གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གནས་ཀྱི་ བཟོ་བོ་ཚུ་ལུ་ རིག་རྩལ་སྦྱོང་བརྡར།

སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ བཟོ་བོ་དང་ བཟོ་རིག་འགོ་དཔོན་ཚུ།
༉ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ ཕུན་ཚོགས་གླིང་ལུ་ འགོ་བཙུགས་ཡོད་མི་ ས་ཡོམ་གྱི་ གནོད་སྐྱོན་ལས་ སྲུང་ཚུགས་པའི་ རང་ལུགས་ཁྱིམ་བཟོ་སྐྲུན་གྱི་རིག་རྩལ་ སྦྱོང་བརྡར་ལས་རིམ་ནང་ ས་གནས་ཀྱི་བཟོ་བོ་༣༤ དང་ རྫོང་ཁག་༡༦ ནང་ལས་ བཟོ་རིག་འགོ་དཔོན་དང་ འཕྲུལ་རིག་ལག་ལེན་པ་ཚུ་གིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ཨིན་པས།


བཅའ་མར་གཏོགས་མི་ཚུ་ལུ་ འབྲུག་ལུགས་ཀྱི་ཁྱིམ་ཚུ་ རིག་གསར་གྱི་ ཤིང་བཟོའི་རིག་རྩལ་ཐོག་ རང་ལུགས་ཀྱི་ བཟོ་བཀོད་ལུ་ བསྒྱུར་བཅོས་མེདཔ་སྦེ་ སྒྲིང་སྒྲིང་རྐྱབ་ནི་གི་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ཨིན་པས།
རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ ལམ་སྲོལ་ལས་ཁུངས་དང་ བཟོ་རིག་ཞབས་ཏོག་ལས་ཁུངས་༢ དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་དེ་ གཡུས་སྒོ་ཚུ་ནང་ ཁྱིམ་རྐྱབ་ནི་དང་ འདས་པའི་ས་ཡོམ་གྱི་ གནོད་སྐྱོན་རྐྱབ་ཡོད་མི་ ཁྱིམ་ཚུ་ཡང་ གསརཔ་རྐྱབ་ནི་གི་ དུས་ཚོད་ཨིན་པའི་ཁར་ ས་གནས་ཀྱི་ བཟོ་བོ་ཚུ་གིས་ ལཱ་ཚུ་འགོ་མ་བཙུགས་པའི་ཧེ་མར་ རིག་རྩལ་སྦྱོང་བརྡར་འབད་ཐབས་ལུ་ཨིན་པས།
སྦྱོ་བརྡར་ལས་རིམ་དེ་ སྤྱི་ལོ་༢༠༡༡ གྱི་ ས་ཡོམ་གྱི་ ཉམས་མྱོང་ལུ་ གཞི་བཞག་ཐོག་ལས་ གཞི་བཀོད་འབད་ཡོདཔ་ད་ དེ་ཡང་ ས་ཡོམ་གྱི་ གནོད་སྐྱོན་སོྦམ་སྦེ་བྱུང་མི་ ཆུ་ཁ་དང་ བསམ་རྩེ་རྫོང་ཁག་ཚུ་ནང་ ཁྱིམ་མང་ཤོས་ར་ རྡོ་དང་ཤིང་གིས་ རྐྱབ་མི་ཚུ་ཨིནམ་ད་ ཤིང་ཆའི་ལག་ལེན་རིག་རྩལ་དེ་ ས་གནས་ཀྱི་ བཟོ་བོ་ཚུ་ལུ་ ཁག་ཆེཝ་འདུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལམ་སྲོལ་ལས་ཁུངས་ཀྱི་ བཟོ་བཀོད་འགོ་དཔོན་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ གནོད་སྐྱོན་བྱུང་མི་ཁྱིམ་མང་ཤོས་ར་ གཞི་འགྱམ་ལེགས་ཤོམ་མེད་པའི་ཁར་ རྩི་ས་ལག་ལེན་མ་འཐབ་མ་ཚད་ རང་ལུགས་ཀྱི་ རྩིགཔ་རྐྱབ་ད་ འདམ་བླུགས་ནི་ཡོད་མི་དེ་ ཚུལ་མཐུན་ཐོག་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ཁྱིམ་མགྱོགས་པར་ རྐྱབ་ཚར་ནི་ལུ་ གཙོ་རིམ་བཟུངམ་ལས་ བཟོ་བོ་ཚུ་གིས་ རྩིགཔ་རྐྱབ་ད་ དེ་དང་འབྲེལ་བའི་ འདམ་ཚུ་ཚུལ་མཐུན་མ་བླུགསཔ་ལས་ ཁྱིམ་ཚུ་སྒྲིང་སྒྲིང་མིན་འདུག་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ སྦྱོང་བརྡར་དེ་ནང་ རང་ལུགས་ཀྱི་ ཁྱིམ་རྐྱབ་ད་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ཐངས་དང་ ཁྱིམ་སྒྲིང་སྒྲིང་འོང་ཐབས་ལུ་ རྡོ་དང་ ཤིང་ཆའི་ལག་ལེན་རིག་རྩལ་ཚུ་གི་ སྦྱོང་བརྡར་བྱིན་ནི་ཟེར་ཨིནམ་ད་ བཅའ་མར་གཏོགས་མི་ཚུ་ལུ་ དུས་རྒྱུན་དུ་ ཁྱིམ་རྐྱབ་པའི་སྐབས་ ས་ཡོམ་ལ་སོགས་པའི་ རང་བཞིན་གྱི་རྐྱེན་ངན་ཚུ་ སེམས་ཁར་བཞག་དགོཔ་སྦེ་ དྲན་གསོ་འབད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ལ་ལུ་ཅིག་གིས་ ཤིང་ཆ་ཚུ་སྦྲེལ་འཐུད་འབད་བའི་སྐབས་ ལྕགས་གཟེར་བརྡབས་མི་དང་ རྩིགཔ་ཚུ་ རྡོ་ཤོ་སྙོམས་མེད་པར་ རྐྱབ་མི་ཚུ་གི་སྐོར་ལས་ དྲན་གསོ་འབད་དེ་ ཁྱིམ་སྒྲིང་སྒྲིང་རྐྱབ་ནི་གི་དོན་ལུ་མཁོ་བའི་ རིག་རྩལ་ཚུ་གི་ སྦྱོང་བརྡར་ཚུ་ བྱིན་འོང་ཟེར་ཨིན་པས།
སྦྱོང་བརྡར་དེ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༦༥ འབད་མི་ སྐྱབས་ཆ་ལས་ མི་ཐལ་གྱིས་ ལོ་ངོ་༢༥ གི་རིང་ བཟོ་བོ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རང་ལུགས་ཀྱི་ བཟོ་རིགས་གུ་ ད་རེས་ནངས་པའི་ ཁྱད་རིག་མཉམ་བསྡེབས་ཐོག་ རིག་རྩལ་གོང་འཕེལ་གཏང་ནི་དེ་ ག་ནི་བ་ཁག་ཆེཝ་ལས་ སྦྱོང་བརྡར་དེ་ ཁོ་བཟུམ་མའི་ བཟོ་བོ་ཚུ་ལུ་ མཁོ་གལ་སྦོམ་མཐོངམ་མས་ཟེར་ བཤདཔ་ཨིན་པས།
ཡུ་ཨེན་ཌ་པི་གིས་ མ་དངུལ་ཡུ་ཨེསི་ཌོ་ལར་༤༠,༠༠༠ རྒྱབ་སྐྱོར་འབད་ཐོག་ལས་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་དེ་ ཉིནམ་༣ གྱི་རིང་ བྱིན་ནི་ཨིནམ་ད་ དེ་བཟུམ་སྦེ་ བསམ་རྩེ་རྫོང་ཁག་ནང་ཡང་ འགོ་འདྲེན་འཐབ་ནི་གི་ ལས་རིམ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment