Pages

གནས་ཚུལ་མདོར་བསྡུས།

ད་ལྟོ་ བ་རཱ་ཟིལ་ལུ་ འཛམ་གླིང་སྤྱི་ཚོགས་ཡུན་བརྟན་གོང་འཕེལ་གྱི་ དབུ་ཁྲིད་ཞལ་འཛོམས་འཚོག་གནང་པའི་ བསྒང་ཡོད་མིའི་ཞོར་ཁར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གོ་སྐབས་ལེན་ཐོག་ལས་ འཛམ་གླིང་རྒྱལ་ཁབ་སོ་སོའི་དབུ་ཁྲིད་ སྲིད་འཛིན་དང་ སྲིད་བློན་ དེ་ལས་ འཐུས་མི་སྡེ་ཚན་གྱི་ འགོ་ཁྲིདཔ་གཞན་ཚུ་དང་ མཇལ་ཕྲད་གནང་སྟེ་ སྤྱི་ལོ་༢༠༡༣ ལུ་ འཛམ་གླིང་སྤྱི་ཚོགས་ ཉེན་སྲུང་ཚོགས་སྡེའི་ནང་ འབྲུག་རྒྱལ་ཁབ་འདི་ གཏན་འཇགས་མིན་པའི་ སྡོད་ཁྲི་དགོ་ནི་དང་ འབྲུག་གིས་ ཡུན་བརྟན་ཕན་བདེ་དང་ དགའ་སྐྱིད་ལུ་ གཞི་བཞག་སྟེ་ གོང་འཕེལ་གྱི་ མཚོན་དཔེ་གསརཔ་ཁ་གསལ་བཀོད་ནི་གི་ བརྩོན་ཤུགས་བསྐྱེད་མི་ལུ་ རྒྱབ་སྐྱོར་ལེན་ནིའི་དོན་ལས་ བསྐུལ་བསྒྲགས་གནང་དོ་ཡོདཔ་ད་ ཁ་ཙ་ བློན་ཆེན་གྱིས་ དབུ་ཁྲིད་ལེ་ཤ་དང་གཅིག་ཁར་ མཇལ་ཕྲད་གནང་མིའི་གྲས་ལས་ ཕིན་ལེནཌ་གི་ སྲིད་འཛིན་བགྲེསཔ་ ཏར་ཇ་ ཧ་ལོ་ནེན་ དང་ སེན་ཊཱལ་ ཨཱཕ་རི་ཀཱན་ མི་སེར་རྒྱལ་ཁབ་ཀྱི་ སྲིད་བློན་དང་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment