གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཝ་ན་ཁ་ལུ་ གླངམོ་ཆེ་ཅིག་མཐོང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་༢༨ ལུ་ ཆུ་ཁ་རྫོང་ཁག་ ཀེ་ཏོ་ཁ་གཡུས་ཚན་ནང་ མཐོང་གསལ་བྱུང་མི་ གླངམོ་ཆེ།
༉ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ སྤ་རོ་རྫོང་ཁག་ ནག་རྒྱ་རྒེད་འོག་ ཝ་ན་ཁ་གཡུས་ཚན་ནང་ སྐྱེས་ལོ་༦ དང་༨ ཀྱི་བར་ན་འབད་མི་ གླངམོ་ཆེ་ཅིག་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
ཝ་ན་ཁ་གཡུས་ཚན་དེ་ ཧཱ་ལུ་འགྱོ་སའི་ གཞུང་ལམ་གྱི་ སྦོ་ལོགས་ཁར་ཨིན་པས།
གླངམོ་ཆེ་དེ་ སྤྱི་ཟླ་༡ པའི་ཚེས་༢༨ ལུ་ ཆུ་ཁ་རྫོང་ཁག་ དགེ་འདུ་ ཀེ་ཏོ་ཁ་གཡུས་ཚན་ནང་ཡང་ མཐོང་ཡོདཔ་ཨིན་པས།


དགེ་འདུ་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གླངམོ་ཆེ་དེ་ དགེ་འདུ་ལུ་ཐོན་མི་ གླངམོ་ཆེ་དེ་ར་ ཨིན་མས་ཟེར་ཨིནམ་ད་ ད་ལྟོ་ ནགས་ཚལ་ཚུ་ནང་ ག་ལྷོད་ འགྲོ་འགྲུལ་འབད་མི་དེ་ཡང་ གཙོ་བོ་ར་ ཁོ་རའི་ ཆ་རོགས་སྡེ་ཚན་ བྱང་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིན་པས།
ནགས་ཚལ་ལས་ཁུངས་ལས་ འགོ་དཔོན་༦ དེ་ཅིག་གིས་ སྤྱི་ཟླ་དང་པའི་ཚེས་༢༨ ལུ་ གླངམོ་ཆེ་དེ་ དགེ་འདུ་ལུ་ མཐོང་ཞིནམ་ལས་ཚུར་ ཨ་རྟག་ར་ ལྟ་རྟོག་འབད་བཞིན་དུ་ ཡོདཔ་ཨིན་པས།
གླངམོ་ཆེ་དེ་ འགོ་དང་པ་ དགེ་འདུ་ལུ་ ཐོན་ཞིནམ་ལས་ ཝང་ཆུ་ནང་ སོང་པའི་ཤུལ་ལས་ ལོག་སྟེ་ར་ ཆུ་ཁ་རྫོང་ཁག་ དགེ་གླིང་རྒེད་འོག་ནང་ ཐོན་ནུག་ཟེར་ཨིནམ་ད་ མཇུག་ར་ སྤ་རོ་རྫོང་ཁག་ ནག་རྒྱ་རྒེད་འོག་ ཝ་ན་ཁ་གཡུས་ཚན་ནང་ ལྷོད་ནུག་ཟེར་ཨིན་པས།
གླངམོ་ཆེ་དེ་ འདས་པའི་རེས་གཟའ་ཉི་མའི་ཕྱི་རུ་ ཝ་ན་ཁ་ལུ་ ལྷོད་ཡོདཔ་ཨིན་རུང་ དྲོ་པ་ལྟ་བའི་བསྒང་ལས་ ལོག་ཡར་སོ་ནུག་ཟེར་ ནག་རྒྱ་རྒཔོ་ དཀར་མདོག་གིས་ སླབ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གླངམོ་ཆེ་དེ་ ལོག་སྟེ་ར་ ཆུ་ཁ་རྫོང་ཁག་ ཝང་ཆུ་བདའ་སྟེ་ ལོག་སོང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ལྟ་རྟོག་འབད་མི་ ནགས་ཚལ་འགོ་དཔོན་ཚུ་གིས་ ད་ལྟོ་ཡང་ གླངམོ་ཆེ་དེ་གི་ རྟིང་ཤུལ་བདའ་སྟེ་ འགྱོ་དོ་ཡོདཔ་ད་ གླངམོ་ཆེ་ཚུ་ མ་གཞི་ ས་དྲོད་ཡོད་སར་ སྡོད་མི་ཅིག་ཨིན་རུང་ ད་རེས་ ས་ཁ་མཐོ་ས་ལུ་ འཁྱམས་འོང་མི་དེ་ བརྟག་ཞིབ་འབད་དོ་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ གླངམོ་ཆེ་དེ་ རི་དྭགས་སེམས་ཅན་འབད་ནི་དེ་གིས་ རྟིང་ཤུལ་བདའ་སྟེ་ འགྱོ་ནི་དེ་ཡང་ ལཱ་ཁག་འདུག་ཟེར་ཨིནམ་ད་ གལ་སྲིད་ བཟུང་གེ་ཟེར་རུང་ གླངམོ་ཆེ་དེ་ ཨ་རྟག་ར་ ནགས་ཚལ་ནང་ འཁྱམས་སྡོད་མི་ཅིག་འབདཝ་ལས་ ཉེན་ཁ་འདུག་ཟེར་ཨིན་པས།
གླངམོ་ཆེ་དེ་ དར་དཀར་ནང་ ཀ་ལི་ཁོ་ལའི་ས་ཁོངས་ནང་ འཁྱམས་སྡོད་མི་ཅིག་ ཨིན་མས་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment