Pages

རྒྱ་གར་གྱི་ལས་མི་མང་སུ་ཡོད་མི་ལུ་བརྟེན་ རུ་པི་དང་ ལཱ་གཡོག་གི་དཀའ་ངལ།

༉ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ལས་གཡོག་དང་ མི་སྟོབས་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་གསལ་བཀོད་འབད་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ལས་མི་ཚུ་ལུ་ ལོ་བསྟར་གླ་ཆ་ རུ་པི་དུང་ཕྱུང་༧ དེ་རེ་ སྤྲོད་དོ་ཟེར་ཨིན་པས།


དེ་ཡང་ ལྷན་ཁག་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ འབྲུག་ལུ་ལཱ་འབད་མི་ རྒྱ་གར་གི་ ལས་མི་༧༥,༠༠༠ དང་༨༠,༠༠༠ གྱི་བར་ན་ འོང་དོ་ཡོད་མི་ལས་ མི་གྲངས་༥༣,༠༠༠ དེ་ཅིག་ ལས་མིའི་ཆོག་ཐམ་ཡོད་མི་དང་ གཞན་མི་ཚུ་ ས་མཚམས་བདའ་སྟེ་ ཆོག་ཐམ་མེད་པར་ ཉིན་བསྟར་གྱི་ལཱ་འབད་མི་ཚུ་ཨིན་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཕྱིའི་ལས་མི་ ནང་འདྲེན་གྱི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ གྱུར་བ་མེད་པར་ ཧ་ལམ་ དེ་ཅིག་གི་བར་ན་ར་ གནས་དོ་ཡོདཔ་ལས་ ལས་མི་ཚུ་ལུ་ རུ་པི་བྱིན་ནི་ལུ་ཡང་ འགྱུར་བ་མེད་པར་གནས་ནི་ཨིནམ་ལས་ ས་གནས་ཀྱི་ལས་མི་བཙུགས་ནིའི་ ཐབས་ལམ་ཚུ་བཏོན་ཐོག་ལས་ བསྒྱུར་བཅོས་འབད་མ་ཚུགས་པ་ཅིན་ དཀའ་ངལ་དེ་ འཕྲོ་མཐུན་དེ་ར་ གནས་ནི་མས་ཟེར་ཨིན་པས།
དེ་མ་ཚད་  རུ་པིའི་གནས་སྟངས་ཞིབ་དཔྱད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་གིས་ སྤྱི་ལོ་༢༠༠༢ ལས་༢༠༡༡ ཚུན་ལུ་ སྣུམ་འཁོར་ནང་འདྲེན་འཐབ་མི་ལུ་ རུ་པི་དུང་ཕྱུར་༧.༩༠ དང་ ས་སྣུམ་ནང་འདྲེན་གྱི་དོན་ལུ་ རུ་པི་དུང་ཕྱུར་༢༡.༨༤ སོང་ ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
སྙན་ཞུ་དེ་ནང་ སྤྱི་ལོ་༢༠༡༢ ཟླཝ་༢ པ་ཚུན་ལུ་ ཕྱིའི་ལས་མི་ ཡོངས་བསྡོམས་༥༡,༦༡༦ ཡོད་པའི་གྲས་ལས་༣༠,༢༤༩ དེ་ གློག་མེ་ལས་འགུལ་ཚུ་ནང་ ལཱ་འབད་དོ་ཡོདཔ་ལས་ དེ་ཚུ་དངུལ་ཕོགས་ཚུ་ ལས་འགུལ་གྱི་ མ་དངུལ་ནང་ལས་གཏང་དོ་ཡོདཔ་ལས་ ལྷག་ལུས་ལས་མི་༢༡,༣༦༧ གྱི་དོན་ལུ་ རུ་པི་ས་ཡ་༢༥༦ ཟད་འགྲོ་བཏང་ནུག་ཟེར་བཀོད་རུང་ དེ་གི་གྲངས་སུ་ ཆོག་ཐམ་འཆང་མི་ ཕྱིའི་ལས་མི་ཚུ་མ་གཏོགས་ ཆོག་ཐམ་མེད་པའི་ ས་མཚམས་བདའ་སྟེ་ ཉིན་ལཱ་འབད་མི་ཚུ་ མ་ཚུདཔ་ཨིན་པས།
ལས་གཡོག་ལྷན་ཁག་ དྲུང་ཆེན་གྱིས་འབད་བ་ཅིན་ ཤུལ་མིའི་འཆར་ལོའི་ནང་ ལཱ་གཡོག་མེད་པར་ གཡོག་འཚོལ་མི་གསརཔ་༡,༢༠,༠༠༠ འཐོན་ནི་གི་ རེ་བ་ཡོདཔ་ལས་ འབྲུག་གིས་ ཕྱིའི་ལས་མི་༨༠,༠༠༠ དེ་ཅིག་ནང་འདྲེན་འབད་མིའི་ ཚབ་ལུ་ འབྲུག་མི་གཡོག་འཚོལ་མི་ཚུ་གིས་ དང་འདོད་བསྐྱེད་དེ་འབད་བ་ཅིན་ དཀའ་ངལ་བསལ་ཚུགས་ནི་གི་གོ་སྐབས་ཡོད་རུང་ འབྲུག་མི་ཚུ་གིས་ དེ་ལུ་ དང་འདོད་ག་དེ་སྦེ་ བསྐྱེད་འོང་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁྱིམ་ཚང་རྒྱལ་ཁབ་ནང་འབད་བ་ཅིན་ རྩ་བརྟན་ལས་ ལཱ་གཡོག་གི་གོ་སྐབས་མེད་ནི་དེ་གིས་ དཀའ་ངལ་བྱུངམ་ཨིན་རུང་ འབྲུག་ལུ་ལཱ་གཡོག་འཚོལ་མི་ཚུ་གིས་ དང་འདོད་བསྐྱེད་མ་བཏུབ་མི་པས་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment