༉ སྤྱི་ཟླ་༥ པའི་ཚེས་༧ ལས་ འགོ་བཙུགས་ཏེ་ ལམ་སྲོལ་ལས་ཁུངས་འོག་གི་ སྒྲིག་ལམ་སྡེ་ཚན་གྱིས་ ཐིམ་ཕུ་ཁྲོམ་སྡེ་ནང་འཁོད་ཀྱི་ སློབ་གྲྭའི་སློབ་དཔོན་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་མི་ སྒྲིག་ལམ་རྣམ་གཞག་གི་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ མཇུག་བསྡུ་ཡོདཔ་ཨིན། སྦྱོང་བརྡར་ལས་རིམ་ནང་ སློབ་དཔོན་༤༤ གིས་ བཅའ་མར་གཏོགས་ཡོདཔ་ད་ སློབ་དཔོན་ཚུ་ལུ་ དེ་བཟུམ་མའི་ སྒྲིག་ལམ་རྣམ་གཞག་གི་ སྦྱོང་བརྡར་བྱིན་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ སློབ་དཔོན་ཚུ་གིས་ རང་སོའི་ སློབ་གྲྭ་ནང་ ལོག་འགྱོ་ཞིནམ་ལས་ སློབ་ཕྲུག་ཚུ་ལུ་ སྦྱོང་བརྡར་ནང་ ལྷབ་སྦྱང་འབད་མི་ཚུ་ སློབ་སྟོན་འབད་དགོཔ་ ཨིན་པའི་གནས་ཚུལ། |
No comments:
Post a Comment