Pages

གནས་ཚུལ་མདོར་བསྡུས།

༦/༡༢/༢༠༡༢
དུས་ཅི་ ཨཱསི་ཊེ་ལི་ཡ་ལུ་ སློབ་གཉེར་གྲོགས་རམ་གྱི་ གོ་སྐབས་ཐོབ་མི་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ཐིམ་ཕུ་ལུ་སྦེ་ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ ཨཱསི་ཊེ་ལི་ཡ་གི་འཐུས་ཚབ་ ཌོག་ཊར་ ལ་ཅེན་ སི་ཊ་ཧེན་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ དེ་ལས་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་དང་གཅིག་ཁར་ སྔོན་འགྲོའི་ ཁ་བྲལ་གསལ་བཤད་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༤ ལས་ ཨཱསི་ཊེ་ལི་ཡ་གིས་ སྒེར་སྡེ་ཚུ་གི་དོན་ལུ་ སློབ་གཉེར་གྲོགས་རམ་ ད་ལྟོ་ བརྒྱ་ཆ་༣༠ ཨིན་མི་དེ་ བརྒྱ་ཆ་༤༠ ལུ་ ཡར་སེང་འབད་ནི་ཨིན་པས།
ཨཱསི་ཊེ་ལི་ཡ་གིས་ འབྲུག་གི་ མི་སྟོབས་གོང་འཕེལ་གཏང་ནིའི་དོན་ལུ་ སྤྱི་ལོ་༡༠༡༢-༡༣ གྱི་དོན་ལུ་ ཨཱསི་ཊེ་ལི་ཡའི་ ཌོ་ལར་ས་ཡ་༡༡ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཨཱསི་ཊེ་ལི་ཡ་གཞུང་གིས་ འབྲུག་ལུ་ གྲོགས་རམ་དང་ རྒྱབ་སྐྱོར་འབད་ནི་དེ་ སྤྱི་ལོ་༡༩༦༠ རེ་གྲངས་ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།
 

No comments:

Post a Comment