གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལས་ཕར་ ཐབ་ཤིང་དང་ ཙོག་ཕུ་ཚུ་ འཐོབ་ཚུགས་ནི།

ཙོག་ཕུ།                     ཐབ་ཤིང་།
༉ ལོ་༡ དེ་ཅིག་གི་ཧེ་མར་ བུམ་ཐང་རྫོང་ཁག་བདག་སྐྱོང་གིས་ སྐུ་རྗེས་ལས་ རྒྱལ་མཁར་གཡུས་ཚན་ཚུན་ བཙག་འཐུའི་བཅད་མཚམས་བཟོ་བའི་ཤུལ་ལུ་ ཁྲོམ་སྡེ་ནང་ཚུད་མི་ས་ཁོངས་ཚུ་ནང་ ཚུདཔ་ལས་ཚུར་ གྲོང་གསེབ་ཀྱི་མཐུན་རྐྱེན་ཚུ་ བཀག་ཆ་འབད་ཡོདཔ་ཨིན་རུང་ ད་ལས་ཕར་ ཐབ་ཤིང་དང་ ཙོག་ཕུ་ཚུ་ འཐོབ་ཚུགས་ནི་ཨིན་པས།


བུམ་ཐང་རྫོང་བདག་ སངས་རྒྱས་འཕྲིན་ལས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༠ ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁྲོམ་སྡེའི་ ས་མཚམས་བཟོ་བའི་ཤུལ་ལས་ གོང་མཁར་དང་ ལྕམ་མཁར་ བྱ་དཀར་ལྷ་ཁང་ བྱ་དཀར་ དེ་ལས་ དབང་འདུས་ཆོས་གླིང་གཡུས་ཚན་ཚུ་ ཁྲོམ་སྡེ་ནང་ ཚུད་ནི་དེ་གིས་ གྲོང་གསེབ་དང་ ཁྲོམ་སྡེའི་ཐོབ་ཐངས་ཚུ་ ག་ནི་ཡང་ མ་ཐོབ་པར་ཡོདཔ་ལས་ ཉོགས་བཤད་ཚུ་ བཀོད་དེ་ཡོད་ཟེར་ཨིན་པས།
རྫོང་བདག་གིས་ གནད་དོན་དེ་གི་སྐོར་ལས་ ནགས་ཚལ་དང་སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ འཕྲལ་ཁམས་ཅིག་ཁར་ ཁ་རྒྱུན་ཐོག་ལས་ ཐབ་ཤིང་དང་ ཙོག་ཕུ་གི་མཐུན་རྐྱེན་ཚུ་ དེ་འཕྲོ་ལས་ བྱིན་དགོ་པའི་སྐོར་ལས་ བཀའ་རྒྱ་གནང་མི་དང་འཁྲིལ་ མི་སེར་ཚུ་ལུ་ བརྡ་སླབ་ཅི་ཟེར་ཨིན་པས།
རྫོང་བདག་གིས་ ཁྲོམ་སྡེ་ནང་ཚུད་མི་ གཡུས་ཚན་ཚུ་གི་ མི་སེར་ཚུ་ལུ་ གྲོང་སྡེ་དང་ ཁྲོམ་སྡེ་གཉིས་ཆ་རའི་ མཐུན་རྐྱེན་ཚུ་ མ་ཐོབ་སྟེ་འབད་རུང་ ཐབ་ཤིང་དང་ཙོག་ཕུ་ཚུ་ དུས་རྒྱུན་དུ་དགོ་པའི་ ཉེ་བར་མཁོ་བའི་ མཐུན་རྐྱེན་ཨིནམ་ལས་ བྱིན་ནི་གི་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
གནས་ཚུལ་དེ་ ས་གནས་ཀྱི་ མི་སེར་ཚུ་ལུ་ ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ ཧེ་མ་འབད་བ་ཅིན་ ཐབ་ཤིང་དང་ ཙོག་ཕུ་དགོ་མི་ཚུ་གིས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་ལས་ གཞན་ཚུ་དང་ ཤོ་མཚུངས་སྦེ་ རིན་སྤྲོད་དེ་ ཉོ་དགོཔ་བྱུང་མི་ལུ་བརྟེན་ཏེ་ཨིན་པས།
མི་སེར་ཚུ་གིས་ ཁྱིམ་རྐྱབ་ནི་གི་ ཤིང་ཆས་ཚུ་ཡང་ སྐབས་ཅིག་གི་དོན་ལུ་ གནང་དགོ་པའི་སྐོར་ལས་ ཞུ་བ་འབད་ཡོདཔ་ཨིན་རུང་ ས་ཁོངས་ཚུ་ ཁྲོམ་གྱི་ས་ཁྲ་དང་འཁྲིལ་ཏེ་ བཟོ་སྐྲུན་འབད་དགོ་ནི་ཨིནམ་ལས་ ད་ལྟོ་ གཞུང་གིས་ ས་ཁྲ་བཟོ་བའི་བསྒང་ཡོད་ནི་དེ་གིས་ བྱིན་ཐབས་མེད་པར་ ལུས་ཡོདཔ་ཨིན་པས།
བྱ་དཀར་གྱི་ ཚོགས་པ་བགྲེསཔ་ རྡོ་རྗེ་ཚེ་རིང་གིས་ འདས་པའི་དྲི་བཀོད་ནང་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ཚུ་ ཁྲོམ་སྡེ་ནང་ ཚུད་པའི་ཤུལ་ལས་ གྲོང་གསེབ་ཀྱི་ ཤིང་གི་ཐོབ་ལམ་ཚུ་ བཏོགས་བཞག་ནི་དེ་གིས་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ཁྲོམ་སྡེའི་ཐོབ་ལམ་ཚུ་ཡང་ ག་ནི་ཡང་ བྱིན་ནི་མིན་འདུག་ཟེར་ཨིན་པས།
གཞུང་གིས་ ས་ཁོངས་ཚུ་ ཁྲོམ་སྡེ་ནང་ཚུད་ཡོདཔ་སྦེ་ ངོས་འཛིན་འབད་ཡོད་རུང་ ཐོབ་ལམ་ཚུ་བྱིན་ནི་མེདཔ་ལས་ མི་སེར་ཚུ་གི་གནས་སྟངས་དེ་ ཧེ་མ་ གྲོང་གསེབ་ནང་ སྡོད་པའི་སྐབས་ལུ་ བཟུམ་མ་གཏོགས་ སྒྱུར་བ་ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ གཡུས་ཚན་དེ་ཚུ་ནང་ འཁོར་ལམ་དང་ གློག་མེའི་ཞབས་ཏོག་ཚུ་ཡང་ལེགས་ཤོམ་ཅིག་སྦེ་ བཙུགས་ཏེ་མེདཔ་ཨིན་པས།
བུམ་ཐང་ཁྲོམ་སྡེའི་འཐུས་མི་ ཀརྨ་ལེགས་ལྡན་གྱིས་སླབ་མིའི་ནང་ ཐོབ་ལམ་བཏོགས་མི་དེ་ གནས་སྐབས་ཅིག་གི་དོན་ལུ་ ཐོབ་ཚུགསཔ་བཟོ་མི་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིན་པས།
གྲོང་གསེབ་ཀྱི་ ཤིང་གི་ཐོབ་ལམ་ཡོད་པའི་སྐབས་ མི་སེར་ཚུ་གིས་ ལོ་༡ ནང་ ཐབ་ཤིང་གི་དོན་ལུ་ སྣུམ་འཁོར་ཊཱག་༡ དང་ རཝ་རྐྱབ་ནིའི་དོན་ལུ་ ཤིང་རྩ་བ་༥༠ དེ་ལས་ ཤིང་དྲ་ནིའི་དོན་ལུ་ རྩ་བོ་༡༠ ཐོབ་སྲོལ་ཡོད་རུང་ ལོ་ངོ་༢༥ རེ་ནང་ ཁྱིམ་རྐྱབ་ནིའི་དོན་ལུ་ ཤིང་ཆས་ཚར་རེ་ཐོབ་མི་དང་ ཉམས་བཅོས་ཀྱི་དོན་ལུ་ ཐོབ་ལམ་ཡོད་མི་ཚུ་ཡང་ བཏོགས་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment