Pages

སྟང་རྒེད་འོག་གིས་ ལེགས་སྦྱར་བ་བགྲེསཔ་ གདམ་འཐུ་འབད་ཡོདཔ།

༢༠/༠༣/༢༠༡༣  ༉ བུམ་ཐང་སྟང་རྒེད་འོག་གི་ ཚོགས་རྒྱན་བཙུགས་མི་ཚུ་བསྡོམས་ད་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཀརྨ་དབང་ཕྱུག་གིས་ ཚོགས་རྒྱན་༢༧༥ མ་གཏོགས་ ཐོབ་མ་ཚུགས་རུང་ འདེམས་ངོ་ཉི་མ་གིས་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཕུད་རྡོག་གཅིག་ལས་ར་ ཚོགས་རྒྱན་༣༡༡ ཐོབ་ལས་ རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ནུག།
གདམ་ངོ་སྦེ་ བཙག་འཐུ་གྲུབ་མི་ ཉི་མ་(གཡོན་ཁ་ཐུག)དང་ 
བཙག་འཐུ་གྲུབ་མ་ཚུགས་མི་ ཀརྨ་དབང་ཕྱུག།
དེ་ཡང་ ཁ་ཙ་ སྟང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ དོ་འགྲན་འབད་མི་ འདེམས་ངོ་༢ ཐོན་ཡོད་མི་ལས་༡ གདམ་འཐུ་འབད་ནིའི་དོན་ལུ་ བཙག་འཐུ་ཚོགས་ཆུང་གིས་ མི་སེར་ཚུ་ རྒེད་འོག་ལྟེ་བའི་ནང་ འོང་མ་དགོ་པར་ བཙག་འཐུའི་བྱ་རིམ་ཚུ་ ཚོགས་རྒྱན་ས་ཁོངས་ཁང་༤ སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྒེད་འོག་གི་ གདམ་ངོ་བཙག་འཐུ་འབད་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་པར་ མི་སེར་བསྡོམས་༨༣༤ འོང་མིའི་གྲས་ལས་ སྟང་འབྲིང་རིམ་སློབ་གྲྭ་བར་མའི་ ཚོགས་རྒྱན་ས་ཁོངས་ནང་ འདེམས་ངོ་ཀརྨ་དབང་ཕྱུག་གིས་ ཚོགས་རྒྱན་༡༤༤ དང་ ཉི་མ་གིས་ ཚོགས་རྒྱན་༣༨ ཐོབ་ཡོདཔ་ད་ ཁེངས་རབ་ཚོགས་རྒྱན་ས་ཁོངས་ནང་ མི་སེར་༣༡༡ གིས་ ཉི་མ་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ལས་ ཀརྨ་གིས་ ཚོགས་རྒྱན་༨༢ ལས་བརྒལ་ ཐོབ་མ་ཚུགས་པས།

 
དེ་ལས་ རྟ་མགྲིན་སྒང་ལུ་ ཉི་མ་གིས་ ཚོགས་རྒྱན་༩༦ དང་ ཀརྨ་གིས་༦ ཐོབ་ཡོདཔ་ད་ སྦལཔ་ཟུར་ཚོགས་རྒྱན་ས་ཁོངས་ནང་ མི་སེར་༡༡༤ གིས་ ཉི་མ་ལུ་དང་༤༣ གྱིས་ ཀརྨ་ལུ་ བཙུགས་ཡོདཔ་ལས་ ཉི་མ་གིས་ ཚོགས་རྒྱན་བསྡོམས་༦༥༩ ཐོབ་སྟེ་ རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ནུག།
རྒེད་འོག་དེ་ནང་ལས་ འདེམས་ངོ་གཉིས་ ཐོན་ཡོད་ནི་དེ་གིས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ཆ་མཉམ་ ཚོགས་རྒྱན་བཙུགས་པར་འོང་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
སྐྱེས་ལོ་༣༤ ལང་མི་ ཉི་མ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ ཨཱསི་ཊེ་ལི་ཡ་ལས་ མཐོ་རིམ་གོང་མའི་ སློབ་སྦྱོང་འབད་ཞིནམ་ལས་ ན་ཧིང་ ལོ་ཕྱེད་ཚུན་ཚོད་ སྤ་རོ་མཐོ་རིམ་ཤེས་རིག་སྤེལ་ཁང་ནང་ ལེགས་སྦྱར་བ་སྦེ་ སྡོད་ཡོདཔ་ཨིན་པས།
གདམ་ངོ་ཉི་མ་གིས་འབད་བ་ཅིན་ ཞི་གཡོགཔ་གོ་གནས་ཅན་ཚུ་ལུ་ ཉེན་སྲུང་ལྡན་པའི་ ལཱ་གཡོག་ཡོད་ནི་དེ་གིས་ བཙག་འཐུའི་བྱ་རིམ་ཚུ་ནང་ འབྲེལ་གཏོགས་མ་འབད་མི་ལུ་བརྟེན་ ཁོ་གིས་ མི་སེར་ཚུ་ལུ་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་མངམ་བྱིན་ཐབས་ལུ་ ལེགས་སྦྱར་བ་ལས་ དགོངས་ཞུ་འབད་དེ་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ སེམས་ཐག་ཆོད་ཅི་ཟེར་ཨིན་པས།
སྐྱེས་ལོ་༤༢ ལང་མི་ ཀརྨ་དབང་ཕྱུག་གིས་ རྒྱ་གར་པཱན་ཇབ་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁོ་ར་ ལོག་སྟེ་ར་ ཚོང་འབྲེལ་ནང་ འགྱོ་ནི་ཟེར་ཨིན་པས།
ད་རིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ འདེམས་ངོ་ཚེ་དབང་འགྱུར་མེད་ཀྱིས་ ཨུ་ར་རྒེད་འོག་ལས་ ཚོགས་སྡེའི་གདམ་ངོའི་དོན་ལུ་ ལོག་དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment