གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁག་འབགཔ་ཚུ་གིས་ རུ་པི་མ་ལང་པའི་གནད་དོན་ཐོག་ བློན་ཆེན་མཆོག་ལུ་བཅར་ནི།

༉ འབྲུག་གི་ཁག་འབགཔ་ཚོགས་སྡེ་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་སྐོར་ལས་ འཕྲལ་མགྱོགས་ར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལུ་ ཞུ་གཏུགས་འབད་ནི་གི་ འཆར་གཞི་རྩམ་དོ་ཡོད་མི་དེ་ཡང་ གཙོ་བོ་ར་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ཚུ་ལུ་ བར་ཆད་རྐྱབ་ནི་དེ་གིས་ཨིན་པས།

ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཆོས་སྐུ་འབྲུག་པ་གིས་འབད་བ་ཅིན་ གནད་དོན་འདི་གི་སྐོར་ལས་ བློན་ཆེན་མཆོག་ལུ་ མ་བཅར་བའི་ཧེ་མར་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཟེར་ཨིནམ་ད་ གལ་སྲིད་ གྲུབ་འབྲས་ལེགས་ཤོམ་མ་བྱུང་པ་ཅིན་ བློན་ཆེན་མཆོག་གི་ སྐུ་མདུན་ལུ་ར་ བཅར་ནི་ཟེར་ ཨིན་པས།
གནད་དོན་འདི་གི་སྐོར་ལས་ སྤྱི་ཟླ་༤ པའི་ཚེས་༩ ལུ་ འབྲུག་བཟོ་སྐྲུན་ཚོགས་སྡེའི་ འཐུས་མི་ཚུ་གི་བར་ན་ ལོ་བསྟར་བཀོད་ཚོགས་ཞལ་འཛོམས་ འཚོགས་པའི་སྐབས་ལུ་ གྲོས་འཆམ་བྱུང་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ དབང་འཛིན་དང་གཅིག་ཁར་ འཕྱད་དགོ་མི་དེ་ཡང་ ད་ཚུན་གྱི་བར་ན་ དངུལ་ཁང་ཚུ་ལས་ རུ་པི་འབོར་ཆེ་ཏོག་ཏོ་སྦེ་ ཐོབ་མ་ཚུགས་མི་དེ་ དབང་འཛིན་གྱིས་ བཀག་ཆ་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཇེ་ཌི་བཟོ་སྐྲུན་ལས་སྡེའི་ཇོ་བདག་ འཇིགས་མེད་འབྲུག་པ་གིས་ ཟླཝ་འདི་དང་ ཤུལ་མའི་ཟླཝ་གི་དོན་ལུ་ རུ་པི་༤༠,༠༠༠ གནང་དགོཔ་སྦེ་ འབྲུག་གི་ཁག་འབགཔ་ཚོགས་སྡེ་ལུ་ ཡི་གུ་བཙུགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རུ་པི་ཕུད་རྡོག་གཅིག་ཡང་ མེད་པ་ལུ་བརྟེན་ཏེ་ ཐབས་མེད་ཞུ་ཡིག་བཙུགས་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།
ཁག་འབགཔ་ཚུ་ལུ་ དཀའ་ངལ་དེ་ འདས་པའི་ཟླཝ་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ མི་རེ་གིས་ ཟླཝ་གཅིག་ནང་ རུ་པི་༡༠,༠༠༠ ལས་བརྒལ་ ལེན་མ་ཆོགཔ་སྦེ་བཟོ་མི་དེ་ བཀག་ཆ་འབད་དེ་ ཤུལ་ལས་ བཟོ་སྐྲུན་ནང་ལཱ་འབད་མི་ རྒྱ་གར་གྱི་ ལས་མི་རེ་ལུ་ ཉིནམ་རེ་ལུ་ རུ་པི་༢༠༠ ལས་ལྷག་སྟེ་ ལེན་མ་ཆོག་བཟོ་ཡོདཔ་ལས་ ལས་མི་ཚུ་ལུ་ ཟླ་རིམ་དངུལ་ཕོགས་བྱིན་ནིའི་དོན་ལུ་ རུ་པི་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཡོདཔ་ཨིན་པས།
ཁག་འབགཔ་ཚེ་དབང་གིས་ སླབ་མི་དང་འཁྲིལཝ་ད་ ཉིནམ་རེ་ལུ་ རུ་པི་༢༠༠ རེ་ བྱིན་མི་ལུ་ལྟཝ་ད་ རྒྱ་གར་ལས་ བཟོ་སྐྲུན་གྱི་དོན་ལུ་ ལས་མི་ཚུ་ ལེན་ཚུགས་པའི་ གོ་སྐབས་རྩ་ལས་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ཤིང་བཟོ་བོ་དང་ རྩིག་བཟོ་བོ་ཚུ་ལུ་ ཉིནམ་རེ་ལུ་ གླ་ཆ་ཉུང་ཤོས་ རུ་པི་༢༥༠ དང་༣༠༠ གི་བར་ན་ བྱིན་དགོཔ་ལས་ རུ་པི་༢༠༠ གིས་ལང་མ་ཚུགས་པའི་ཁར་ ལས་མི་ལ་ལུ་ཅིག་ལུ་ ཟླཝ་༢ དང་༣ གྱི་ སྔོན་བྱིན་སྤྲོད་དགོཔ་ཐོནམ་ད་ བྱ་སྟབས་མ་བདེཝ་ཐོནམ་མས་ཟེར་ཨིན་པས།
ཁག་འབགཔ་ཅིག་གིས་ སླབ་མིའི་ནང་ དབང་འཛིན་གྱིས་ རུ་པི་ལེན་ཆོག་པའི་ གནང་བ་ཐོབ་པའི་ཤུལ་ལས་ དངུལ་ཁང་ནང་ལས་ དངུལ་བཏོན་ནིའི་དོན་ལུ་ ཇའི་སྒང་གི་ བཀྲམ་སྤེལ་བ་ཅིག་ལས་ ཅ་ཆས་ཉོ་ཡོད་པའི་ བདེན་རྟགས་ཡིག་ཆ་ལེན་ཏེ་ འོང་འབབ་དང་ཅ་དམ་ཡིག་ཚང་ལས་ གནང་བ་ལེན་པའི་སྐབས་ རུ་པི་བཏོན་ནིའི་དོན་ལུ་ ཉུང་ཤོས་ཉིན་གྲངས་༣ དང་༤ འགོརཝ་མས་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ དེ་བཟུམ་གྱི་ ལམ་ལུགས་བཟོ་མི་དེ་ རུ་པི་ལོག་སྤྱོད་འབད་མི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་ མི་གཅིག་གིས་ ཟླཝ་རེ་ལུ་ རུ་པི་༡༠,༠༠༠ ལེན་ཆོགཔ་སྦེ་ བཟོ་བའི་སྐབས་ལུ་ ཕམ་སྤུན་ཆ་དང་ ངོ་ཤེས་མི་ཚུ་གི་ ངོ་སྤྲོད་ལག་ཁྱེར་ཚུ་ ལག་ལེན་འཐབ་སྟེ་ ཚད་ལས་བརྒལ་བའི་ རུ་པི་བཏོན་པའི་ཁར་ ལ་ལུ་ཅིག་གིས་ རྒྱ་གར་གྱི་རུ་པི་༡༠༠ ལུ་ འབྲུག་པའི་ཏི་རུ་༡༥༠ རེ་འབད་ བཙོང་མི་ཡང་ ཐོན་མི་ལུ་བརྟེན་ རྒྱ་གར་གྱི་དངུལ་ བཏོན་ནིའི་ལམ་ལུགས་ སྒྲིང་སྒྲིང་བཟོ་དགོཔ་ཐོན་ཡི་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ལཱ་འབད་མི་ ལས་མི་བརྒྱ་ཆ་༩༠ དེ་ཅིག་ རྒྱ་གར་གྱི་ མི་ཁུངས་ཨིན་པའི་ཁར་ བཟོ་སྐྲུན་ཅ་ཆས་ཚུ་ཡང་ རྒྱ་གར་ལས་ ནང་འདྲེན་འབད་བའི་སྐབས་ རུ་པི་དེ་ ངེས་པར་དུ་དགོཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ དངུལ་ཁང་ཚུ་གིས་ རུ་པི་ཚད་ཅིག་ལས་བརྒལ་ མ་བྱིན་ནི་དེ་གིས་ ཁག་འབགཔ་ཚུ་ལུ་ ལས་མི་དང་ བཟོ་སྐྲུན་ཅ་ཆས་ཚུ་ མ་ལང་པའི་དཀའ་ངལ་ ཐོན་ཡོདཔ་ཨིན་པས།
ཨིན་རུང་ འཕྲམ་ཁམས་ཅིག་ཁར་ ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་གིས་ གསུངས་མི་དང་འཁྲིལཝ་ད་ རུ་པི་མ་ལང་པའི་དཀའ་ངལ་དེ་ བསལ་ཐབས་ལུ་ གཞུང་གིས་ ཕྱག་ལཱ་གནང་པའི་བསྒང་ཡོདཔ་ལས་ དཀའ་ངལ་དེ་ འཕྲལ་མགྱོགས་ར་ བསལ་ཚུགས་པའི་རེ་བ་ བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment