Pages

ཨར་རྐུན་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༣ ལུ་ འཛིན་བཟུང།

འཕྱོག་བཟུང་འབད་མི་ ཅ་ཆས་ཚུ།
ཡེ་ཤེས་སྒྲོལ་མ།

ཉི་མ་ སྤྱི་ཟླ་༤ ཚེས་༧།  ༉ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ ཐིམ་ཕུའི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཨར་རྐུན་ནང་འབྲེལ་གཏོགས་མི་ ཕོ་སྐྱེས་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ ཉམས་རྒུདཔ་ཕོ་སྐྱེས་ཅིག་ དངུལ་ཁང་ནང་ དངུལ་ཀྲམ་འབུམ་༥ བཙུགས་པར་འགྱོ་བའི་སྐབས་ དངུལ་ཁང་གི་འཕྲུལ་ཆས་ཚུ་ ལཱ་ལེགས་ཤོམ་འབད་མ་བཏུབ་མི་ལུ་བརྟེན་ དངུལ་བཙུགས་མ་ཚུགསཔ་ཨིན་པས།


དེ་ཚེ་ཕྱི་རུ་ ཉམས་རྒུདཔ་དེ་གིས་ ཏི་རུ་ཚུ་ བཀབ་ནེ་གིས་ ལེགས་ཤོམ་སྦེ་ སྤུར་ཞིནམ་ལས་ སྣུམ་འཁོར་ཀཱར་ ཨའེ་༢༠ གི་རྒྱབ་ཁར་ བཙུགས་བཞག་ཡོད་མི་དེ་ དྲོ་པ་ལྟ་བའི་བསྒང་ལས་ རྒྱབ་ཁའི་སྒོ་ཚུ་ ཕྱེས་བཞག་ཡོདཔ་མཐོངམ་མ་ཚད་ ཏི་རུ་ཚུ་ཡང་ བཏོན་འབག་ནུག་ཟེར་ཨིན་པས།
ཉམས་རྒུདཔ་དེ་གིས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྤྱི་ཟླ་༣ པའི་ཚེས་༢༢ ཀྱི་ དྲོ་པའི་ཆུ་ཚོད་༨:༤༥ དེ་ཅིག་ཁར་ སྙན་ཞུ་འབད་ཡོདཔ་ཨིན་པས།
དོགས་ཅན་ ཕོ་སྐྱེས་༣ གྱི་གྲས་ལས་༡ ཚོན་བཏང་སྡོད་མི་ཨིནམ་ད་༡ དེད་གཡོགཔ་ དེ་ལས་ གཞན་མི་དེ་ ཇི་ཕོར་ཨེསི་སྲུང་རྒྱབ་ཨིནམ་ད་ ཚོན་བཏང་མི་དེ་ སྐྱེས་ལོ་༣༧ ཨིནམ་ད་ གཞན་མི་༢ པོ་དེ་ སྐྱེས་ལོ་༡༨ ལས་༢༥ འི་བར་ན་ཨིན་པས།
དོགས་པ་ཅན་ཚུ་གིས་ སྣུམ་འཁོར་ཀཱར་ནང་ལས་ ཏི་རུ་ཨར་རྐུན་འབད་བའི་སྐོར་ལས་ ཁྲིམས་སྲུང་འགག་པ་ཚུ་ལུ་ རྫུན་ཁ་བཟེད་ཡོདཔ་ད་ ཁོང་༣ གྱིས་ ཨརཝ་རྐུ་མི་ ཏི་རུ་ཚུ་ ཕུན་ཚོགས་གླིང་ལས་ ཁོང་རའི་ ཉོ་ཚོང་རྐྱབ་ཡོདཔ་སྦེ་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ དོགས་པ་ཅན་༣ ལས་ དངུལ་རྐྱང་༧༢,༧༡༤ འཕྱོག་བཟུང་འབད་ཡོདཔ་མ་ཚད་ རྒྱང་མཐོང་ཨེལ་སི་ཌི་ཊི་བི་ ཨིན་ཅི་༢༢ འབད་མི་ཅིག་དང་ འགྲུལ་འཕྲིན་མོ་བཱ་ཡེལ་ ལྷམ་གསརཔ་ དེ་ལས་ དོརམ་ཁེན་འཇར་གསརཔ་ཚུ་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དོགས་པ་ཅན་ཚུ་ ཕུན་ཚོགས་གླིང་ལུ་སོང་སྟེ་ ལོག་འོངམ་ད་ སེམས་རྟོགས་ཁ་ལས་ གླ་འཁོར་ཅིག་ནང་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
ད་ལྟོ་ ཁྲིམས་སྲུང་འགག་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་ཚུ་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment