![]() |
ཐིམ་ཕུ་ལུ་ ནགས་ཚལ་མེ་འབར་བའི་བསྒང་། |
ཟླ་བ་ སྤྱི་ཟླ་༤ ཚེས་༨། ༉ ད་རིས་ཉིན་མར་ ཐིམ་ཕུ་དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ལྟག་ལུ་ སྟོང་ཕུ་ཤིང་གི་ ནགས་ཚལ་ལུ་ མེ་རྐྱེན་ཤོར་མི་དེ་ གསད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་༢༥ འབག་འགྱོ་མི་ འགག་སྡེའི་སྣུམ་འཁོར་ཊཱག་ཅིག་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོཔ་ལས་ མི་༢ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།
![]() |
མི་ཚུ་ སྲོག་སྐྱབས་འབད་བར་འགྱོ་བའི་མཐོང་སྣང་། |
རྐྱེན་ངན་བྱུངམ་ད་ མཐོང་མི་ཚུ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ཊཱག་དེ་ རི་གུ་ལས་མར་ མགུ་མཇུག་སློགས་ཏེ་ རྦོབ་རིལ་འགྱོཝ་ད་ སྣུམ་འཁོར་ནང་ཡོད་མི་ཚུ་ ཕར་ཚུར་བཏོན་བཀོག་སར་ མཐོང་ཡོདཔ་ད་ རྨ་སྐྱོན་བྱུང་མི་ཚུ་ དེ་འཕྲོ་ལས་ ཐིམ་ཕུ་སྨན་ཁང་ནང་བསྐྱལ་ནུག།
ཉིན་མའི་ཆུ་ཚོད་༡.༤༥ དེ་ཅིག་ཁར་ ནགས་མེ་ཤོར་མི་དེ་ ད་ལྟོའི་བར་ན་ཡང་ བསད་མ་ཚུགས་པར་ཡོདཔ་ད་ མེ་རྐྱེན་བྱུང་པའི་སྐབས་ ས་ཁོངངས་དེ་ནང་ མི་༣ ཕར་ཚུར་རྒྱུག་འགྱོ་སར་ ལ་ལུ་ཅིག་གིས་ མཐོང་ཡོད་པའི་གནས་ཚུལ།
No comments:
Post a Comment