོམས་འཚོགས་པའི་སྐབས་ ཤྲི་ལངྐའི་རྒྱལ་ཁབ་ཡང་ འཐུས་མིའི་གྲལ་ཁར་ འཛུལ་ཞུགས་འབད་ཡོདཔ་ལས་ དེ་གིས་ ཕན་ཚུན་རྒྱལ་ཁབ་ཚུ་གི་བར་ན་ གློག་ཤུགས་དང་ ཚོང་འབྲེལ་ དེ་ལས་ འཁོར་ལམ་ཚུ་ ལེགས་ལྡན་བཟོ་ནིའི་འཆར་གཞི་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ ཡོད་ཟེར་ཨིན་པས།

གནམ་གྲུའི་ཐང་སྤོ་བཤུད་འབད་རུང་ དམག་སྡེ་དང་ཁྲིམས་སྲུང་གི་ཡིག་ཚང་ཚུ་ དེ་ཁ་ར་བཞག་ནི།

༡༠/༡༡/༢༠༡༢   ༉ གནམ་གྲུའི་ཐང་དེ་ སྤོ་བཤུད་འབད་ནི་ཨིན་རུང་ འབྲུག་རྒྱལ་གཞུང་དམག་སྡེ་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཨིམ་ཊཱཊ་གི་ཡིག་ཚང་ལྟེ་བ་ཚུ་ ས་ཁོངས་གཞན་ཁར་ སྤོ་བཤུད་མི་འབད་ཟེར་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ བརྡ་བརྒྱུད་ཀྱི་ཞལ་འཛོམས་ནང་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ གསུངསམ་ཨིན་པས།

སྲོག་རིན་སྤྲོད་པའི་ཤུལ་ལུ་ གླ་འཁོར་དེད་གཡོགཔ་ལོག་བཏང་ཡོདཔ།

༡༠/༡༡/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༢༢ ཀྱི་ཕྱི་རུ་ གསར་སྤང་དང་དགེ་ལེགས་ཕུག་གི་ གཞུང་ལམ་ཁ་ལས་བྱང་སྟོར་ཞུགས་མི་ སྐྱེས་ལོ་༣༧ ལང་མི་ གླ་འཁོར་དེད་གཡོགཔ་དེ་ བཙན་ཁྲིད་འབད་མི་ལུ་ རུ་པི་༢༠༠,༠༠༠ སྤྲོད་པའི་ཤུལ་ལུ་ ཁ་ཉིནམ་ ལོག་ཁྱིམ་ནང་ ལྷོད་ཡོདཔ་ཨིན་པས།

འབྲུག་གིས་ གནས་སྐབས་འཐུས་མིའི་དོན་ལུ་ དོ་འགྲན་འབད་མི་དེ་ བྱ་བ་བཟང་པོ་ཅིག་ཨིནམ།

༡༠/༡༡/༢༠༡༢   ༉ འདས་པའི་སྤྱི་ཟླ་༡༡ པའི་ཚེས་༩ ལུ་ བློན་པོ་ཚུ་དང་ བརྡ་བརྒྱུད་ཀྱི་ ཞལ་འཛོམས་ཐེངས་༢༣ པ་ འཚོགས་པའི་སྐབས་ལུ་ བློན་ཆེན་གྱིས་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྐབས་ཉེན་སྲུང་ཚོགས་སྡེའི་ སྡོད་ཁྲི་གི་དོན་ལུ་ དོ་འགྲན་འབད་མི་དེ་ རྒྱལ་རུང་ཕམ་རུང་ རྒྱལ་ཁབ་ཀྱི་དོན་ལུ་ ལཱ་ཤུལ་བཟང་པོ་ཅིག་ཨིན་ཟེར་ཨིན་པས།

དགེ་ལེགས་ཕུག་ཚ་ཆུའི་ས་ཁོངས་ རྒྱ་བསྐྱེད་འབད་དོ་ཡོདཔ།

༡༠/༡༡/༢༠༡༢   ༉ རྒྱལ་ཁབ་ནང་ རྩ་ཅན་ཅིག་ཨིན་མི་ དགེ་ལེགས་ཕུག་གི་ ཚ་ཆུའི་ས་ཁོངས་རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་དེ་ ཟླཝ་༡ གི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ དགེ་ལེགས་ཕུག་དྲུང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་ དགེ་ལེགས་ཕུག་ཚ་ཆུའི་ས་ཁོངས།

གནས་ཚུལ་མདོར་བསྡུས།

༩/༡༡/༢༠༡༢
ལ་དྭགས་ཀྱི་ས་གནས་ ཤེ་གི་ཉེ་འདབས་ལུ་ཡོད་པའི་ ལྕམ་འབྲས་དགོན་པ་དེ་ ཧེ་མ་
ལ་དྭགས་ཀྱི་རྒྱལཔོ་ སེངྒེ་རྣམ་རྒྱལ་གྱི་ ཕོ་བྲང་ཨིན་རུང་ ཤུལ་ལས་ བླམ་སྟག་ཚང་རས་པ་ལུ་ཕུལ་ཏེ་ དགོན་པ་སྦེ་ ཕྱག་བཏབ་གནང་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང་རྫོང་ གསར་བཞེངས་ཀྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༩/༡༡/༢༠༡༢    ༉ ཁ་ཙ་ བརྡ་བརྒྱུད་ཀྱི་ཞལ་འཛོམས་ ཐེངས་༡༣ པའི་ནང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསུངས་མིའི་ནང་ དབང་འདུས་རྫོང་ལོག་གསར་བཞེངས་ཀྱི་དོན་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མ་དངུལ་བྱེ་བ་༣༣ དེ་ཅིག་ བསྡུ་གསོག་འབད་ཡི་ཟེར་ཨིན་པས།

འབྲུག་རྒྱལ་ཁབ་ཀྱིས་ ལྷོ་ཕྱོགས་དང་བྱང་ཕྱོགས་ ཁྱིམ་ཚང་དང་ མཐུན་འབྲེལ་བཞག་ནི།

༩/༡༡/༢༠༡༢    ཁ་ཙ་ མི་རྗེ་བློན་ཆེན་གྱིས་གསུངས་མིའི་ནང་ རྒྱ་གར་དང་ འབྲུག་གི་བར་ནའི་མཐུན་ལམ་ ག་ནི་བ་ དམ་ཟབ་ཡོད་མི་དེ་ འབྲུག་གི་མཐུན་འབྲེལ་གནས་སྟངས་ནང་ གལ་ཆེ་ཤོས་ཅིག་ཨིན་པའི་ཁར་ རྒྱལ་ཁབ་གཞན་དང་གཅིག་ཁར་ སྣང་མེད་བསྐྱུར་ཏེ་ མཐུན་འབྲེལ་མེདཔ་སྦེ་ སྡོད་ནི་མེན་ཟེར་ཨིན་པས།

༉ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ བ་རཱ་ཟིལ་ལུ་སྦེ་ རིའོ་ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་གི་བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ རྒྱ་ནག་གི་ སྲིན་བློན་ ཝེན་ཇའེ་བོ་གཉིས་ཀྱིས་ རྒྱ་ནག་དང་ འབྲུག་གི་ཕྱི་འབྲེལ་རྒྱལ་རབས་ནང་ འགོ་དང་པ་ རྒྱལ་ཁབ་༢ ཀྱི་དབུ་ཁྲིད་ཀྱི་བར་ན་ མཇལ་འཕྲད་གནང་མི་དེ་ རྒྱལ་སྤྱིའི་ཕྱི་འབྲེལ་སྲིད་ལུགས་ཀྱི་ ལྟ་རྟོག་པ་ཚུ་ལུ་ གནས་ཚུལ་གསརཔ་ཅིག་སྦེ་ སྤྲོ་བ་བསྐྱེད་ཡོདཔ་ད་ རང་སོའི་བསམ་ཞིབ་ཀྱི་ བསླབ་བཀོད་ཡང་ལེ་ཤ་འབད་མི་ཐོན་ཡོདཔ་ཨིན་པས།

གློག་མེ་ལས་འགུལ་ལུ་བརྟེན་ ཉེ་འདབས་ཀྱི་མི་སེར་ཚུ་ལུ་ ཉམས་རྒུད་བྱུང་དོ་ཡོདཔ།

༩/༡༡/༢༠༡༢    ༉ ད་ལྟོ་ཚུན་ཚོད་ བཟོ་སྐྲུན་འབད་ཡོད་པའི་ གློག་མེ་ལས་འགུལ་ཚུ་དང་ ད་ལས་ཕར་ འགོ་འདྲེན་འཐབ་ནི་ཨིན་མི་ གློག་མེ་ལས་འགུལ་ གཞན་ཚུ་དང་ཕྱདཔ་ད་ ཉེ་འདབས་ཀྱི་མི་ཚུ་ལུ་ གནོད་པ་དང་ མི་ཚུ་ སྤོ་བཤུད་འབད་དགོ་པའི་ གནད་དོན་མཐོ་ཤོས་དེ་ ཨ་མོ་ཆུ་གློག་མེ་ལས་འགུལ་གྱི་ ས་ཁོངས་ནང་ཨིན་ཟེར་ ཁ་ཙ་ ཐིམ་ཕུ་ལུ་སྦེ་འཚོགས་མི་ གཞུང་དང་བརྡ་བརྒྱུད་པའི་ ཞལ་འཛོམས་ཀྱི་སྐབས་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་བཤད་ཅི།

དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་གྱི་དོན་ལུ་ ས་མཚམས་ཀྱི་སྐོར་ལས་ མ་འགྲིགསཔ་འཐོན་དོ་ཡོདཔ།

༩/༡༡/༢༠༡༢    ༉ ས་ཁ་མཐོ་ས་ལུ་སྡོད་མི་ དམིགས་བསལ་གྱི་ གླིང་བཞིའི་མི་སྡེ་ནང་འཁོད་ལུ་ དབྱར་རྩྭ་དགུན་འབུབ་ཀྱི་ འོང་འབབ་ལུ་བརྟེན་ མ་འགྲིགསཔ་ཐོན་དོ་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ ན་རོ་རྒེད་འོག་གིས་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ནང་ གསལ་ཞུ་འབད་མི་དང་འཁྲིལཝ་ད་ རྒེད་འོག་གི་མི་སེར་ཚུ་གིས་ རང་སོའི་རྒེད་འོག་གི་ ས་ཁོངས་ནང་རྐྱངམ་གཅིག་ དབྱར་རྩྭ་དགུན་འབུབ་འཐུ་ཆོགཔ་ད་ རྒེད་འོག་གཞན་གྱི་ས་ཁོངས་ནང་ འཛུལ་མ་ཆོག་པའི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས། 

དབྱར་རྩྭ་དགུན་འབུབ