གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་ཆུ་བྱིན་མ་བཏུབ་པའི་བྲེལ་ཟིང་།

ཟླ་༣ པའི་ཚེས་༢༥།
༡༥/༥/༢༠༡༢

གཡུས་མི་ཅིག་གིས་ ཞིང་ཆུ་བྱིན་ནིའི་ ཁས་བླངས་འབད་རུང་ གཞན་མི་ཚུ་གིས་ ག་ནི་ཡང་ སླབ་མ་བཏུབ་ལས་ ཡིག་ཐོག་ལུ་ གནང་བ་མ་བྱིན་པ་ཅིན་ ངོས་ལེན་མེད་ཟེར་ སླབ་མི་ལུ་བརྟེན་ ད་ལྟོ་ཡང་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།


སྟང་རྒེད་འོག་གི་ པྲ་ལང་གཡུས་ཚན།
༉ བུམ་ཐང་ལུང་གཤོང་ནང་ སྤྱི་ལོ་༢༠༠༥ ལས་ སོ་ནམ་བློན་པོ་བགྲེསཔ་ སངས་རྒྱས་དངོས་གྲུབ་ཀྱིས་ འགོ་འདྲེན་ཐོག་ལས་ འབྱ་འཛུགས་སྐྱོང་འབད་ནི་གི་ལཱ་ འགོ་བཙུགས་ཡོད་མི་གིས་ མི་སེར་སོ་ནམ་པ་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོདཔ་ཨིན་པས།

ཞིང་ཆུ་བྱིན་མ་བཏུབ་ལས་ ལྕང་ལཱ་རྐྱབ་མ་ཚུགས་པར་ལུས་མི་ ཆུ་ཞིང་།


ཨིན་རུང་ འབྱ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཏེ་ ལོ་དག་པ་ཅིག་གི་ཤུལ་ལས་ མི་སེར་སོ་ནམ་པ་ཚུ་གི་བར་ན་ ཞིང་ཆུའི་སྐོར་ལས་ མ་འགྲིག་པར་ དཀའ་ངལ་སྦོམ་བྱུང་ཡོདཔ་ཨིན་པས།
བུམ་ཐང་ལུ་ ཆུ་ཞིང་གི་ ལཱ་འབད་མི་ཚུ་གི་གྲས་ལས་ གཅིག་ སྟང་རྒེད་འོག་ཨིནམ་ད་ རྒེད་འོག་དེ་ནང་ འགོ་དང་པ་ མོ་བཏབ་སྦེ་འགོ་བཙུགས་མི་ སོ་ནམ་པ་ཅིག་ལུ་ ཁྱིམ་ཚང་མི་སེར་ཚུ་གིས་ ཆུ་བྱིན་མ་བཏུབ་ལས་ བྱེལཝ་སྦོམ་ལང་ཡོདཔ་མ་ཚད་ གཡུས་སྒོ་ཅིག་ནང་ མི་ཚུ་ཡང་ མ་འཆམ་པར་ཡོདཔ་ཨིན་པས།
མོ་བཏབ་ཀྱི་དོན་ལུ་ འགོ་བཙུགས་མི་ སྐྱེས་ལོ་༥༢ ལང་མི་ པྲ་ལང་གཡུས་ཚན་ལས་ ཨཔ་རིན་ཆེན་ལ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འབྱ་འཛུགས་སྐྱོང་གི་ལཱ་ འགོ་བཙུགས་པའི་སྐབས་ལུ་ ཁོ་རའི་ གཡུས་མི་ཚུ་གིས་ རྒྱབ་སྐྱོར་འབད་ནི་དེ་གིས་ དཀའ་ངལ་ག་ཅི་ཡང་ མ་ཐོན་རུང་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་ཤུལ་ལས་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་དེ་ནང་ ཁྱིམ་གུང་བདུན་ཡོད་ས་ལས་ ཁོ་རང་རྐྱངམ་གཅིག་ མི་སེར་དམངས་གཙོ་ཚོགས་པ་ནང་འབད་ནི་དེ་གིས་ཨིནམ་སྦེ་ སླབ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཁའི་མི་ཚུ་ གཅིག་གིས་གཅིག་ལུ ངོ་ཤེས་རུང་ ཞིང་ཆུ་དེ་ མི་སེར་དག་པ་ཅིག་གི་ ས་ཞིང་བརྒྱུད་དེ་ སྟང་གི་ སོ་ནམ་ཞིང་ལམ་བདའ་སྟེ་ བཏོན་ཡོད་རུང་ ཁྱིམ་གུང་དྲུག་གི་མི་སེར་ཚུ་གིས་ ཁ་རུབ་རྐྱབ་སྟེ་ བྱིན་མ་བཏུབ་ལས་ རྫོང་ཁག་ཁྲིམས་འདུན་ལུ་ཐུག་སྟེ་ སྤྱི་ལོ་༢༠༠༨ ལུ་ རྫོང་ཁག་ལས་གནང་བ་ཞུ་སྟེ་ ལྕང་ལཱ་རྐྱབ་ཡོད་རུང་ འབྱ་བསྡུ་ནི་རནམ་ད་ ཚར་གཅིག་ མི་སེར་ཚུ་གིས་ ཆུ་བཀག་བཞག་སྟེ་ རྫོང་ཁག་གི་ རྒྱབ་སྐྱོར་ཐོག་ལས་ ཆུ་ཐོབ་ཚུགས་ནི་དེ་གིས་ རེད་བསྡུ་ཚུགས་ཅི་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༠ ལུ་ མི་སེར་ཚུ་གིས་ ཞིང་ཆུ་རྩ་ལས་ར་ བྱིན་མ་བཏུབ་ལས་ ལོ་གཅིག་དེ་སྦེ་ར་ བཞག་དགོཔ་ཐོནམ་ལས་ གནད་དོན་དེ་ རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ཡི་ཟེར་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་༢༠༡༡ ཟླ་༤ པའི་ནང་ ལྕང་ལཱ་འགོ་བཙུག་ནི་རནམ་ད་ ད་རུང་ མི་སེར་ཚུ་གིས་ ཆུ་བྱིན་མ་བཏུབ་ལས་ ཁྲིམས་འདུན་ལུ་ སྙན་ཞུ་འབད་དེ་ ད་རུང་ བྱིན་དགོ་པའི་བཀའ་རྒྱ་གནང་སྟེ་ ལཱ་འབད་ཚུགས་ཡོད་རུང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ ཞིང་ཆུ་དཔག་པར་འགྱོཝ་ད་ ད་རུང་ མི་སེར་ཚུ་གིས་ ཆུ་བྱིན་མ་བཏུབ་ལས་ རྫོང་ཁག་ཁྲིམས་འདུན་ལུ་ སྙན་ཞུ་འབདཝ་ད་ ཆུ་བྱིན་དགོ་པའི་ བཀའ་རྒྱ་གནང་ཡོད་མི་དེ་ གཡུས་སྒོའི་ཚོགས་པ་གིས་ མི་དམངས་ལུ་ ལྷག་བྱིན་ཡོད་རུང་ མི་སེར་གུང་པ་གཉིས་ཀྱིས་ ཞིང་ཆུ་དེ་ ཁོང་གི་ཞིང་ནང་ལས་ འགྱོ་དགོ་ནི་དེ་གིས་ རྩ་ལས་ར་ བྱིན་མི་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།
ཨིན་རུང་ གུང་པ་ཅིག་གིས་ ཕྱི་རུ་ཁམས་ཅིག་ལས་ བྱིན་ནི་ཁ་བཟེད་ཡོད་རུང་ རིན་ཆེན་ལ་གིས་འབད་བ་ཅིན་ གཡུས་མི་ཅིག་གིས་ ཞིང་ཆུ་བྱིན་ནིའི་ ཁས་བླངས་འབད་རུང་ གཞན་མི་ཚུ་གིས་ ག་ནི་ཡང་ སླབ་མ་བཏུབ་ལས་ ཧེ་མ་ལས་ བྱ་སྟབས་མ་བདེཝ་སྦོམ་ཐོན་ཡོད་མི་དེ་ ཧེང་སྐལ་ར་ དཀའ་ངལ་འཐོན་ནི་ཨིནམ་ལས་ ཡིག་ཐོག་ལུ་བྲིས་ཏེ་མ་བྱིན་པ་ཅིན་ ལཱ་འབད་མི་ཚུགས་ཟེར་སླབ་མི་ལུ་བརྟེན་ ཆུ་ཞིང་དེ་ནང་ ད་ལྟོ་ཡང་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་པས།
རིན་ཆེན་ལ་གིས་ སླབ་མིའི་ནང་ ད་ལྟོ་ ཞིང་ཆུ་བྱིན་ཏེ་འབད་རུང་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་ཕྱིས་སོཔ་ལས་ གལ་སྲིད་ འབྱ་འཛུགས་སྐྱོང་འབད་རུང་ ཐོན་སྐྱེད་ལེགས་ཤོམ་མི་འོང་ཟེར་ཨིན་པས།
རིན་ཆེན་ལ་གི་བྱང་ཕྱད་ སྐྱེས་ལོ་༥༠ ལང་མི་ ཨམ་ལས་སྐྱིད་མོ་གིས་འབད་བ་ཅིན་ ཁོང་གིས་ ཆུ་མི་བྱིན་ཟེར་མེན་པར་ ཞིང་མེདཔ་མི་བཏང་ནིའི་དོན་ལུ་ ཁོ་ར་ལུ་ ཆུ་དུང་ལེགས་ཤོམ་སྦེ་བཙུགས་ཏེ་ཐེན་ཟེར་སླབ་རུང་ ཉན་མ་བཏུབ་ཟེར་ཨིནམ་ད་ ཞིང་ཆུ་དེ་ མོ་རའི་ཞིང་ནང་ལས་ ཐེན་དགོ་ནི་དེ་གིས་ འདས་པའི་ལོ་ནང་ ཀེ་བའི་ཐོན་སྐྱེད་ཡང་ ལེགས་ཤོམ་མ་ཐོན་པའི་ཁར་ ཞིང་ཅིག་ ཆུ་གིས་འཕྱག་བདའ་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ སྐྱེས་ལོ་༧༡ ལང་མི་ ཨ་རྒས་ཀརྨ་གིས་ཡང་ རིན་ཆེན་ལ་ལུ་ ཆུ་ཐེན་པའི་སྐབས་ ཆུ་དུང་བཙུགས་ཏེ་ ཐེན་དགོཔ་སྦེ་སླབ་ད་ ཉན་མ་བཏུབ་ཟེར་ཨིན་པས།
རིན་ཆེན་ལ་གིས་ སྤྱི་ལོ་༢༠༡༠ ལུ་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཞིང་ནང་ ཆུ་དཔག་པར་འགྱོ་ནི་འབདཝ་ད་ གཡུས་ཁའི་མི་ལ་ལུ་ཅིག་གིས་ འཁོར་ལམ་ཁར་ཐོན་ཏེ་ ཆུ་མ་བྱིན་ཟེར་ཨིན་པས།
ཞིང་ཆུའི་རྐ་དེ་ གཡུས་ཚན་ལས་ མི་ཊར་དག་པ་ཅིག་གི་ས་ཁར་ཨིན་མི་ སྟང་རེ་ཟེར་ས་ལུ་ཨིན་རུང་ བྱེལཝ་དེ་ ད་ལྟོ་ཡང་ མཇུག་མ་བསྡུཝ་བར་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment