གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གནས་ཀྱི་མི་ཚུ་གིས་ འོང་འབབ་ལེགས་ཤོམ་བཟོ་དོ་ཡོདཔ།

ས་གནས་ཀྱི་ལས་མི་ཚུ་གི་ བཟོ་སྐྲུན་ལཱ་འབད་བའི་བསྒང་།
ལྷག་པ་ སྤྱི་ཟླ་༤ ཚེས་༡༠།  ༉ རྒྱལ་ཁབ་ནང་ རུ་པི་གི་ དཀའ་ངལ་ཐོན་མི་ལུ་བརྟེན་ འབྲུག་པའི་ཁག་འབགཔ་ཚུ་གིས་ བཟོ་སྐྲུན་ནང་ རྒྱ་གར་ལས་ ལས་མི་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ལས་ རྩི་རང་དང་ དར་དཀར་ནང་གི་ ཁག་འབགཔ་ཚུ་གིས་ ས་གནས་ཀྱི་མི་ཚུ་ ལཱ་འབད་བཅུག་དོ་ཡོདཔ་ཨིན་པས།
རུ་པི་གི་ དཀའ་ངལ་བྱུང་མི་དེ་གིས་ ཁག་འབགཔ་ཚུ་གི་ བཟོ་སྐྲུན་ལཱ་ལུ་ ཐོ་ཕོག་མ་བཅུག་ནིའི་དོན་ལུ་ ལྷོ་ཕྱོགས་རྫོང་ཁག་གི་ ཁག་འབགཔ་ཚུ་གིས་ ཐབས་ཤེས་བཏོན་ཏེ་ ས་གནས་ཀྱི་མི་ཚུ་ལུ་ ལཱ་འབད་བཅུག་དོ་ཡོདཔ་ཨིན་པས།


རྩི་རང་ལས་ སྐྱེས་ལོ་༣༢ འབད་མི་ ཁག་འབགཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ཀྱི་མི་ཚུ་ བཟོ་སྐྲུན་གྱི་ལཱ་ནང་བཙུག་ནི་དེ་ འཇམ་ཏོག་ཏོ་ཅིག་ མེད་དེ་འབད་རུང་ རུ་པི་གི་ དཀའ་ངལ་བྱུང་མི་ལུ་བརྟེན་ ཐབས་ར་མེད་པར་བཙུག་དགོ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱ་གར་གྱི་ ལས་བྱེདཔ་ཚུ་ལུ་ སྔོན་བྱིན་གྱི་དོན་ལས་ རུ་པི་སྤྲོད་མ་ཚུགས་པའི་བསྒང་ལས་ ཧེ་མ་ལས་ལཱ་འབད་མི་ ལས་བྱེདཔ་ཚུ་གིས་ཡང་ ལཱ་འབད་སྡོད་ནི་ལུ་ ཁ་བཟེད་མི་བཏུབ་པས་ཟེར་ཨིན་པས།
དེ་བཟུམ་མའི་ གནས་སྟངས་ནང་ ས་གནས་ནང་གི་མི་ཚུ་ ལཱ་ནང་བཙུགས་མི་དེ་གིས་ ལཱ་དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ ཕན་ཐོགས་ཚུགས་ནི་ཨིནམ་མ་ཚད་ ས་གནས་ཀྱི་ མི་ཚུ་གིས་ཡང་ འབབ་ཁུངས་ཐེབས་བཟོ་ནི་ལུ་ ཕན་ཐོགས་ཚུགས་ནི་མས་ཟེར་ཨིན་པས།
ད་རུང་ ཁོ་གིས་འབད་བ་ཅིན་ རྒྱ་གར་གྱི་ ལས་བྱེདཔ་དང་ཕྱདཔ་ད་ ས་གནས་ནང་གི་ ལས་བྱེདཔ་ཚུ་ལུ་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ཡང་ བཟོ་སྐྲུན་འབད་བྱིན་མི་དགོ་པས་ཟེར་ཨིནམ་ད་ དེ་འབདཝ་ད་ གླ་ཆ་གི་ཐད་ཁར་འབད་བ་ཅིན་ དུམ་གྲ་ཅིག་ མཐོ་བས་ཟེར་ཨིན་པས།
རྩི་རང་ལས་ བཟོ་སྐྲུན་ནང་ལཱ་འབད་མི་ པི་རེམ་ བཱ་སུ་གིས་ བཤད་མི་དང་འཁྲིལཝ་ད་ བཟོ་སྐྲུན་གྱི་ས་ཁོངས་ནང་ ལཱ་འབད་ནི་དེ་ དུས་རྒྱུན་གྱི་ ལཱ་བཟུམ་ཅིག་ ཡར་སོ་ཡི་ཟེར་ཨིནམ་མ་ཚད་ བཟའ་ཚང་འཚོ་སྐྱོང་འཐབ་ནིའི་དོན་ལུ་ཡང་ འབབ་ཁུངས་ཐེབས་ཅིག་འཐོབ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་ཁ་ལུ་ ལོ་ཐོག་གེ་ཟ་དང་ འབྱ་བཙུགསཔ་ད་མ་གཏོགས་ གཞན་སོ་ནམ་ལཱ་ཚུ་ག་ར་ ཨམ་སྲུ་ཚུ་གིས་ འབད་དོ་ཟེར་ཨིནམ་ད་ དེ་འབདཝ་ལས་ བཟོ་སྐྲུན་ནང་ ལཱ་འབད་ནི་དེ་གིས་ བཟའ་ཚང་འཚོ་སྐྱོང་འཐབ་ནི་ལུ་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
དར་དཀར་ནང་ལུ་ ཁག་འབག་གི་ ལཱ་འབད་སྡོད་མི་ ཤེས་རབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ཟླཝ་ནང་ ས་གནས་མི་༥༠ ཁོ་གིས་ བཟོ་སྐྲུན་གྱི་ལཱ་ནང་ བཙུགས་ཅི་ཟེར་ཨིནམ་ད་ ད་རུང་ མི་གྲངས་༤༠ དེ་ཅིག་ བཙུག་དགོཔ་ཡོད་ཟེར་ཨིན་པས།
ས་གནས་ནང་གི་ མི་སེར་ཚུ་ ལཱ་ནང་བཙུགསཔ་ད་ དཀའ་ངལ་དེ་ཡང་ ལོ་ཐོག་བཏབ་པའི་སྐབས་ མ་ཁོམས་མི་དེ་ རྐྱངམ་གཅིག་ཨིན་མས་ཟེར་ཨིན་པས།
དར་དཀར་ནང་དང་ རྩི་རང་གི་ ཕོ་སྐྱེས་མང་ཤོས་ར་ སོ་ནམ་ཞིང་ལམ་ བཟོ་སྐྲུན་གྱི་ལཱ་ འབད་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ ལས་མི་ཚུ་ལུ་ ཉིནམ་རེ་ལུ་ གླ་ཆ་དངུལ་ཀྲམ་༡༦༥ ལས་༣༦༠ གི་བར་ན་ སྤྲོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment