Pages

གནས་ཚུལ་མདོར་བསྡུས།

༢༢/༣/༢༠༡༣
སྤྱི་ཟླ་༣ པའི་ཚེས་༢༠ ལུ་ མོང་སྒར་རྫོང་ཁག་གིས་ གུ་རུའི་མཐོང་གྲོལ་དང་ ནང་རྟེན་རྩ་ཅན་ཚུ་ མཇལ་ཁ་གནང་པའི་ཁར་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ སློབ་ཕྲུག་ཚུ་གིས་ རང་ལུགས་ཀྱི་ ཞབས་ཁྲའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཐོག་ལས་ རྒྱལ་སྤྱི་དགའ་སྐྱིད་ཀྱི་ཉིནམ་ བརྩི་སྲུང་འབད་ཡི།
དགའ་སྐྱིད་ཀྱི་ཉིནམ་དང་འབྲེལ་ རང་ལུགས་རྩེདམོ་ མི་ཉམས་གོང་འཕེལ་ གཏང་ཐབས་ལུ་དམིགས་ཏེ་ རང་ལུགས་སྤག་ཤིང་གི་ མདའ་རྐྱབ་མི་ཚུ་གི་དོན་ལུ་ འབའ་སྐྱོར་གསརཔ་ཅིག་ཡང་ འགོ་འབྱེད་འབད་ཡི།
དེ་མ་ཚད་ ས་གནས་སྤྲའི་གླིང་འོག་ལུ་ཡོད་པའི་ སྨན་ཆུ་སྦང་མི་ཚུ་གི་དོན་ལུ་ ཁྱིམ་ཅིག་རྐྱབ་ཡོད་མི་དེ་ཡང་ སྒོ་འབྱེད་འབད་ཡོདཔ་ལས་ མོང་སྒར་གྱི་མི་སེར་ཚུ་ སེམས་དགའ་སྟེ་ ཡོད་པའི་གནས་ཚུལ།

No comments:

Post a Comment