གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་མཐོ་མ་བྱག་ལུ་ ཐོགས་ལུས་མི་སྣུམ་འཁོར་ཚུ་ ཁ་ཙ་ཕྱི་རུ་བཏང་ཡོདཔ།ཀྲོང་གསར་མཐོ་མ་བྱག་ལུ་ ཐོགས་ལུས་མི་སྣུམ་འཁོར་ཚུ་ ཁ་ཙ་ཕྱི་རུ་བཏང་ཡོདཔ།ཀྲོང་གསར་ མཐོ་མ་བྲག་ལུ་ ས་རུད་ཆད་དེ་ འཁོར་ལམ་འཕྱག་བདའ་མིའི་མཐོང་སྣང་།

ཀྲོང་གསར་ མཐོ་མ་བྲག་ལུ་ ས་རུད་ཆད་དེ་ འཁོར་ལམ་འཕྱག་བདའ་མིའི་མཐོང་སྣང་།
བཀྲ་ཤིས་བསྟན་འཛིན།

མིག་དམར་ སྤྱི་ཟླ་༤ ཚེས་༩། ༉ ཀྲོང་གསར་ཁྲོམ་ཁར་ལྷོད་ནི་ལུ་ ཀི་ལོ་མི་ཊར་༡༨ ཀྱི་ས་ཁར་ མཐོ་མ་བྲག་ལུ་ ས་རུད་ཆད་དེ་ འཁོར་ལམ་འཕྱག་བདའ་མི་ལུ་བརྟེན་ བུམ་ཐང་བརྒྱུད་དེ་ ནུབ་ཕྱོགས་རྫོང་ཁག་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ འགྲོ་འགྲུལ་འབད་མི་སྣུམ་འཁོར་ ཐོགས་ལུས་མི་ཚུ་ ཁ་ཙ་ ཕྱི་རུའི་ཆུ་ཙོད་༧:༣༠ དེ་ཅིག་ཁར་ བཏང་ཡོདཔ་ཨིན་པས།


ཀྲོང་གསར་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་གོངམ་ ག་ལེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༤ པའི་ཚེས་༦ གི་ནུབ་མོ་ འཁོར་ལམ་གྱི་གུ་ལས་ ས་རུད་ཆད་འོང་མི་དེ་གིས་ འཁོར་ལམ་མི་ཊར་༢༠ ལྷགཔ་ཅིག་ འཕྱག་བདའ་ནུག་ཟེར་ཨིནམ་ད་ ད་ལྟོ་ ལམ་སེལ་ལས་ཁུངས་ཀྱི་ ལས་མི་ཚུ་གིས་ ལམ་སེལ་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཁོངས་དེ་ ཧེ་མ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་འཛིན་གྱིས་ འཁོར་ལམ་གྱི་ལྟག་ལས་ རྡོ་བཏོན་ས་ཁོངས་སྦེ་ ལག་ལེན་འཐབ་ཡོད་མི་དེ་ འཕྲལ་ཁམས་ཅིག་ལས་ ལཱ་མ་འབད་བར་ བཞག་ནུག་ཟེར་ཨིནམ་ད་ ས་ཁོངས་དེ་ནང་གི་ས་ཚུ་ སྲ་བརྟན་མེདཔ་ལས་ ཆད་སོ་ནུག་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་འབད་བ་ཅིན་ ཀྲོང་གསར་ཁ་ཐུག་ལས་ འཁོར་ལམ་མི་ཊར་༥༠ དེ་ཅིག་ བསལ་ཚར་ཏེ་ཡོད་རུང་ ཚང་ཁ་གཡུས་ཚན་གྱི་ ཁ་ཐུག་ལས་ རྡོ་སྦོམ་ཚུ་གིས་ ལམ་བསུབས་ཏེ་ཡོདཔ་ད་ རྡོ་སྦོམ་ཚུ་ འཕྲུལ་ཆས་ཚུ་གིས་ ལྷོག་བཀོ་མ་ཚུགསཔ་ལས་ དོང་སྤད་དེ་ གས་རྫས་ལག་ལེན་འཐབ་དོ་ཟེར་ཨིན་པས།
འཕྱག་འབག་མི་ལམ་ཚུ་ ལོག་བརྐོ་སྟེ་བཟོ་དགོ་ནི་དེ་གིས་ དུས་ཚོད་འགོར་ཡོདཔ་ཨིན་རུང་ ཁོང་གིས་ ལས་མི་༡༥ དང་གཅིག་ཁར་ ས་རྐོ་འཕྲུལ་ཆས་ཅིག་ དེ་ལས་ གཞན་འཕྲུལ་ཆས་ཅིག་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
ས་རུད་དེ་གིས་ མི་ལུ་ གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུང་སྟེ་འབད་རུང་ ས་ཁོངས་ནང་ རླུང་བཙུགས་མི་ འཕྲུལ་ཆས་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།
ཀྲོང་གསར་ལུང་ཕྱོགས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ སྣུམ་འཁོར་ལྟ་རྟོག་པ་ རིག་འཛིན་རྒྱ་མཚོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཁོར་ལམ་དེ་ ནམ་བསལ་ཚུགས་ག་ ངེས་ཏིག་སླབ་མ་ཤེས་ནི་དེ་གིས་ བུམ་ཐང་ལས་ ཐིམ་ཕུ་ཁ་ཐུག་འོང་མི་དང་ འགྲུལ་སྐྱེལ་བཱསི་༥ དེ་ཅིག་ དགེ་ལེགས་ཕུག་བརྒྱུད་དེ་ བཏང་ཡི་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ཐིམ་ཕུ་ལས་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་འགྱོ་མི་ འགྲུལ་སྐྱེལ་བཱསི་ཚུ་ཡང་ དགེ་ལེགས་ཕུག་བརྒྱུད་དེ་ བཏང་ཡོདཔ་ཨིན་པས།
རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ འགྲུལ་སྐྱེལ་བཱསི་ནང་ འགྲོ་འགྲུལ་འབད་མི་ཚུ་ དགེ་ལེགས་ཕུག་བརྒྱུད་དེ་ འགྱོ་དགོ་ནི་དེ་གིས་ གླ་ཆ་དངུལ་ཀྲམ་༣༠༠ རེ་ ཐེབས་སྤྲོད་དགོ་ཟེར་ཨིན་པས།
ཨིན་རུང་ ས་གནས་དེ་ནང་ ཉིནམ་༢ ཐོགས་ལུས་མི་ཚུ་ ཁ་ཙ་ ཕྱི་རུ་ཁམས་ཅིག་ལས་ གཏང་ཚུགསཔ་འབད་ནིའི་དོན་ལུ་ ཀྲོང་གསར་ལུང་ཕྱོགས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་དང་ ཁྲིམས་སྲུང་འགག་པ་ དེ་ལས་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ འགོ་འདྲེན་ཐོག་ལས་ ཕྱི་རུའི་ཆུ་ཚོད་༧ ཚུན་ ལཱ་འབད་ཡོདཔ་ཨིན་པས།
ག་ལེ་གིས་འབད་བ་ཅིན་ ཀྲོང་གསར་ཁ་ཐུག་གི་ལམ་དེ་ གྱེན་གཟར་དྲགས་ཡོད་ནི་དེ་གིས་ སྣུམ་འཁོར་ཆུང་བ་ཚུ་ལུ་ དཀའ་ངལ་འདུག་ཟེར་ཨིནམ་ད་ ཆརཔ་རྐྱབ་པ་ཅིན་ ད་རུང་ དཀའ་ངལ་འབྱུང་ནིའི་ ཉེན་ཁ་སྦོམ་སྦེ་ར་ འདུག་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་འབད་བ་ཅིན་ སྣུམ་འཁོར་ཊཱག་༡༥ དེ་ཅིག་ ད་ལྟོ་ ལམ་ཁར་ཐོགས་ལུས་ཏེ་ཡོདཔ་ཨིན་རུང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་འགྱོ་མི་ སྣུམ་འཁོར་ལ་ལུ་ཅིག་ དགེ་ལེགས་ཕུག་བརྒྱུད་དེ་ འགྲུལ་སྐྱོད་འབད་ནིའི་དོན་ལུ་ སོང་ཡི་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment